ཡོ་ཧ་ནན། དེབ་ཀྱི་ངོ་སྤྲོད།

དེབ་ཀྱི་ངོ་སྤྲོད།
ཡོ་ཧ་ནན་གྱི་གཏམ་བཟང་དེ་ཡེ་ཤུའི་ཉེ་གནས་ཟེ་བེ་དིའི་བི་ཛ་ཡོ་ཧ་ནན་གྱིས་བྲིས་པ་ལགས། ཡེ་ཤུའི་ཉེ་གནས་ཀྱ་གི་རི་ནས་ཡོ་ཧ་ནན་གོ་ཁོང་པ་མུ་ལ་ཉེ་ཤོས་འོད་ད་ལགས། འོ་བྱས་རེ་འདི་དེབ་དེ་ལ་ཁོས་ཡེ་ཤུའི་དམིགས་བསལ་གྱི་བསམ་བློ་དང་གསུང་བཤད་ཀྱ་བྲིས་འོད་ད་ལགས། དེ་ཚོད་གཅིག་ཀ་མིན་ད་ཁོང་པ་ཡི་གཤིས་ཀ་ག་རེ་འོད་ཀྱིན་གོ་ཁོས་གསལ་བོ་སྟོན་འོད་ད་ལགས། ཡོ་ཧ་ནན་གྱི་དེབ་དེ་གཅིག་ཀ་མིན་ད་ཡོ་ཧ་ནན་དང་པོ། གཉིས་བ། གསུམ་པ་སྨྲ་གིན་དེབ་ཀྱ་བྲིས་པ་ལགས། དེ་ནས་མཐའ་ལ་ཁོ་པ་ད་མུ་ས་གླིང་ཕྲན་དུ་བུད་དེ་བཞག་བའི་གང་ལ། མཱ་ཤི་ཀ་ནས་གསལ་སྟོན་ཐོབ་སྟེ་མངོན་པ་སྨྲ་གིན་དེབ་དེའང་བྲིས་པ་ལགས།
འདི་གཏམ་བཟང་དེ་ལ་ཡེ་ཤུ་རང་དམ་བཅའ་མཛད་ཛ་སྐྱབས་མགོན་དང་། དཀོན་མཆོག་གི་སྲས་ཡིན་གྱིན་དང་། ཁོང་ལ་དད་པ་བྱས་རེ་གཅིག་ཀ་མི་ཚེ་འཐོབ་ཡས་ཀྱི་སྐོར་ལ་བྲིས་འོད་ད་ལགས། འདི་གཏམ་བཟང་དེ་ལ་མཱ་ཤི་ཀའི་ཐུགས་ཉིད་འོ་རི་མུ་ལ་མེད་ན། འོ་རང་གིའང་བྱེད་མི་ཐུབ་ཀྱིན་གྱི་སྐོར་ལ་གསལ་བོ་སྟོན་འོད་ད་ལགས།
འདི་དེབ་དེ་ལ་མི་རིང་འགའ་ཡིས་ཁོང་པ་ལ་དད་པ་བྱས་རེ་ཁོང་པ་ཡི་ཉེ་གནས་བྱུང་བྱ་དང་། རིང་འགའ་ཡིས་དད་པ་མ་བྱས་བ་ངོ་ལོག་བྱེད་ཀྱིན། དེ་ནས་རང་ལ་ཟིམ་གྱིན་གྱི་མཚན་ལ་ཁོང་པ་ཡི་ཉེ་གནས་ཀྱ་མུ་ལ་ཐུག་འཕྲད་དང་། ཉེ་གནས་ཀྱ་ལ་གྲ་སྒྲིག་བྱེད་ཡས་ལ་སེམས་ཤུགས་ཀྱི་བཀའ་ཀྱ་གནང་གིན། དེ་ནས་ཁོང་པ་རྒྱང་ཤིང་དུ་གྲོངས་ཀྱིན་དང་། འཆི་བ་ནས་གསོན་པོ་བཞེངས་དེ་ཡང་ཉེ་གནས་ཀྱ་རྩ་རུ་མཇལ་གྱིན་གྱི་སྐོར་ལ་བྲིས་འོད་ད་ལགས།
དཀར་ཆག
ཐོག་མའི་སྐོར་ལ། ༡:༡-༡༨
ཁྲུས་གསོལ་མཁན་ཡོ་ཧ་ནན་དང་ཡེ་ཤུའི་ཉེ་གནས་ཀྱ། ༡:༡༩-༥༡
ཡེ་ཤུའི་མི་མང་ཀྱ་ཡི་གདོང་དུ་ཕྱག་ལས། ༢:༡–༡༢:༥༠
ཡེ་རུ་ཤ་ལེམ་གཡས་གཡོན་ལ་ཡེ་ཤུའི་མཐའ་མའི་ཉིན་མ་ཀྱ། ༡༣:༡–༡༩:༤༢
ཡེ་ཤུ་འཆི་བ་ནས་སླར་གསོན་པ་དང་མངོན་པ། ༢༠:༡-༣༡
ཁོང་པ་ཡང་ག་ལིལ་དུ་མཇལ་བ། ༢༡:༡-༢༥

Qaqambisa

Share

Copy

None

Ufuna ukuba iimbalasane zakho zigcinwe kuzo zonke izixhobo zakho? Bhalisela okanye ngena