Logo YouVersion
Icona Cerca

ལུ་ཀ། 18

18
ཡུགས་ས་མ་དང་ཁྲིམས་དཔོན།
1དེ་ནས་ཙོག་བའི་གསོལ་བ་འདེབས་ཡས་དང་སེམས་ཤུགས་མེད་ཆགས་ཡས་ཀྱི་ཕྱིར་ལ། ཡེ་ཤུ་ཡིས་ཉེ་གནས་ཀྱ་ལ་དཔེ་གཅིག་གསུངས་བ་ལགས། 2རྒྱལ་ས་གཅིག་ཏུ་དཀོན་མཆོག་ལ་འཇིགས་སྣང་མི་བྱེད་ཀྱིན་དང་མི་ལ་རྩི་མཐོང་མི་བྱེད་ཀྱིན་ཁྲིམས་དཔོན་གཅིག་འོད་ད་ལགས། 3འོ་དེ་རྒྱལ་ས་རུ་རང་ཡུགས་ས་མ་གཅིག་འོད་ད་ལགས། མོ་ཁོའི་རྩ་རུ་འོང་ཇིག་བྱས་རེ་སྨྲ་ལགས། ང་ལ་ངའི་དགྲ་ནས་ཁྲིམས་དྲང་པོ་མཛད་རོགས་གནང་། 4ཐེངས་ག་ཞིང་ཁོས་འོ་དེ་ཡུགས་ས་མའི་ལབ་མ་མཉན་པ་ལགས། ཡིན་ནའང་གཤམ་ལ་ཁོས་ཁོ་རི་སེམས་ལ་སྨྲས་བ་ལགས། ང་དཀོན་མཆོག་ལ་འཇིགས་སྣང་མི་བྱེད་འོད། དེ་ནས་མི་ལ་རྩི་ཐོང་མི་བྱེད་འོད། 5ཡིན་ནའང་འདི་ཡུགས་ས་མ་ཡིས་ང་ལ་ཅ་སུན་དུ་བཅུག་སྟེ་ང་དེ་ལ་ཁྲིམས་བཅད་ཡས་ཡིན། དེ་རེ་མི་བྱེད་ན་མོ་འོང་ཇིག་བྱས་རེ་ང་ལ་འུ་ཐུག་ཏུ་བཅུག་གི་ལགས།
6དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། ཁྲིམས་དཔོན་མི་དྲང་ང་འདི་ཡིས་སྨྲ་གིན་དེ་ཉན། 7དེ་ནས་དཀོན་མཆོག་གིས་རང་གི་བདམས་ད་མི་ཀྱ་ཡིས་ཉིན་གང་མཚན་གང་གསོལ་བ་བརྒྱབ་ན། ཁོང་ཀྱ་ལ་ཁྲིམས་དྲང་པོ་བཅད་ད་མཛད་ཀྱི་མ་ལགས་སེ། ཁོང་པ་ཡིས་ཁོང་ཀྱ་ལ་རོགས་བ་བྱེད་ཡས་ལ་དལ་ལ་མཛད་ཀྱི་ལགས་སེ། 8ང་ཁྱེད་ཀྱ་ལ་སྨྲ་ཡིན། ཁོང་པ་ཡིས་ཁོང་ཀྱ་ཡི་ཁྲིམས་མགྱོགས་སེ་བཅད་མཛད་ཀྱི་ལགས། གི་ཡིན་ན་མིའི་བུ་ཕེབས་བའི་གང་ལ་འདི་འཛམ་བུ་གླིང་དུ་དད་པ་བྱེད་མཁན་ཀྱ་རྙེད་གྲོ་བའི།
ཕཱ་རུ་ཤི་པ་དང་ཁྲལ་སྡུད་མཁན་གྱི་དཔེ།
