Logo YouVersion
Icona Cerca

ལུ་ཀ། 17

17
སྡིག་པ་དང་། དད་པ་དང་། ལས་འགན་གྱི་སྐོར་ལ།
(མད་ཐཱ། ༡༨:༦-༧,༢༡-༢༢; མར་ཀུ། ༩:༤༢)
1ཡེ་ཤུ་ཡིས་རང་གི་ཉེ་གནས་ཀྱ་ལ་གསུངས་བ་ལགས། སྡིག་པ་བྱེད་དུ་བཅུག་གིན་སླུ་ཁྲིད་ཀྱ་འོང་གི་ལགས། ཡིན་ནའང་འོ་དེ་སླུ་མཁན་མི་དེ་མྱངས་བ་ལི། 2དེ་ཕྲུ་བ་ཅི་མེ་ཀྱ་ཅོག་རེ་ནས་གཅིག་ལ་སྡིག་པ་བྱེད་དུ་བཅུག་གིན་མིའི་མིག་པ་ལ་འཐག་གི་རྡོ་གོང་ཆེ་གཅིག་བཏགས་ཏེ་རྒྱ་མཚོའི་ནང་དུ་གཡུགས་ན་དགའ་གུ་ལགས། 3འོ་བྱས་རེ་ཁྱེད་ཀྱ་སྤྱང་རྫེ་བྱེད། ཁྱོའི་ནུ་བོ་ཡིས་སྡིག་པ་བྱེད་ན། ཁོ་ལ་ཨང་ཇི་གཏོང་། དེ་ནས་ཁོས་སྡིག་པ་སྤངས་རེ་སེམས་བསྒྱུར་ན། ཁོ་ལ་དགོངས་ཡངས་སྟེར། 4དེ་ནས་ཉིན་མ་གཅིག་ལ་ཁྱོའི་ནུ་བོ་ཡིས་ཁྱོད་ལ་ཐེངས་མ་བདུན་སྡིག་པ་བྱེད་ནའང་། ཁོ་ཐེངས་མ་བདུན་རང་ཁྱོའི་རྩ་རུ་འོངས་རེ། ང་ང་རི་སྡིག་པ་སྤངས་རེ་སེམས་སྒྱུར་བ་བཏང་ཡས་ཡིན་སྨྲས་རེ་སྨྲ་ན། ཁྱོས་ཁོ་ལ་དགོངས་ཡངས་སྟེར།
5དེ་ནས་སྐུ་ཚབ་ཀྱ་ཡིས་གཙོ་བོ་ལ་ཞུས་བ་ལགས། འི་ཀིས་དད་པ་དེ་འཕེལ་རུ་བཅུག་བ་མཛད།
6དེ་ནས་གཙོ་བོ་ཡིས་གསུངས་བ་ལགས། ཁྱེད་ཀྱ་ལ་ཚུག་གི་འབྲས་བུ་ཚད་དད་པ་ཏི་ཏེ་གཅིག་འོད་ན། ཁྱེད་ཀྱ་ཡིས་འདི་འོ་སེའི་སྡོང་པོ་ལ་ཁྱེད་རི་རྩ་བ་ནས་འགོག་སྟེ། རྒྱ་མཚོ་ནང་དུ་ཚུགས་སྨྲས་རེ་སྨྲ་ན་འོ་དེ་ཡིས་ཁྱོའི་ཁ་ལ་ཉན་གྱི་ལགས།
7ཁྱེད་ཀྱ་ནས་མི་གཅིག་ལ་གཡོག་པོ་གཅིག་འོད་ན། དེ་ནས་འོ་དེ་གཡོག་པོ་གོ་ཞིང་རྨོས་རེ་འོངས་ན། ཡང་ན་ལུག་འཚོས་རེ་ཁྱིམ་ལ་འོངས་ན། ཁོས་ཁོ་ལ་ལམ་སང་ཟ་མ་ཟ་ཡས་ལ་སྡོད་སྨྲས་རེ་སྨྲ་གི་ལགས་སེ། 8ཁོས་འོ་དེ་གཡོག་པོ་ལ་དེ་རེ་སྨྲ་གི་མ་ལེ། ངའི་ཟ་མ་གྲ་སྒྲིག་བྱེད། དེ་ནས་གོས་ལག་བརྗེས་རེ་ངས་ཟ་འཐུང་མ་ཚར་ཐུག་པའི་ངའི་ཞབས་ཕྱི་ཞུས། འོ་དེ་གཤམ་ནས་ཁྱོད་ཟོ་འཐུང་བྱེད། 