ལུ་ཀ། 15
15
ལུག་སྟོར་ཏ་གཅིག་གི་དཔེ།
(མད་ཐཱ། ༡༨:༡༢-༡༤)
1ད་ཁྲལ་སྡུད་མཁན་ཀྱ་དང་སྡིག་ཅན་ཀྱ་གི་རི་ཡེ་ཤུའི་བཀའ་ལ་ཉན་ཡས་ལ་ཁོང་པའི་དྲུང་དུ་འོངས་བ་ལགས། 2དེ་ནས་ཕཱ་རུ་ཤི་པ་ཀྱ་དང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཕག་སྡུང་དུང་རེ་སྨྲས་བ་ལགས། འདི་མི་དེ་སྡིག་ཅན་ཀྱ་ལ་བསུས་རེ་ཁོང་ཀྱ་མུ་ལ་ཟ་མ་ཟའི།
3འོ་བྱས་རེ་ཁོང་པ་ཡིས་ཁོང་ཀྱ་ལ་དཔེ་དེ་གསུངས་བ་ལགས། 4ཁྱེད་ཀྱ་ནས་མི་གཅིག་གིས་ལུག་བརྒྱ་ནས་གཅིག་སྟོར་ན། འོ་དེ་ལུག་དགུ་བཅུ་གོ་དགུ་གོ་ལ་སྤང་ཁ་རུ་བོར་ཏེ་འོ་དེ་ལུག་སྟོར་ཏ་གོ་མ་རྙེད་ཀྱིན་ཐུག་པའི་ཁོ་འོ་དེ་ལ་བཙལ་རུ་འགྲོ་གུ་མ་ལགས་སེ། 5དེ་ནས་འོ་དེ་གོ་རྙེད་དེ་གཤམ་ལ་ཁོ་ཉམ་མོ་དགྱེས་རེ་འོ་དེ་ལ་ཁོ་རི་ཕྲག་པ་ཁར་ལ་ཁུར་གྱི་ལགས། 6དེ་ནས་ནང་ལ་འོངས་རེ་ཁོས་ཁོ་རི་རོགས་བ་ཀྱ་དང་ཁྱིམ་མཚེས་ཀྱ་ལ་བོས་རེ་ཁོང་ཀྱ་ལ་སྨྲ་གི་ལགས། ངའི་མུ་ལ་དགའ་སྤྲོ་བྱེད། གི་བྱས་རེ་སྨྲ་ན་ངའི་ལུག་སྟོར་ཏ་གོ་རྙེད་སོང་། 7ང་ཁྱེད་ཀྱ་ལ་སྨྲ་ཡིན། དེ་རེ་བྱས་རེ་རང་སྡིག་པ་སྤངས་རེ་སེམས་སྒྱུར་མེད་དགོས་ཀྱིན་མི་དྲང་པོ་དགུ་བཅུ་གོ་དགུ་ཀྱ་ནས་ལྷག། སྡིག་པ་སྤངས་རེ་སེམས་བསྒྱུར་གྱིན་མི་སྡིག་ཅན་གཅིག་གི་ཕྱིར་ལ་ནམ་མཁའི་ཞིང་ཁམས་དུ་མང་ང་ཉམ་མོ་དགའ་འབྱུང་གི་ལགས།
སྟོར་ཏ་ཊམ་ཀ་གཅིག་གི་དཔེ།
