Logo YouVersion
Icona Cerca

ལུ་ཀ། 16

16
གཉེར་པ་གཅིག་གི་དཔེ།
1ཡེ་ཤུ་ཡིས་རང་གི་ཉེ་གནས་ཀྱ་ལ་གསུངས་བ་ལགས། མི་ཕྱུག་པོ་གཅིག་ལ་གཉེར་པ་གཅིག་འོད་ད་ལགས། ཁོའི་རྒྱུ་ནོར་གོ་གཉེར་པ་ཡིས་ཡ་རེ་བསྡད་ཀྱིན་གོ་མི་ཀྱ་ཡིས་ཁོ་ལ་བཤད་པ་ལགས། 2དེ་ནས་ཁོས་གཉེར་པ་གོ་ལ་བོས་རེ་སྨྲས་བ་ལགས། ཁྱོའི་སྐོར་ལ་ངས་གོ་གིན་དེ་གི་ལེ། ཁྱོས་ལས་ཀ་བྱས་བྱའི་རྩི་གོ་ང་ལ་སྟེར། གི་བྱས་རེ་སྨྲ་ན་དི་རིང་ནས་ཧ་ལ་ཁྱོད་ངའི་གཉེར་པ་འབྱུང་གུ་མ་ལགས། 3དེ་ནས་གཉེར་པ་ཡིས་བསམ་བློ་བཏང་བ་ལགས། ད་ང་གི་བྱེད་ཡས། གི་བྱས་རེ་སྨྲ་ན་ངའི་བདག་པོ་ཡིས་ང་ལ་འདི་ལས་ཀ་ནས་བུད་དེ་བརྫངས་ཡས་བྱེད་འདིག། ས་སློག་ཡས་ལ་ང་ལ་ཨང་བུ་མེད། དེ་ནས་སློང་མོ་བསླངས་ཡས་ལ་ང་ངོ་ཚའི། 4ད་ང་ལ་དེ་ལས་ཀ་ནས་བུད་དེ་བརྫངས་ན་མི་ཀྱ་ཡིས་ང་ལ་ཁོ་རི་ནང་དུ་བསུ་ཡས་ལ་ངས་གི་བྱེད་དགོས་གུ་ལེ་སྨྲས་རེ་ངས་བསམ་བློ་བཏང་ས་འོད། 5དེ་ནས་ཁོས་ཁོ་རི་བདག་པོའི་བུ་ལོན་པ་རེ་རེ་ལ་བོས་རེ་དང་པོ་གོ་ལ་སྨྲས་བ་ལགས། ཁྱོས་ངའི་བདག་པོ་ལ་བུ་ལོན་ག་ཚོད་ཇང་དགོས་ཡས་འོད་དོ། 6ཁོས་སྨྲས་བ་ལགས། མུ་གུ་རྫ་མ་བརྒྱའི་བུ་ལོན་འོད། དེ་ནས་ཁོས་སྨྲས་བ་ལགས། ཁྱོས་རྩི་བཞག་གིན་དེབ་ལེན། དེ་ནས་མགྱོགས་སེ་བསྡད་དེ་རྫ་མ་ལྔ་བཅུ་བྲིས། 7དེ་ནས་གཞན་མ་གོ་ལ་སྨྲས་བ་ལགས། ཁྱོའི་བུ་ལོན་ག་ཚོད་འོད་དོ། ཁོས་སྨྲས་བ་ལགས། གྲོ་བོང་རེ་བརྒྱ་འོད། གཉེར་པ་ཡིས་སྨྲས་བ་ལགས། ཁྱོས་རྩི་བཞག་གིན་དེབ་ལེན། དེ་ནས་བོང་རེ་བརྒྱད་བཅུ་བྲིས། 8ད་བདག་པོ་ཡིས་འོ་དེ་གཉེར་པ་མེད་དྲང་ང་ལ་རང་གི་ཕྱིར་ལ་དེ་རེ་སྤྱང་གྱུ་བྱེད་ཀྱིན་གོ་ལ་བསྟོད་སྒྲ་བཏང་བ་ལགས། གི་བྱས་རེ་སྨྲ་ན་འདི་འཇིག་རྟེན་གྱི་མི་ཀྱ་རང་གི་ཅོག་རེ་ཀྱ་མུ་ལ་སྤྱང་གྱུ་བྱེད་ཡས་ལ་འོད་ཀྱི་ཕྲུ་བ་ཀྱ་ནས་མཁས་བ་འོད་ད་ལགས། 