9རང་རང་ལ་དྲང་ང་བསམ་གྱིན་དེ་ནས་གཞན་མ་ཀྱ་ལ་མཐོང་ཆུང་བྱེད་ཀྱིན་མི་རིང་འགའ་ཀྱ་ལ་ཡེ་ཤུ་ཡིས་དཔེ་དེ་གསུངས་བ་ལགས། 10མཆོད་ཁང་དུ་ཕཱ་རུ་ཤི་པ་གཅིག་དང་ཁྲལ་སྡུད་མཁན་མི་གཅིག་སྨོན་ལམ་བརྒྱབ་ཏུ་སོང་བ་ལགས། 11ཕཱ་རུ་ཤི་པ་གོ་ཁོ་རང་གཅིག་ཀ་ལངས་རེ་སྨོན་ལམ་དེ་ཕུལ་བ་ལགས། ཀྱེ་དཀོན་མཆོག། ཁྱེད་རང་ལ་ཐུགས་རྗེ་ཆེ། གི་བྱས་རེ་སྨྲ་ན་ང་གཞན་མ་ཀྱ་ཅོག་རེ་ཧམ་པ་བྱས་རེ་རྒྱུ་འཕྲོག་གིན་དང་། མེད་དྲང་ང་དང་། ལོག་གཡེམ་བྱེད་མཁན་དང་། འདི་ཁྲལ་སྡུད་མཁན་མི་ཅོག་རེ་མེད། 12ང་བདུན་ཕྲག་ལ་ཐེངས་མ་གཉིས་སྨྱུང་གནས་བསྲུངས་བའི་འོད། དེ་ནས་ང་ལ་འོད་ཀྱིན་གི་རིའི་བརྒྱ་ཆ་བཅུ་ཁྱེད་རང་ལ་འབུལ་ལི་འོད། 13ཡིན་ནའང་ཁྲལ་སྡུད་མཁན་གོ་ཐག་རིང་ང་ནས་ལངས་རེ་ནམ་མཁའ་ཕྱོགས་ལ་མིག་བཏག་བྱེད་མ་ཐུབ་བ་རང་གི་བྲང་ཁོག་བརྡུངས་རེ་སྨྲས་བ་ལགས། ཀྱེ་དཀོན་མཆོག། ང་སྡིག་ཅན་གཅིག་ལ་སྙིང་རྗེ་གཟིགས་རོགས་གནང་།
14དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། ང་ཁྱེད་ཀྱ་ལ་སྨྲ་ཡིན། གཞན་མ་མི་གོ་མིན་ད་འདི་མི་དེ་དཀོན་མཆོག་གི་དྲུང་དུ་ཡང་དག་པ་བྱུང་རེ་ཁོ་རི་ནང་ལ་ལོག་པ་ལགས། གི་བྱས་རེ་སྨྲ་ན་རང་ལ་མཐོ་བ་བཟོ་གིན་ཀྱ་གི་རི་དམའ་བ་མཛད་ཀྱི་ལགས། དེ་ནས་རང་ལ་དམའ་བ་བཟོ་གིན་གི་རི་ལ་མཐོ་བ་མཛད་ཀྱི་ལགས།
ཡེ་ཤུ་དང་ཕྲུ་བ་ཀྱ།
(མད་ཐཱ། ༡༩:༡༣-༡༥; མར་ཀུ། ༡༠:༡༣-༡༦)
15མི་ཀྱ་ཡིས་རང་གི་ཕྲུ་བ་ཀྱ་ཡེ་ཤུ་ཡི་ཕྱག་དབང་གནང་བར་ཤོག་སྨྲས་རེ་ཁོང་པ་ཡི་དྲུང་དུ་ཁྱེར་ཏེ་འོང་བའི་འོད་ད་ལགས། དེ་ནས་དེ་མཐོང་རེ་ཉེ་གནས་ཀྱ་ཡིས་ཁོང་ཀྱ་ལ་ཨང་ཇི་བཏང་བ་ལགས། 16ཡིན་ནའང་ཡེ་ཤུ་ཡིས་ཕྲུ་བ་ཀྱ་ལ་རང་རྩ་རུ་བོས་རེ་གསུངས་བ་ལགས། ཕྲུ་བ་ཀྱ་ལ་མ་བཀག། ངའི་རྩ་རུ་འོང་དུ་བཅུག། གི་བྱས་རེ་སྨྲ་ན་དཀོན་མཆོག་གི་རྒྱལ་སྲིད་དེ་ཀྱ་ཡི་ཕྱིར་ལ་ལགས། 17ང་ཁྱེད་ཀྱ་ལ་དངོས་གནས་སྨྲ་ཡིན། དཀོན་མཆོག་གི་རྒྱལ་སྲིད་ལ་ཕྲུ་བ་གཅིག་གིས་ཅོག་རེ་བྱས་རེ་ཁས་མེད་ལན་མཁན་སུའང་། འོ་དེ་ནང་དུ་ནམ་མའང་མི་འཛུལ་གྱི་ལགས།