8ཡང་ན་སྐྱེས་དམན་གཅིག་ལ་དངུལ་གྱི་ཊམ་ཀ་བཅུ་འོད་ད་ལགས། དེ་ནས་གཅིག་སྟོར་ན་མོས་ཀྱུང་སྤར་ཏེ་འོ་དེ་མ་རྙེད་ཀྱིན་ཐུག་པའི། ཁྱིམ་ཕྱག་བའི་ཕྱག་བའི་དཀའ་ལས་བརྒྱབ་སྟེ་ཡངས་ཀྱི་མ་ལགས་སེ། 9འོ་དེ་རྙེད་ན་མོས་མོ་རི་ཨ་ཟླ་ཀྱ་དང་ཁྱིམ་མཚེས་ཀྱ་ལ་བོས་རེ་སྨྲ་གི་ལགས། ངའི་མུ་ལ་དགའ་སྤྲོ་བྱེད། གི་བྱས་རེ་སྨྲ་ན་ངའི་ཊམ་ཀ་སྟོར་ཏ་གོ་ང་ལ་རྙེད་སོང་། 10ང་ཁྱེད་ཀྱ་ལ་སྨྲ་ཡིན། དེ་རེ་བྱས་རེ་རང་སྡིག་པ་སྤངས་རེ་སེམས་སྒྱུར་གྱིན་སྡིག་ཅན་གཅིག་གི་ཕྱིར་ལ་དཀོན་མཆོག་གི་བང་ཆེན་ཀྱ་ཡི་དྲུང་དུ་དགའ་སྤྲོ་འབྱུང་གི་ལགས།
བི་ཛ་སྟོར་ཏ་གཅིག་གི་དཔེ།
11ཡེ་ཤུ་ཡིས་གསུངས་བ་ལགས། མི་གཅིག་ལ་བི་ཛ་གཉིས་འོད་ད་ལགས། 12བི་ཛ་ཆུང་ང་ཡིས་ཨ་རྒས་ལ་སྨྲས་བ་ལགས། ཨ་རྒས། ང་ལ་འཐོབ་ཡས་ཡིན་གྱིན་རྒྱུ་ནོར་གྱི་སྐལ་ད་གོ་ང་ལ་སྟེར་རོགས་བྱེད། དེ་ནས་ཨ་རྒས་ཀྱིས་ཁོ་རི་རྒྱུ་ནོར་བི་ཛ་གཉིས་བོ་ལ་བགོས་བ་ལགས། 13དེ་ནས་ཞག་མོ་ཏི་ཏེ་གཤམ་ནས་རང་བི་ཛ་ཆུང་ང་གོ་རྒྱུ་ནོར་གི་རི་ཁྱེར་ཏེ་ཐག་རིང་ང་ཡི་ཡུལ་གཅིག་ལ་སོང་བ་ལགས། དེ་ནས་འོ་དུ་རུ་ཁོ་རི་རྒྱུ་གི་རི་ཉམ་བཏང་རེ་ཡ་བ་ལགས། 14ད་ཁོས་ཨ་ལེ་གི་རི་ཡ་ཚར་རི་གང་ལ་འོ་དེ་ཡུལ་གོ་མུ་གེ་ལ་ཤོར་པ་ལགས། དེ་ནས་ཁོ་ལ་མེད་ཚང་གིན་བྱུང་བ་ལགས། 15འོ་བྱས་རེ་ཁོ་སོང་རེ་འོ་དེ་ཡུལ་གྱི་མི་གཅིག་རྩ་རུ་ལས་ཀ་བཙལ་བ་ལགས། འོ་དེ་མི་ཡིས་ཁོ་ལ་ཕག་ཀྱ་འཚོ་རུ་ཞིང་ལ་བརྫངས་བ་ལགས། 16དེ་ནས་ཁོ་ཕག་གི་སོས་བཟས་རེ་ཁོ་རི་ཕོ་བ་བཀང་ཉིད་འདོད་པ་ལགས། ཡིན་ནའང་སུས་འང་ཁོ་ལ་གིའང་མ་སྟེར་པ་ལགས།