9ང་ཁྱེད་ཀྱ་ལ་སྨྲ་ཡིན་ཁྱོད་རི་ཕྱིར་ལ་འཇིག་རྟེན་གྱི་རྒྱུ་ནོར་བེད་སྤྱོད་བྱས་རེ་རོགས་བ་ཀྱ་བཟོས། དེ་ནས་འོ་དེ་རྒྱུ་ཀྱ་རྫོགས་ཚར་ན་ཁོང་ཀྱ་ཡིས་ཁྱོད་ལ་མཐའ་མེད་ཀྱིན་གནས་ས་ལ་བསུ་གི་ལགས།
10དོན་ཉུང་ང་ལ་དྲང་ང་འོད་ཀྱིན་གོ་ནི་མང་ང་ལའང་དྲང་ང་འོང་ང་ལགས། དེ་ནས་དོན་ཉུང་ང་ལ་མེད་དྲང་ང་འོད་ཀྱིན་གོ་མང་ང་ལའང་མེད་དྲང་ང་འོང་ང་ལགས། 11འོ་བྱས་རེ་ཁྱེད་ཀྱ་འཇིག་རྟེན་གྱི་རྒྱུ་ལ་མེད་དྲང་ང་འོད་ན། ཁྱེད་ཀྱ་ལ་རྒྱུ་ནོར་དངོས་གནས་ཀྱི་དབང་ཆ་སུས་སྟེར་གྱི་ལགས་སེ། 12དེ་ནས་ཁྱེད་ཀྱ་མི་གཞན་མའི་རྒྱུ་ལ་དྲང་པོ་མ་བྱས་འོད་ན། ཁྱེད་ཀྱ་ལ་རང་གི་རྒྱུ་སུས་སྟེར་གྱི་ལགས་སེ།
13གཡོག་པོ་གཅིག་གི་བདག་པོ་གཉིས་ལ་ཞབས་ཏོག་འབུལ་མི་ཐུབ་བ་ལགས། གི་བྱས་རེ་སྨྲ་ན་ཁོས་ཡང་ན་གཅིག་ལ་མེད་འཐད་ད་བྱས་རེ་གཞན་མ་གོ་ལ་བརྩེ་བ་བྱེད་ཀྱི་ལགས། ཡང་ན་གཅིག་ལ་བརྩིས་རེ་གཞན་མ་གོ་ལ་ཡ་མེད་བཏང་གི་ལགས། ཁྱེད་ཀྱ་དཀོན་མཆོག་དང་རྒྱུ་ནོར་གཉིས་ཀ་ར་ཡི་ཞབས་ཏོག་འབུལ་མི་ཐུབ་ཀྱི་ལགས།
14ད་རྒྱུ་ནོར་ལ་སེམས་ཆགས་ཀྱིན་ཕཱ་རུ་ཤི་པ་ཀྱ་ཡིས་དེ་གི་རི་གོ་སྟེ་ཁོང་པ་ལ་སྨད་ཇུ་བཏང་བ་ལགས། 15ཁོང་པ་ཡིས་འོ་དེ་ཀྱ་ལ་གསུངས་བ་ལགས། མི་ཀྱ་ཡི་གདོང་དུ་རང་ལ་དྲང་པོ་སྟོན་གྱིན་གོ་ཁྱེད་རང་ཀྱ་རང་ལགས། ཡིན་ནའང་དཀོན་མཆོག་གིས་ཁྱིད་ཀྱི་སེམས་མཁྱེན་ད་ལགས། མི་ཀྱ་ཡི་གདོང་དུ་མཐོ་བ་རྩི་གིན་གོ་དཀོན་མཆོག་གིས་གཟིགས་སྟངས་ལ་ཨམ་ལོག་བ་འོང་ང་ལགས།
ཡེ་ཤུའི་བཀའ་སློབ་གཞན་མ་ཀྱ།