དཔོན་པོ་ཕྱུག་པོ་གཅིག།
(མད་ཐཱ། ༡༩:༡༦-༣༠; མར་ཀུ། ༡༠:༡༧-༣༡)
18དཔོན་པོ་གཅིག་གིས་ཡེ་ཤུ་ལ་ཞུས་བ་ལགས། དགེ་རྒན་བཟང་པོ་ལགས། མཐའ་མེད་ཀྱིན་མི་ཚེ་འཐོབ་ཡས་ལ་ང་གི་བྱེད་དགོས་གུ་ལེ།
19ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ཁྱོད་ང་ལ་གི་བྱས་རེ་བཟང་པོ་སྨྲ་ལགས། དཀོན་མཆོག་གཅིག་མ་ན་བཟང་པོ་སུའང་མེད་ད་ལགས། 20ཆོས་ཁྲིམས་ཀྱི་བཀའ་ཀྱ་ཁྱོད་ལ་ཤེས་ཡས་འོད་ད་ལགས། ལོག་གཡེམ་མ་བྱེད། མི་མ་བསད། རྐུ་མོ་མ་རྐུས། དཔང་པོ་ཟོག་པོ་མ་སྟེར། དེ་ནས་ཕ་མ་ལ་གུས་ཞབས་བྱེད།
21དེ་ནས་ཁོས་སྨྲས་བ་ལགས། དེ་བཀའ་ཀྱ་གི་རི་ངས་ཆུང་ང་ནས་ཧ་ལ་རང་བསྲུངས་འོད།
22དེ་གསན་ཏེ་ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ཁྱོས་དོ་རང་འང་ལས་ཀ་གཅིག་བྱེད་ཡས་ལ་ལྷག་འདུག། ཁྱོད་ལ་འོད་ཀྱིན་གི་རི་བཙོངས་རེ་དབུལ་སྤྲེ་ཀྱ་ལ་བྱིན་པ་སྟོང་། དེ་ནས་ཁྱོད་ལ་ནམ་མཁའི་རྒྱལ་སྲིད་དུ་གཏེར་ཐོབ་ཀྱི་ལགས། དེ་ནས་ངའི་གཤམ་ལ་ཤོག། 23ཡིན་ནའང་དེ་ལབ་མཉན་ཏེ་ཁོའི་སེམས་སྐྱོ་བ་ལགས། གི་བྱས་རེ་སྨྲ་ན་ཁོ་དམི་ཅིག་གི་ཕྱུག་པོ་འོད་ད་ལགས།
24དེ་ནས་ཡེ་ཤུ་ཡིས་ཁོ་ལ་གཟིགས་ཏེ་གསུངས་བ་ལགས། མི་ཕྱུག་པོ་ཀྱ་ལ་དཀོན་མཆོག་གི་རྒྱལ་སྲིད་ནང་དུ་འཛུལ་ཡས་ལ་དམི་ཅིག་གི་དཀའ་ལས་འདུག། 25མི་ཕྱུག་པོ་གཅིག་ལ་དཀོན་མཆོག་གི་རྒྱལ་སྲིད་ནང་དུ་ཆུད་ཡས་ནས་འང་། སེམས་ཅན་སྣ་བོ་ལ་ཁབ་ཀྱི་མིག་ནང་དུ་འཛུལ་ཡས་ལ་ལས་སླ་འོད་གྲོ།
