Logo YouVersion
Icona Cerca

ལུ་ཀ། 14

14
ཡེ་ཤུ་ཕཱ་རུ་ཤི་པ་གཅིག་གི་ནང་དུ།
1ངལ་གསོ་གིན་ཉིན་མ་གཅིག་ལ་ཡེ་ཤུ་ཕཱ་རུ་ཤི་པ་ཀྱ་ཡི་དཔོན་པོ་གཅིག་གི་ནང་དུ་མགྲོན་ལ་ཕེབས་པ་ལགས། དེ་ནས་ཕཱ་རུ་ཤི་པ་ཀྱ་ཡིས་ཁོང་པ་ལ་དམི་ཅིག་གི་ཞིབས་ལྟ་བྱས་རེ་བལྟས་རེ་བསྡད་པ་ལགས། 2འོ་དུ་རུ་ཡེ་ཤུ་ཡི་དྲུང་དུ་ཆུ་བསགས་ཏེ་ལག་པ་རྐང་པ་སྦོས་པ་མི་གཅིག་བསྡད་འོད་ད་ལགས། 3ཡེ་ཤུ་ཡིས་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་དང་ཕཱ་རུ་ཤི་པ་ཀྱ་ལ་དྲི་བ་བསྐུལ་ལ་མཛད་པ་ལགས། ངལ་གསོ་གིན་ཉིན་མ་ལ་ཆོས་ཁྲིམས་ལ་བཅོས་ག་བྱེད་ན་འགྲིག་བ་ལེ་ཡང་ན་མི་འགྲིག་བ་ལེ། 4ཡིན་ནའང་ཁོང་ཀྱ་ཁ་པ་བསྡད་པ་ལགས། དེ་ནས་ཁོང་པ་ཡིས་འོ་དེ་མི་ལ་ཟིམ་ཏེ་བཅོས་ག་མཛད་པ་ལགས། དེ་ནས་ཁོ་རི་ནང་དུ་བརྫངས་བ་ལགས།
5དེ་ནས་ཁོང་པ་ཡིས་འོ་དེ་ཀྱ་ལ་དྲི་བ་བསྐུལ་ལ་མཛད་པ་ལགས། ངལ་གསོ་གིན་ཉིན་མ་ཁྱེད་ཀྱ་ནས་མི་གཅིག་གི་བི་ཛ་ཡང་ན་བ་གླང་ཆུ་དོང་ནང་དུ་ལྷིམ་ན། ཁྱེད་ཀྱ་ཡིས་ལམ་སང་འོ་དེ་ལ་ཕི་ལ་བཏོན་གྱི་མ་ལེ། 6དེ་ནས་ཁོང་ཀྱ་ཡིས་འོ་དེ་དྲི་བ་ཡི་ལན་བསློགས་མ་ཐུབ་པ་ལགས།
7ད་བཞུགས་གྲལ་ལ་འོངས་བ་མགྲོན་པོ་ཀྱ་ཡིས་བཞུགས་ཁྲི་ཁག་ཆེ་ཀྱ་བདམས་ཀྱིན་གོ་མཐོང་རེ་ཁོང་པ་ཡིས་དེ་ཀྱ་ལ་དཔེ་གཅིག་གསུངས་བ་ལགས། 8ཁྱོད་ལ་མནའ་མ་ལེན་ས་བཞུགས་གྲལ་རུ་འབོད་ན། འོ་དུ་རུ་ཁྱོད་སྟོད་ཡོག་གི་གྲལ་ལ་མ་བསྡད། གི་བྱས་རེ་སྨྲ་ན་ཁྱོད་ནས་ཁག་ཆེ་མི་ལ་འོ་དུ་རུ་བོས་འོད་གྲོ། 9དེ་ནས་འོ་དེ་ཁག་ཆེ་མི་གོ་ཕེབས་བའི་གང་ལ་འོ་དེ་འབོད་མཁན་མི་ཡིས་ཁོང་པ་ལ་བཞུགས་དུ་བཅུག་སྨྲས་རེ་ཁྱོད་ལ་བཞུགས་ཁྲི་ནས་བསླངས་སྲིད་ཀྱི་ལགས། འོ་དེ་གང་ལ་སྨད་ཡོག་གི་གྲལ་ལ་བསྡད་ཡས་ལ་ཁྱོད་ལ་ངོ་ཚ་འབྱུང་གི་ལགས། 