16ཆོས་ཁྲིམས་དང་མངོན་ཤེས་མཁན་ཀྱ་ཡོ་ཧ་ནན་གྱི་དུས་ཐུག་པའི་གཅིག་ཀ་གསལ་བསྒྲགས་བྱས་བ་ལགས། དེ་ནས་འོ་དེ་དུས་ཚོད་ནས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་གཏམ་བཟང་གོ་གསལ་བསྒྲགས་བྱས་འོད་ད་ལགས། དེ་ནས་མི་གི་རི་འོ་དེ་ནང་དུ་འཛུལ་ཡས་ལ་ཚང་ག་བརྒྱབ་བ་ལགས། 17གནམ་དང་ས་གཉིས་ཡལ་རེ་འགྲོ་གི་ལགས། ཡིན་ནའང་ཆོས་ཁྲིམས་ཀྱི་ཚིག་གཅིག་འང་ཡལ་གྱི་མ་ལགས། 18ཁོ་རི་སྐྱེས་དམན་ལ་བོར་ཏེ་གཞན་མ་མུ་ལ་མནའ་མ་ལེན་ན། འོ་དེ་ཡིས་ལོག་གཡེམ་བྱེད་ད་ལགས། དེ་ནས་རང་གི་ཁྱོ་ག་ནས་ཁ་བྲལ་གྱིན་སྐྱེས་དམན་མུ་ལ་མནའ་མ་ལེན་གྱིན་མི་ཡིས་འང་ལོག་གཡེམ་བྱེད་ད་ལགས།
མི་ཕྱུག་པོ་དང་ལཱ་ཟར།
19ཡང་ཡེ་ཤུ་ཡིས་གསུངས་བ་ལགས། ཞག་མོ་གྲང་བའི་སྐྱིད་པོ་བཏང་རེ་གོས་ཆེན་དང་ཐེར་མའི་གོས་གོན་གྱིན་མི་ཕྱུག་པོ་གཅིག་འོད་ད་ལགས། 20དེ་ནས་རྨ་ཡིས་བཏུམས་ཏ་ལཱ་ཟར་སྨྲ་གིན་མི་དབུལ་སྤྲེ་གཅིག་ཁོའི་སྒོ་རྩ་རུ་བཞག་བ་ལགས། 21འོ་དེ་ཕྱུག་པོ་མིའི་གསོལ་ཅོག་ནས་ལྷིམ་ལ་ཟ་མ་ཀྱ་ཟ་ཡས་ལ་ཁོ་རེ་བ་བྱེད་ད་ལགས། དེ་ནས་ཁྱི་ཀྱ་འོངས་རེ་ཁོའི་རྨ་ཀྱ་བལྡགས་བ་ལགས།
22དེ་ནས་དབུལ་སྤྲེ་མི་གོ་ཤི་བ་ལགས། དེ་ནས་ནམ་མཁའི་བང་ཆེན་ཀྱ་ཡིས་ཁོ་ལ་ཁྱེར་ཏེ་ཨབ་ར་ཧམ་གྱི་བོ་ལོག་ཏུ་བཞག་པ་ལགས། དེ་ནས་འོ་དེ་ཕྱུག་པོ་མི་གོ་བ་ཤི་རེ་རོ་གོ་ས་འོག་ལ་སྦས་བ་ལགས། 23དེ་ནས་དམྱལ་བ་དུ་སླེབས་ཏེ་དམི་ཅིག་གི་སྡུག་པོ་རག་བའི་གང་ལ་ཁོས་སྟོད་ལ་བལྟས་བ་ལགས། དེ་ནས་ཐག་རིང་ང་དུ་ཨབ་ར་ཧམ་མུ་ལ་ལཱ་ཟར་ལ་མཐོང་བ་ལགས། 24དེ་ནས་ཕྱུག་པོ་མི་ཡིས་ཕེ་ར་བརྒྱབ་སྟེ་སྨྲས་བ་ལགས། ཡབ་ཨབ་ར་ཧམ། ང་ལ་སྙིང་རྗེ་མཛད་དེ་ལཱ་ཟར་ལ་བརྫངས་རོགས་གནང་། དེ་ནས་ཁོས་ཁོ་རི་མཛུབ་གོ་ཆུ་ལ་བཅུག་སྟེ་ངའི་ལྕེ་མོ་བསིལ་སང་བའི་མཛད་དུ་བཅུག་རོགས་གནང་། གི་བྱས་རེ་སྨྲ་ན་ང་ལ་མེ་ལྕེ་འདིའི་ནང་ལ་དམི་ཅིག་གི་སྡུག་པོ་ཆེ་འདུག། 