26དེ་ཉན་མཁན་ཀྱ་ཡིས་དྲིས་བ་ལགས། ད་ཧ་ན་སུ་ལ་ཐར་པ་འཐོབ་ཀྱི་ལེ།
27ཁོང་པ་ཡིས་གསུངས་བ་ལགས། མི་ཀྱ་ཡི་ཆེད་དུ་བྱེད་ཐུབ་ཡས་མིན་གྱིན་གོ་དཀོན་མཆོག་གི་མཛད་ཐུབ་ཀྱི་ལགས།
28དེ་ནས་པེ་ཏྲོ་ཡིས་སྨྲས་བ་ལགས། གཟིགས་རོགས་གནང་། འི་ཀིས་འེ་རི་ནང་ཀྱ་བོར་ཏེ་ཁྱེད་རང་གི་གཤམ་ལ་འབྲངས་འོད།
29དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། བདེན་པ་རང་ང་ཁྱེད་ཀྱ་ལ་སྨྲ་ཡིན། དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཕྱིར་ལ་རང་གི་ནང་། ཡང་ན་སྐྱེས་དམན། ཡང་ན་སྤུན་ཀྱ། ཡང་ན་ཕ་མ་ཀྱ། ཡང་ན་ཕྲུ་བ་ཀྱ་བོར་ཏེ་འོང་མཁན་ཀྱ་ལ། 30མི་ཚེ་དེ་ལ་འོ་དེ་ནས་མང་ང་འཐོབ་ཀྱི་ལགས། དེ་ནས་འོང་ཡས་ཡིན་གྱིན་དུས་ལ་མཐའ་མེད་པའི་ཚེ་སྲོག་འཐོབ་ཀྱི་ལགས།
ཡེ་ཤུའི་འཆི་བའི་སྐོར་ལ།
(མད་ཐཱ། ༢༠:༡༧-༡༩; མར་ཀུ། ༡༠:༣༢-༣༤)
31ཡེ་ཤུ་ཡིས་ཁོ་རི་ཉེ་གནས་བཅུ་གཉིས་ལ་ཁྲིད་དེ་གསུངས་བ་ལགས། ལྟོས་དང་། འོ་རང་ཀྱ་ཡེ་རུ་ཤ་ལེམ་ཕྱོགས་ལ་འགྲོ་ཡས་ལགས། དེ་ནས་མིའི་བུའི་སྐོར་ལ་མངོན་ཤེས་མཁན་ཀྱ་ཡིས་བྲིས་བྲ་གི་རི་འགྲུབ་ཀྱི་ལགས། 32གི་བྱས་རེ་སྨྲ་ན་ཁོ་ལ་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ཡི་ལག་ཀ་ལ་རྩི་བརྒྱབ་ཀྱི་ལགས། དེ་ནས་ཁོང་ཀྱ་ཡིས་ཁོ་ལ་དམའ་འབེབ་བཏང་གི་ལགས། དེ་ནས་ངོ་ཚ་བབས་ཏེ་མཆིལ་མ་གཏོར་གྱི་ལགས། 33ཁོང་ཀྱ་ཡིས་ཁོ་ལ་རྟ་ལྕག་བཞུས་ཏེ་བསད་ཀྱི་ལགས། དེ་ནས་ཞག་མོ་གསུམ་པ་གོ་ལ་ཁོ་སླར་གསོན་གྱི་ལགས།
34ཡིན་ནའང་ཉེ་གནས་ཀྱ་ཡིས་དེ་ཀྱ་གིན་ད་ཧ་མ་གོ་པ་ལགས། ཁོང་ཀྱ་ཡི་ཕྱིར་ལ་དེ་ལབ་ཀྱི་དོན་དག་གོ་གསང་འོད་ད་ལགས། དེ་ནས་ཁོང་ཀྱ་ཡིས་དེ་ལབ་ཀྱ་གིན་ད་ཟིམ་མ་ཐུབ་པ་ལགས།