17དེ་ནས་ཁོས་དམི་ཅིག་གི་བསམ་བློ་བཏང་རེ་སྨྲས་བ་ལགས། ངའི་ཨ་རྒས་རྩ་རུ་གཡོག་པོ་ཀྱ་ཕོ་བ་གང་བཟས་རེ་དོ་རང་འང་ལྷག་མ་ལྷག་བ་ལགས། ཡིན་ནའང་ང་དུ་རུ་ལྟོགས་ཏེ་ཤི་གུ་བྱེད་འདིག། 18ད་ང་ལངས་རེ་ཨ་རྒས་རྩ་རུ་འགྲོ་ཡས་ཡིན། དེ་ནས་ཁོང་ལ་སྨྲ་ཡས་ཡིན། ཨ་རྒས། ངས་ནམ་མཁའི་ཞིང་ཁམས་དང་ཁྱེད་རང་གི་དམིགས་བ་དུ་སྡིག་པ་བྱས་བའི། 19ད་ང་ཁྱེད་རང་གི་བི་ཛ་སྨྲ་རིན་ཁ་ཡས་མེད། ང་ལ་ཁྱེད་རང་གི་གླ་ལ་བཞག་གིན་གཡོག་པོ་ཀྱ་ནས་གཅིག་ཅོག་རེ་བསུ་རོགས་བྱེད། 20དེ་ནས་ཁོ་ལངས་རེ་ཁོ་རི་ཨ་རྒས་རྩ་རུ་སོང་བ་ལགས། ཡིན་ནའང་ཁོ་དམི་ཅིག་གི་ཐག་རིང་ནས་འོང་བའི་གང་ལ་རང་ཨ་རྒས་ཀྱིས་ཁོ་ལ་མཐོང་བ་ལགས། དེ་ནས་ཨ་རྒས་གོ་སྙིང་རྗེ་ཡིས་ཁངས་རེ་བང་བཏང་རེ་སོང་རེ་ཁོ་ལ་འཐམ་ཏེ་འོ་བྱས་བ་ལགས།
21བི་ཛ་ཡིས་ཁོ་ལ་སྨྲས་བ་ལགས། ཨ་རྒས། ངས་ནམ་མཁའི་ཞིང་ཁམས་དང་ཁྱེད་རང་གི་དམིགས་བ་དུ་སྡིག་པ་བྱས་བའི། ང་ཡང་ད་ཁྱེད་རང་གི་བི་ཛ་སྨྲ་རིན་ཁ་ཡས་མེད། 22ཡིན་ནའང་ཨ་རྒས་ཀྱིས་ཁོ་རི་གཡོག་པོ་ཀྱ་ལ་སྨྲས་བ་ལགས། མགྱོགས་སེ་གོས་ཁག་ཆེ་གོ་ཁྱེར་ཏེ་ཁོ་ལ་སྐོན། དེ་ནས་ཁོའི་མཛུབ་ལ་སོར་གདུབ་དང་རྐང་པ་ལ་ཟོམ་པ་སྐོན། 23དེ་ནས་ཨོ་ཏོ་རྒྱགས་ཡོག་གོ་ཁྱེར་ཏེ་འོངས་རེ་སོད། དེ་ནས་འོ་རང་འོ་དེ་བཟས་རེ་སྐྱིད་པོ་བཏང་བོ། 24གི་བྱས་རེ་སྨྲ་ན་ངའི་བི་ཛ་འདི་ཤི་བ་ལགས། དེ་ནས་ཡང་གསོན་ཏེ་འོངས་སོང་། དེ་ནས་སྟོར་པ་ལགས། དེ་ནས་རྙེད་སོང་། དེ་ནས་ཁོང་ཀྱ་ཡིས་སྐྱིད་པོ་བཏང་ཡས་འགོ་བཙུགས་པ་ལགས།
25འོ་དེ་གང་ལ་ཁོའི་བི་ཛ་ཆེ་གོ་ཞིང་ལ་འོད་ད་ལགས། དེ་ནས་ཁོ་ཁང་པའི་བོ་ལོག་ཏུ་སླེབས་བའི་གང་ལ་གླུ་ལེན་གྱིན་དང་ཞབས་བྲོ་བརྒྱབ་ཀྱིན་གོ་གོ་པ་ལགས། 26འོ་བྱས་རེ་ཁོས་ཁོ་རི་གཡོག་པོ་ཀྱ་ནས་གཅིག་ལ་སྐད་བཏང་རེ་འོ་དུ་རུ་གི་བྱེད་ད་ལེ་སྨྲས་རེ་དྲིས་བ་ལགས། 