25ཡིན་ནའང་ཨབ་ར་ཧམ་གྱིས་གསུངས་བ་ལགས། བི་ཛ་བོ། ཁྱོད་གསོན་པོ་འོད་དེ་གང་ལ་བཟང་ང་ཐོབ་ཀྱིན་དང་ལཱ་ཟར་ལ་སྡུག་པོ་ཐོབ་ཀྱིན་གོ་དྲན་གསོ་བྱེད། ཡིན་ནའང་ད་ལྟ་ཁོ་ལ་དུ་རུ་སྐྱིད་པོ་འདུག། དེ་ནས་ཁྱོད་ལ་སྡུག་པོ་འདུག། 26འོ་དེ་གཅིག་ཀ་མིན་ད། དེ་ནས་སུའང་ཁྱོད་རྩ་རུ་འགྲོ་མི་ཐུབ་ཡས་དང་། འོ་དེ་ནས་འི་ཀི་རྩ་རུ་སུའང་འོང་མི་ཐུབ་ཡས་ལ་ཁྱོད་དང་འེ་ཀྱ་ཡི་གུང་དུ་དམི་ཅིག་གི་ཆེ་དོང་དོང་འོད་ད་ལགས། 27དེ་ནས་ཁོས་སྨྲས་བ་ལགས། ཡབ། དེ་རེ་ཡིན་ན། ང་ཁྱེད་རང་ལ་ཞུ་བ་འབུལ་ལ་ཡིན། ཁྱེད་རང་གི་ལཱ་ཟར་ལ་ངའི་ཨ་རྒས་ཀྱི་ཁང་པ་ལ་བརྫངས་རོགས་གནང་། 28གི་བྱས་རེ་སྨྲ་ན་ང་ལ་སྤུན་ལྔ་འོད། དེ་ནས་ཁོང་ཀྱ་ལ་བརྡ་བཏང་དུ་བཏང་ང་མཛད། མིན་ན་ཁོང་ཀྱའང་དེ་སྡུག་པོ་རག་གིན་དམྱལ་བ་ལ་སླེབ་གྲོ།
29ཡིན་ནའང་ཨབ་ར་ཧམ་གྱིས་གསུངས་བ་ལགས། ཁོང་ཀྱ་ཡི་མུ་ལ་མོ་ཤེ་དང་མངོན་ཤེས་མཁན་ཀྱ་ཡིས་བྲིས་བྲ་དེབ་ཀྱ་འོད་ད་ལགས། ཁོང་ཀྱ་ཡིས་འོ་དེ་ཉན་ད་ཤོག། 30ཁོས་སྨྲས་བ་ལགས། མ་ལགས། ཡབ་ཨབ་ར་ཧམ། གཤིན་པོ་ཀྱ་ནས་གཅིག་ཁོང་ཀྱ་རྩ་རུ་འགྲོ་ན། ཁོང་ཀྱ་ཡིས་ཁོ་རི་སྡིག་པ་སྤངས་རེ་སེམས་བསྒྱུར་གྱི་ལགས། 31ཨབ་ར་ཧམ་གྱིས་ཁོ་ལ་གསུངས་བ་ལགས། མོ་ཤེ་དང་མངོན་ཤེས་མཁན་ཀྱ་ཡི་གསུང་ལ་ཁོང་ཀྱ་ཡིས་མེད་མཉན་ན། གཤིན་པོ་ཀྱ་ནས་གཅིག་གསོན་ཏེ་འགྲོ་ནའང་ཁོང་ཀྱ་ཡིས་ཡིད་ཆེས་མི་བྱེད་ཀྱི་ལགས།།

Attualmente Selezionati:

ལུ་ཀ། 16: LOY

Evidenziazioni

Condividi

Copia

None

Vuoi avere le tue evidenziazioni salvate su tutti i tuoi dispositivi?Iscriviti o accedi