སློང་མཁན་ཞ་ར་གཅིག།
(མད་ཐཱ། ༢༠:༢༩-༣༤; མར་ཀུ། ༡༠:༤༦-༥༢)
35ད་ཡེ་ཤུ་ཡེ་རི་ཀོའི་བོ་ལོག་ཏུ་ཕེབས་མཛད་པ་ལགས། འོ་དུ་རུ་མི་ཞ་ར་གཅིག་ལམ་ཀའི་ཟུར་ལ་སློང་མ་བསླངས་བའི་འོད་ད་ལགས། 36མི་ཚོགས་ཀྱ་འོ་དེ་ནས་འགྲོ་གིན་གོ་གོ་སྟེ་ཁོས་དུ་རུ་གི་བྱུང་བའི་སྨྲས་རེ་དྲིས་བ་ལགས།
37མི་ཀྱ་ཡིས་ཁོ་ལ་སྨྲས་བ་ལགས། ན་ཙ་རེད་ཀྱི་ཡེ་ཤུ་དེ་ནས་ཧ་ལ་ཕེབས་བའི།
38དེ་ནས་ཁོས་དེ་རེ་སྨྲས་རེ་ཕེ་ར་བརྒྱབ་པ་ལགས། དཱ་བིད་ཀྱི་སྲས་ཡེ་ཤུ། ང་ལ་སྙིང་རྗེ་མཛད་རོགས་གནང་།
39གདོང་ལ་འོད་མཁན་ཀྱ་ཡིས་ཁོ་ལ་ཁ་པ་སྡོད་སྨྲས་རེ་ཨང་ཇི་བཏང་བ་ལགས། ཡིན་ནའང་ཁོས་ཡོལ་ལེ་སྐད་ཆེ་བཏོན་ཏེ་ཕེ་ར་བརྒྱབ་པ་ལགས། དཱ་བིད་ཀྱི་སྲས། ང་ལ་སྙིང་རྗེ་མཛད་རོགས་གནང་།
40དེ་ནས་ཡེ་ཤུ་ཡིས་མཚམས་བཞག་བ་མཛད་དེ་ཁོ་ལ་ཁྲིད་དེ་འོང་ཡས་ལ་བཀའ་གནང་བ་ལགས། དེ་ནས་ཁོ་བོ་ལོག་ཏུ་སླེབས་ཏེ་ཁོང་པ་ཡིས་ཁོ་ལ་དྲི་བ་མཛད་པ་ལགས། 41ང་ཁྱོའི་ཕྱིར་ལ་གི་བྱེད་ཀྱིན་གོ་འདོད་འདིག་འོད་དོ།
ཁོས་སྨྲས་བ་ལགས། གཙོ་བོ། ང་མིག་མཐོང་ཉིད་འདོད་འདིག།
42དེ་ནས་ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ཁྱོད་མཐོང་བ་ཤོག། ཁྱོད་རི་དད་པ་ཡིས་ཁྱོད་ལ་བཅོས་ག་བྱས་བ་ལགས། 43དེ་ནས་ལམ་སང་ཁོ་མཐོང་གིན་བྱུང་བ་ལགས། དེ་ནས་དཀོན་མཆོག་གི་བསྟོད་སྒྲ་བཏང་བའི་ཁོ་ཁོང་པ་ཡི་གཤམ་ལ་འབྲངས་བ་ལགས། དེ་མཐོང་རེ་མི་གི་རི་ཡིས་དཀོན་མཆོག་ལ་བསྟོད་པ་ཕུལ་བ་ལགས།།

Attualmente Selezionati:

ལུ་ཀ། 18: LOY

Evidenziazioni

Condividi

Copia

None

Vuoi avere le tue evidenziazioni salvate su tutti i tuoi dispositivi?Iscriviti o accedi