10ཡིན་ནའང་ཁྱོད་ལ་མགྲོན་ལ་བོས་ལི་གང་ལ་སོང་རེ་སྨད་ཡོག་གི་གྲལ་ལ་སྡོད། དེ་ནས་ཁྱོད་ལ་བོས་མཁན་མི་གོ་འོངས་རེ་ཁྱོད་ལ་དེ་རེ་སྨྲ་སྲིད་ཀྱི་ལགས། རོགས་བོ། ཡར་ལ་ཕེབས། འོ་དེ་གང་ལ་ཁྱོའི་མུ་ལ་བཞུགས་གྲལ་ལ་བསྡད་མཁན་ཀྱ་ཡི་གདོང་དུ་ཁྱོད་ལ་གུས་ཞབས་འཐོབ་ཀྱི་ལགས། 11གི་བྱས་རེ་སྨྲ་ན་རང་ལ་མཐོ་རུ་བཏང་མཁན་གི་རི་ལ་དམའ་བ་མཛད་ཀྱི་ལགས། དེ་ནས་རང་ལ་དམའ་རུ་བཏང་མཁན་གི་རི་ལ་མཐོ་བ་མཛད་ཀྱི་ལགས།
12དེ་ནས་ཁོང་པ་ལ་མགྲོན་ལ་བོས་མཁན་ཕཱ་རུ་ཤི་པ་གོ་ལ་ཁོང་པ་ཡིས་གསུངས་བ་ལགས། ཁྱོས་སྔ་རོག་ཡང་ན་དགོང་མོའི་མགྲོན་ལ་བོས་ལི་གང་ལ། ཁྱོད་རི་རོགས་བ་ཀྱ་དང་། ཨ་ཇོ་ནུ་བོ་ཀྱ་དང་། སྤུན་ཟླ་ཀྱ་ཡང་ན་ཁྱིམ་མཚེས་ཕྱུག་པོ་ཀྱ་ལ་མ་འབོད། དེ་རེ་བྱེད་ན་ཁོང་ཀྱ་ཡིས་འང་ཁྱོད་ལ་མགྲོན་ལ་བོས་རེ་ཁྱོད་རི་ཚབ་གོ་ལོག་གི་ལགས། 13ཡིན་ནའང་ཁྱོས་མགྲོན་ལ་བོས་ལི་གང་ལ་དབུལ་སྤྲེ་ཀྱ་དང་། རྐང་པ་ལག་པ་མེད་ཀྱིན་ཀྱ་དང་། ཞག་ཀྱོག་བ་ཀྱ་དང་ཞ་ར་ཀྱ་ལ་འབོད། 14དེ་ནས་ཁྱོད་ལ་བྱིན་རླབས་འཐོབ་ཀྱི་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་ཁྱོའི་ཚབ་གོ་སློག་མི་ཐུབ་ཀྱི་ལགས། ཡིན་ནའང་དྲང་བདེན་ཀྱ་སྐུ་གསོན་པོ་མཛད་ཡས་ཀྱི་དུས་ལ་ཁྱོད་ལ་འོ་དེའི་འབྲས་བུ་གོ་འཐོབ་ཀྱི་ལགས།
བཞུགས་གྲལ་ཆེ་གཅིག་གི་དཔེ།
(མད་ཐཱ། ༢༢:༡-༡༠)
15ད་ཡེ་ཤུ་མུ་ལ་ཞལ་ལག་ལ་བསྡད་མཁན་ཀྱ་ནས་མི་གཅིག་གིས་དེ་ལབ་ཀྱ་གོ་སྟེ་ཁོང་པ་ལ་ཞུས་བ་ལགས། དཀོན་མཆོག་གི་རྒྱལ་སྲིད་ནང་དུ་ཟ་མ་ཟ་ཡས་ཡིན་མཁན་གི་རི་བྱིན་རླབས་ཆེ།
16ཡིན་ནའང་ཁོང་པ་ཡིས་ཁོ་ལ་གསུངས་བ་ལགས། མི་གཅིག་གིས་བཞུགས་གྲལ་ཆེ་གཅིག་གྲ་སྒྲིག་བྱས་རེ་མགྲོན་པོ་མང་ང་ལ་བོས་བ་ལགས། 17དེ་ནས་མགྲོན་གྱི་དུས་ཚོད་ལ་ཁོས་ཁོ་རི་གཡོག་པོ་ལ་མགྲོན་ལ་བོས་པ་གི་རི་ལ་དེ་རེ་སྨྲ་རུ་བརྫངས་བ་ལགས། ད་གི་རི་གྲ་སྒྲིག་འདུག། ཕེབས་རོགས་གནང་། 