9ཁོས་བཀའ་གནང་གིན་ཅོག་རེ་འོ་དེ་གཡོག་པོ་ཡིས་བྱེད་ན། ཁོས་ཁོ་ལ་འོར་ཆེ་སྨྲ་གི་ལགས་སེ། 10དེ་རེ་བྱས་རེ་རང་ཁྱེད་ཀྱ་ལ་བཀའ་གནང་ན་ལས་ཀ་གི་རི་བྱས་ཚར་ཏེ་ཁྱེད་ཀྱ་ཡིས་འང་དེ་རེ་སྨྲོས། འེ་ཀྱ་ཕན་མེད་ཐོགས་ཀྱིན་གཡོག་པོ་ཀྱ་ཡིན། འེ་ཀྱ་ཡིས་འི་ཀིས་བྱེད་དགོས་ཀྱིན་ལས་འགན་གོ་གཅིག་ཀ་བྱས་བ་ལགས།
མཛེ་ནད་མི་བཅུ།
11ཡེ་ཤུ་ས་མར་ཡཱ་དང་ག་ལིལ་གྱི་གུང་ནས་བྱུང་རེ་ཡེ་རུ་ཤ་ལེམ་ཕྱོགས་ལ་ཕེབས་བའི་འོད་ད་ལགས། 12དེ་ནས་ཁོང་པ་ཡུལ་གཅིག་ལ་ཕེབས་བའི་གང་ལ་མཛེ་ནད་མི་བཅུ་རྒྱང་ནས་ལངས་རེ་བསྡད་ཀྱིན་ཐུག་པ་ལགས། 13ཁོང་ཀྱ་ཡིས་སྐད་བརྒྱབ་སྟེ་སྨྲས་བ་ལགས། གཙོ་བོ་ཡེ་ཤུ་ལགས། འེ་ཀྱ་ལ་སྙིང་རྗེ་གཟིགས་རོགས་གནང་།
14ཁོང་པ་ཡིས་འོ་དེ་ཀྱ་ལ་གཟིགས་ཏེ་གསུངས་བ་ལགས། སོང་། དེ་ནས་རང་ལ་མཆོད་དཔོན་ཀྱ་རྩ་རུ་སྟོན།#ལུ་ཀ། ༥:༡༢; ལེ་ཝི། ༡༤:༡-༣༢ དེ་ནས་འོ་དེ་ཀྱ་འགྲོའི་གང་ལ་རང་ཁོང་ཀྱ་ཡི་མཛེ་ནད་གོ་དག་པ་ལགས། 15འོ་དེ་ཀྱ་ནས་མི་གཅིག་གིས་རང་དྲག་དྲ་གོ་མཐོང་རེ་སྐད་ཆེ་ལ་དཀོན་མཆོག་གི་བསྟོད་སྒྲ་བཏང་བའི་བཏང་བའི་རྒྱབ་ལོག་སྟེ་འོངས་བ་ལགས། 16དེ་ནས་ཡེ་ཤུའི་ཞབས་ལ་ཕྱག་འཚལ་རེ་ཁོས་ཡེ་ཤུ་ལ་ཐུགས་རྗེ་ཆེ་ཞུས་བ་ལགས། ད་ཁོ་ས་མར་ཡཱ་པ་གཅིག་ལགས།
17དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། མི་བཅུ་རང་དྲག་པ་མ་ལེ། གཞན་མ་མི་དགུ་གོ་ག་ན། 18ཕི་དི་མི་དེ་མ་ན་ལོག་སྟེ་འོངས་རེ་དཀོན་མཆོག་ལ་བསྟོད་སྒྲ་འབུལ་གྱིན་གཞན་མ་སུའང་མ་བྱུང་བ་ལེ། 19དེ་ནས་ཁོང་པ་ཡིས་ཁོ་ལ་གསུངས་བ་ལགས། ལོངས། དེ་ནས་སོང་། ཁྱོད་རི་དད་པ་ཡིས་ཁྱོད་ལ་བཅོས་ག་བྱས་བ་ལགས།