27གཡོག་པོ་ཡིས་ཁོ་ལ་སྨྲས་བ་ལགས། ཁྱེད་རི་ནུ་བོ་ལོག་སྟེ་འོངས་སོང་། ཁོ་དགའ་ཡས་རེ་དང་ཐང་ཡས་རེ་འོད་ཀྱིན་གོ་ཐུག་སྟེ། ཁྱེད་རང་གི་ཨ་རྒས་ཀྱིས་ཨོ་ཏོ་རྒྱགས་ཡོག་གོ་བསད་སོང་། 28དེ་ནས་བི་ཛ་ཆེ་གོ་ཚིག་པ་བཟས་རེ་ཁང་པ་ནང་དུ་མ་སོང་བ་ལགས། འོ་བྱས་རེ་ཁོའི་ཨ་རྒས་ཕི་ལ་འོངས་རེ་ཁོ་ལ་ཞུ་བ་བརྒྱབ་པ་ལགས།
29ཡིན་ནའང་ཁོས་ཨ་རྒས་ལ་སྨྲས་བ་ལགས། ལྟོས་དང་། ལོ་དེ་ཚོད་ཐུག་པའི་ངས་ཁྱེད་རང་གི་ཞབས་ཏོག་ཕུལ་བའི། དེ་ནས་ཁྱེད་རང་གི་ཁ་ལ་མཉན་ཏེ་བསྡད་པའི། ཡིན་ནའང་ངའི་རོགས་བ་ཀྱ་མུ་ལ་སྐྱིད་པོ་བཏང་ཡས་ལ་ཁྱེད་རང་གིས་ང་ལ་རི་ཙག་གཅིག་འང་ནམ་མའང་སྟེར་གྱི་མིན་འདུག། 30ཡིན་ནའང་ཁྱེད་རང་གི་རྒྱུ་གི་རི་གཞང་འཚོང་མ་ཀྱ་མུ་ལ་ཡ་གིན་བི་ཛ་དེ་ལོག་སྟེ་འོངས་བའི་གང་ལ། ཁྱེད་རང་གིས་གསོས་རེ་བཞག་ཞ་ཨོ་ཏོ་རྒྱགས་ཡོག་གོ་ཁོའོ་ཕྱིར་ལ་བསད་དོང་།
31དེ་ནས་ཨ་རྒས་ཀྱིས་ཁོ་ལ་སྨྲས་བ་ལགས། བི་ཛོའོ། ཁྱོད་ངའི་མུ་ལ་ཙོག་བའི་བསྡད་ད་ལགས། དེ་ནས་ང་ལ་འོད་ཀྱིན་གི་རི་ཁྱོའི་ལགས། 32ཡིན་ནའང་སྐྱིད་པོ་བཏང་རེ་ཉམ་མོ་དགའ་དགོས་ཡས་འོད་ད་ལགས། གི་བྱས་རེ་སྨྲ་ན་ཁྱོའི་ནུ་བོ་དེ་ཤི་བ་ལགས། ཡང་གསོན་ཏེ་འོངས་སོང་། སྟོར་པ་ལགས། དེ་ནས་རྙེད་སོང་།།
Attualmente Selezionati:
ལུ་ཀ། 15: LOY
Evidenziazioni
Condividi
Copia
Vuoi avere le tue evidenziazioni salvate su tutti i tuoi dispositivi?Iscriviti o accedi
© 2023, Wycliffe Bible Translators, Inc. and Nepal Bible Society