18ཡིན་ནའང་ཁོང་གི་རི་ཡིས་ལབ་བཟོས་རེ་དགོངས་པ་ཞུས་བ་ལགས། མི་དང་པོ་ཡིས་སྨྲས་བ་ལགས། ངས་ཞིང་གཅིག་ཉོས་འོད། ང་འོ་དེ་ལྟ་རུ་འགྲོ་དགོས་ཡས་འོད། ཧོ་ཅོད་སྨྲ་ཡིན། ང་ལ་དགོངས་པ་གནང་རོགས་གནང་། 19དེ་ནས་གཞན་མ་ཡིས་སྨྲས་བ་ལགས། ངས་ད་ལྟ་ཀ་གླུང་ཆ་ལྔ་ཉོས་འོད། ང་འོ་དེ་ཀྱ་ཡིས་ལས་ཀ་ག་རེ་བྱེད་འདིག་སྨྲས་རེ་ལྟ་རུ་འགྲོ་བ་ཡིན། ཧོ་ཅོད་སྨྲ་ཡིན། ང་ལ་དགོངས་པ་གནང་རོགས་གནང་། 20ཡང་གཞན་མ་ཡིས་སྨྲས་བ་ལགས། ངས་ད་ལྟ་ཀ་མནའ་མ་ལེན་པའི། འོ་བྱས་རེ་ང་འོང་ཐུབ་ཡས་མིན་འདུག། 21དེ་ནས་གཡོག་པོ་གོ་འོངས་རེ་ཁོ་རི་བདག་པོ་ལ་དེ་ལབ་གི་རི་བཤད་པ་ལགས། དེ་ནས་ཁང་པའི་བདག་པོ་གོ་ཞེ་སྡང་ལངས་རེ་ཁོ་རི་གཡོག་པོ་ལ་སྨྲས་བ་ལགས། རྒྱལ་སའི་ལམ་ཁ་ཀྱ་དང་སྲང་གག་ཀྱ་ལ་མགྱོགས་སེ་སོང་། དེ་ནས་དབུལ་སྤྲེ་དང་། ལག་པ་རྐང་པ་མེད་མཁན་ཀྱ་དང་། ཞ་ར་ཀྱ་དང་། ཞ་ཀྱོག་བ་ཀྱ་ལ་དུ་རུ་ནང་དུ་ཁྲིད་དེ་ཤོག། 22དེ་ནས་གཡོག་པོ་ཡིས་སྨྲས་བ་ལགས། ཁྱེད་རང་གིས་བཀའ་གནང་གིན་ཅོག་རེ་བྱུང་སོང་། ཡིན་ནའང་དོ་རང་འང་ས་ཆ་མང་ང་ཤོང་ཡས་འདུག། 23བདག་པོ་ཡིས་གཡོག་པོ་ལ་སྨྲས་བ་ལགས། ངའི་ཁང་པ་ཁངས་ཡས་ཀྱི་ཕྱིར་ལ་ཡུལ་ཀྱ་ཡི་རྒྱལ་ལམ་དང་སྲང་གག་ཀྱ་ལ་སོང་རེ་མི་ཀྱ་ལ་ངའི་ནང་དུ་ཤོག་སྨྲས་རེ་ཨུ་ཚུགས་བྱེད། 24གི་བྱས་རེ་སྨྲ་ན་ང་ཁྱོད་ལ་སྨྲ་ཡིན། མགྲོན་ལ་བོས་པ་མི་ཀྱ་ནས་སུས་འང་ངའི་བཞུགས་གྲལ་གྱི་བྲོ་བ་ལེན་ཡས་རག་གུ་མ་ལགས།
ཡེ་ཤུའི་ཉེ་གནས་འབྱུང་ཡས།
(མད་ཐཱ། ༡༠:༣༧-༣༨)
25ད་མི་ཚོགས་ཆེ་གཅིག་ཡེ་ཤུའི་མུ་ལ་སོང་བ་ལགས། དེ་ནས་ཁོང་པ་ཡིས་ཁོང་ཀྱ་ཕྱོགས་ལ་གཟིགས་ཏེ་གསུངས་བ་ལགས། 26ངའི་གཤམ་ལ་འབྲང་གིན་ཡིན་ནའང་རང་གི་ཨ་རྒས་ཨ་མ་དང་། སྐྱེས་དམན་དང་། ཕྲུ་བ་དང་། ཨ་ཇོ་ནུ་བོ་ཡང་ན་ཨི་ཇི་ནུ་མོ་དང་། རང་གི་སྲོག་ལའང་སྡང་ང་མི་བྱེད་ན། ཁོ་ངའི་ཉེ་གནས་འབྱུང་ཐུབ་ཀྱི་མ་ལགས། 27དེ་ནས་རང་གི་སྡུག་པོའི་རྒྱང་ཤིང་མི་འཁུར་གྱིན་ཡིན་ནའང་ངའི་གཤམ་ལ་འབྲང་མཁན་ཀྱ་ངའི་ཉེ་གནས་འབྱུང་ཐུབ་ཀྱི་མ་ལགས།