དཀོན་མཆོག་གི་རྒྱལ་སྲིད།
(མད་ཐཱ། ༢༤:༢༣-༢༨,༣༧-༤༡)
20ད་དཀོན་མཆོག་གི་རྒྱལ་སྲིད་ནམ་ཕེབས་ཀྱི་ལགས་སྨྲས་རེ་ཕཱ་རུ་ཤི་པ་ཀྱ་ཡིས་དྲིས་རེ་ཡེ་ཤུ་ཡིས་ལན་དེ་གསུངས་བ་ལགས། དཀོན་མཆོག་གི་རྒྱལ་སྲིད་ནི་མིག་གིས་མཐོང་ཐུབ་ཡས་ཡིན་གྱིན་བྱས་རེ་ཕེབས་ཀྱི་མ་ལགས། 21ཡང་མི་སུས་འང་དཀོན་མཆོག་གི་རྒྱལ་སྲིད་དུ་རུ་འདུག། ཡང་ན་འོ་རུ་འདུག་སྨྲས་རེ་སྨྲ་ཐུབ་ཀྱི་མ་ལགས། གི་བྱས་རེ་སྨྲ་ན་དཀོན་མཆོག་གི་རྒྱལ་སྲིད་ནི་ཁྱེད་ཀྱ་ཡི་ཁོག་ཏུ་རང་འོད་ད་ལགས།
22ཁོང་པ་ཡིས་ཉེ་གནས་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ཡིས་མིའི་བུའི་ཉིན་མ་ཀྱ་ནས་གཅིག་མཐོང་ཡས་ཀྱི་འདོད་པ་བྱེད་ཀྱིན་དུས་ཚོད་གོ་འོང་བའི་འོད་ད་ལགས། ཡིན་ནའང་ཁྱིད་ཀྱི་མཐོང་གི་མ་ལགས། 23མི་ཀྱ་ཡིས་ཁྱེད་ཀྱ་ལ་ལྟོས་དང་། ཁོང་པ་དུ་རུ་འདུག། ཡང་ན་འོ་རུ་འདུག་སྨྲས་རེ་སྨྲ་གི་ལགས། ཁྱེད་ཀྱ་ཕི་ལ་མ་འགྲོ། དེ་ནས་ཁོང་ཀྱ་ཡི་གཤམ་ལ་མ་འབྲང་། 24གི་བྱས་རེ་སྨྲ་ན་གནམ་ལ་གློག་མར་འཁྱུག་སྟེ་གནམ་གྱི་ཕྱོགས་གཅིག་ནས་ཕྱོགས་གཞན་མ་ཐུག་པའི་ཕྲ་ཆག་བའི་བཟོ་གིན་ཅོག་རེ། མིའི་བུ་ཕེབས་ཀྱིན་དུས་ལ་དེ་རེ་རང་འབྱུང་གི་ལགས། 25ཡིན་ནའང་དང་པོ་ཁོའི་སྡུག་པོ་མང་ང་མྱངས་དགོས་གུ་ལགས། དེ་ནས་དེ་མི་རབས་ཀྱི་ཁོ་ལ་སྤངས་ཀྱི་ལགས། 26ནོ་ཨའི་དུས་ཚོད་ལ་བྱུང་བྱ་ཅོག་རེ་མིའི་བུའི་དུས་ཚོད་ལའང་འོ་དེ་རེ་རང་འབྱུང་གི་ལགས། 27ནོ་ཨ་གྲུའི་ནང་དུ་འཛུལ་རེ་ཆུ་ལོག་འོངས་རེ་གི་རི་ལ་མེད་ད་ལ་བཏང་གིན་ཉིན་མོ་ཐུག་པའི་མི་ཀྱ་ཟ་འཐུང་དང་། མནའ་མ་ལེན་ཡས་དང་མནའ་མ་ལ་སྟེར་ཡས་བྱས་རེ་བསྡད་པ་ལགས། 28ལོད་ཀྱི་དུས་ཚོད་ལ་དེ་རེ་རང་བྱུང་བ་ལགས། མི་ཀྱ་ཟ་འཐུང་། དེ་ནས་ཉོ་བཙོངས། དེ་ནས་ཞིང་བཏབ་ཡས་དང་། ཁང་པ་རྩིག་སྟེ་བསྡད་པ་ལགས། 29ཡིན་ནའང་ལོད་སཱ་དོམ་ནས་ཐོན་ཏེ་འགྲོ་གིན་ཉིན་མ་གོ་ལ་ནམ་མཁའི་ཞིང་ཁམས་ནས་མེ་དང་མུ་ཟི་བབས་ཏེ་ཁོང་ཀྱ་གི་རི་ལ་མེད་ད་ལ་བཏང་བ་ལགས། 30ད་མིའི་བུ་མངོན་དུ་མཛད་ཀྱིན་ཉིན་མ་གོ་ལ་དེ་རེ་རང་འབྱུང་གི་ལགས།
31འོ་དེ་ཉིན་མ་ལ་ཁང་པའི་སྟང་ལ་འོད་མཁན་མི་ཁོ་རི་ཅ་ལག་ཀྱ་ནང་དུ་རང་འོད་ན། ཁོ་འོ་དེ་ལེན་དུ་མ་ལ་མ་བབ་བར་ཤོག། འོ་བྱས་རེ་རང་ཞིང་ལ་འོད་མཁན་ཀྱ་ནང་ལ་ལོག་སྟེ་མ་ཡོང་བར་ཤོག། 32ལོད་ཀྱི་སྐྱེས་དམན་ལ་དྲན་གསོ་བྱེད།#༡༧:༣༢ མོས་དཀོན་མཆོག་གི་བཀའ་ལ་མ་བརྩིས་བ་མོ་ཚྭའི་དོབ་དོབ་བྱུང་བ་ལགས། དེ་བཀོད་པ་ ༡༩:༢༦ ལ་འོད་ད་ལགས། 33རང་གི་སྲོག་སྐྱོབ་ཀྱིན་གྱིས་འོ་དེ་བརླག་གི་ལགས། ཡིན་ནའང་རང་གི་སྲོག་བརླག་གིན་གྱིས་འོ་དེ་སྐྱོབ་ཀྱི་ལགས། 34ང་ཁྱེད་ཀྱ་ལ་སྨྲ་ཡིན། འོ་དེ་མཚན་མོ་ཉལ་ཁྲི་གཅིག་ལ་མི་གཉིས་འོང་གི་ལགས། དེ་ནས་གཅིག་ལ་འཁྱེར་གྱི་ལགས། དེ་ནས་གཞན་མ་གོ་ལ་འབོར་གྱི་ལགས། 35སྐྱེས་དམན་གཉིས་མུ་ལ་འཐག་བའི་བསྡད་དེ་གང་ལ་གཅིག་ལ་འཁྱེར་གྱི་ལགས། དེ་ནས་གཞན་མ་གོ་ལ་འབོར་གྱི་ལགས། 36མི་གཉིས་ཞིང་ལ་འོང་གི་ལགས། གཅིག་ལ་འཁྱེར་གྱི་ལགས། དེ་ནས་གཞན་མ་གོ་ལ་འབོར་གྱི་ལགས།
37དེ་ནས་ཉེ་གནས་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། གཙོ་བོ། དེ་ག་རུ་འབྱུང་གི་ལེ།
ཁོང་པ་ཡིས་དེ་ཀྱ་ལ་གསུངས་བ་ལགས། རོ་འོད་ས་རུ་བྱ་རྒོད་ཀྱ་འཁོར་གྱི་ལགས།།

Attualmente Selezionati:

ལུ་ཀ། 17: LOY

Evidenziazioni

Condividi

Copia

None

Vuoi avere le tue evidenziazioni salvate su tutti i tuoi dispositivi?Iscriviti o accedi