28དཔེ་ལ་སྨྲ་ན་ཁྱེད་ཀྱ་ནས་གཅིག་གིས་མཁར་གཅིག་བཟོ་ཉིད་འདོད་ན། འོ་དེ་བཟོ་ཡས་ལ་ཨེན་ལ་ཁྱོད་བསྡད་དེ་འོ་དེ་བཟོ་ཡས་ལ་ཚང་ཡས་ཀྱི་འགྲོ་སོང་འདུག་བའི་མིན་འདུག་བའི་སྨྲས་རེ་རྩི་བརྒྱབ་ཀྱི་མ་ལེ། 29གི་བྱས་རེ་སྨྲ་ན་ཁྱོའི་ཁང་པའི་འགྲམ་གོ་བཏིང་ཚར་ཏེ་ཁང་པ་གོ་སྒྲུབ་མ་ཐུབ་ན། མཐོང་མཁན་གི་རི་ཡིས་ཁྱོད་ལ་དེ་རེ་སྨད་ཇུས་བཏང་གི་ལགས། 30དེ་མི་འདིས་ཁང་པ་བརྩིགས་ཡས་འགོ་བཙུགས་སོང་། ཡིན་ནའང་སྒྲུབ་མ་ཐུབ་སོང་།
31ཡང་རྒྱལ་བོ་གཅིག་རྒྱལ་བོ་གཞན་མ་མུ་ལ་དམག་འཐྲབ་ཏུ་འགྲོ་ཡས་ཡིན་ན། ཨེན་ལ་ཁོ་བསྡད་དེ་ཁོའི་དམག་མི་ཁྲི་གཅིག་གོ་ཁོའི་དགྲའི་དམག་མི་ཁྲི་གཉིས་མུ་ལ་འཐྲབ་ཐུབ་ཡས་འདུག་བའི་མིན་འདུག་བའི་སྨྲས་རེ་གྲོས་བྱེད་ཀྱི་མ་ལེ། 32དེ་ནས་ཁོས་ཐུབ་ཡས་མེད་ན་གཞན་མ་རྒྱལ་བོ་གོ་ཐག་རིང་ང་ལ་འོད་དེ་གང་ལ་རང་ཁོ་རི་བང་ཆེན་ཀྱ་བརྫངས་རེ་ཞི་བདེ་བྱེད་ཡས་ཀྱི་ལབ་བཏང་དུ་བརྫངས་ཀྱི་ལགས། 33དེ་རེ་རང་བྱས་རེ་རང་ལ་འོད་ཀྱིན་གི་རི་མེད་སྤངས་ན། ཁྱོད་འང་ངའི་ཉེ་གནས་འབྱུང་ཐུབ་ཀྱི་མ་ལགས།
34ཚྭ་དགའ་ལགས། ཡིན་ནའང་ཚྭའི་བྲོ་བ་གོ་ཡལ་ན། འོ་དེ་ལ་ཡང་གང་གི་བྱས་རེ་ཚྭ་བྲོ་བ་བཟོ་ཐུབ་ཀྱི་ལེ། 35འོ་དེ་ས་ལ་ཕན་མེད་ཐོག་བ་ལགས། དེ་ནས་གཟུགས་ལ་ཕན་མེད་ཐོག་བ་ལགས། འོ་དེ་གཡུགས་ཏེ་བརྫངས་ང་ལགས། ཨམ་མཆོག་འོད་མཁན་ཀྱ་ཡིས་མཉན་ཏེ་ཧ་གོ་ར་ཤོག།།།

Attualmente Selezionati:

ལུ་ཀ། 14: LOY

Evidenziazioni

Condividi

Copia

None

Vuoi avere le tue evidenziazioni salvate su tutti i tuoi dispositivi?Iscriviti o accedi