ལུ་ཀ། 11
11
གསོལ་བ་བརྒྱབ་ཀྱིན་སྐོར་ལ་ཡེ་ཤུའི་བསླབ་བྱ།
(མད་ཐཱ། ༦:༩-༡༣;༧:༧-༡༡)
1ཞག་མོ་གཅིག་ཡེ་ཤུ་ས་ཆ་གཅིག་ཏུ་གསོལ་བ་འདེབས་བའི་འོད་ད་ལགས། ཁོང་པ་ཡིས་གསོལ་བ་འདེབས་ཚར་ཏེ་ཉེ་གནས་ཀྱ་ནས་གཅིག་གིས་ཁོང་པ་ལ་ཞུས་བ་ལགས། གཙོ་བོ། ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་ཁོ་རི་ཉེ་གནས་ཀྱ་ལ་བསླབས་ཀྱིན་ཅོག་རེ་འེ་ཀྱ་ལའང་གསོལ་བ་འདེབས་ཡས་ལ་སློབས་རོགས་མཛད།
2ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་གསོལ་བ་འདེབས་བའི་གང་ལ་དེ་རེ་ཞུས།
ཀྱེ་ཡབ།
ཁྱེད་རང་གི་མཚན་དམ་པར་སྲུང་བར་ཤོག།
ཁྱེད་རང་གི་རྒྱལ་སྲིད་འོང་བར་ཤོག།
3འེ་ཀྱ་ལ་འེ་རི་ཉིན་རེའི་ཟ་མ་གནང་རོགས་མཛད།
4འི་ཀིས་གཞན་ལ་དགོངས་ཡངས་སྟེར་ཏ་བྱས་རེ་འི་ཀི་སྡིག་པ་སེལ་བར་མཛད།
དེ་ནས་འེ་ཀྱ་ལ་ཚོད་ལྟ་ལ་ཆུད་དུ་མ་བཅུག་རོགས་མཛད།
5དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ནས་མི་གཅིག་ལ་རོགས་བ་གཅིག་འོད་ཀྱིན་ཆ་བཞག་ན། དེ་ནས་མཚན་གྱི་ཏིག་ཏིག་ལ་འོ་དེ་རོགས་བ་རྩ་རུ་སོང་རེ་ཁོ་ལ། ཚོས་གྲོགས། ང་ལ་གྱང་ག་གསུམ་སྐྱི་རོགས་བྱེད། 6གི་བྱས་རེ་སྨྲ་ན་ངའི་རོགས་བ་གཅིག་འགྲུལ་བརྒྱབ་སྟེ་ངའི་རྩ་རུ་འོངས་སོང་། དེ་ནས་ཁོ་ལ་ཟ་ཡས་སྟེར་ཡས་ལ་ང་ལ་གིའང་མེད། སྨྲས་རེ་སྨྲས། 7དེ་ནས་འོ་དེ་རོགས་ཀྱིས་ནང་ནས་རང་ང་ལ་དཀའ་ལས་མ་སྟེར། སྒོ་བརྒྱབ་ཚར་འོད། དེ་ནས་ང་དང་ངའི་ཕྲུ་བ་ཀྱ་ཉལ་ས་ནང་དུ་འོད། ང་ལངས་རེ་ཁྱོད་ལ་གིའང་སྟེར་ཐུབ་ཡས་མིན་འདུག། སྨྲས་རེ་ལན་སྟེར་གྱིན་གོ་ཆ་བཞག་ན། 8ད་ང་ཁྱེད་ཀྱ་ལ་སྨྲ་ཡིན། རོགས་ལགས་སྨྲས་རེ་ཁོས་ལངས་རེ་འོ་དེ་ལ་གིའང་མེད་སྟེར་ནའང་། ཡིན་ནའང་ཁོས་དབུ་ཚུགས་བརྒྱབ་ཇིག་བྱས་རེ་ཁོ་ལངས་ཀྱི་ལགས། དེ་ནས་ཁོ་ལ་དགོས་ཀྱིན་གི་རི་སྟེར་གྱི་ལགས།
9འོ་བྱས་རེ་ང་ཁྱེད་ཀྱ་ལ་སྨྲ་ཡིན། ཞུས། དེ་ནས་ཁྱོད་ལ་གནང་གི་ལགས། འཚོལ། དེ་ནས་ཁྱོད་ལ་རྙེད་ཀྱི་ལགས། སྒོ་བརྡུངས། དེ་ནས་ཁྱོའི་ཕྱིར་ལ་པེ་ཀྱི་ལགས། 10གི་བྱས་རེ་སྨྲ་ན་ཞུ་མཁན་གི་རི་ལ་གནང་གི་ལགས། བཙལ་མཁན་གི་རི་ལ་རྙེད་ཀྱི་ལགས། དེ་ནས་སྒོ་བརྡུངས་མཁན་གི་རིའི་ཕྱིར་ལ་པེ་ཀྱི་ལགས། 11ད་ཁྱེད་ཀྱ་ནས་ཨ་རྒས་གཅིག་གིས་ཁོ་རི་བི་ཛ་ཡིས་ཉ་བསླངས་བའི་གང་ལ་ཉའི་ཚབ་ལ་སྦྲུལ་སྟེར་གྱི་ལགས་སེ། 12ཡང་སྒོང་ང་གཅིག་བསླངས་བའི་གང་ལ་སྡིག་པ་རྭ་ཙ་སྟེར་གྱི་ལགས་སེ། 13ད་ཁྱེད་ཀྱ་ངན་པ་བྱས་རེའང་ཁྱེད་རི་ཕྲུ་བ་ཀྱ་ལ་རྔན་པ་བཟང་ང་སྟེར་ར་ཤེས་ན། ད་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ཁྱིད་ཀྱི་ཡབ་ཀྱིས་ཁོང་པ་ལ་ཞུ་མཁན་ཀྱ་ལ་ག་ཚོད་མང་ང་དམ་པའི་ཐུགས་ཉིད་གནང་བའི་འོད་གྲོ།
ཡེ་ཤུ་དང་བེ་ཨལ་ཟེ་བུལ་སྨྲ་གིན་བདུད།
(མད་ཐཱ། ༡༢:༢༢-༣༠,༤༣-༤༥; མར་ཀུ། ༣:༢༠-༢༧)
14ད་ཡེ་ཤུ་ཡིས་འདྲེ་ལྐུགས་པ་གཅིག་ལ་བཏོན་མཛད་པ་ལགས། དེ་ནས་འདྲེ་གོ་ཐོན་ཏེ་འོ་དེ་ལབ་བཏང་མ་ཐུབ་པ་བསྡད་ད་མི་གོ་ལབ་བཏང་ཐུབ་ཀྱིན་བྱུང་བ་ལགས། དེ་ནས་མི་མང་ཀྱ་ཧང་སངས་བ་ལགས། 15ཡིན་ནའང་མི་ཀྱ་ནས་རིང་འགའ་ཡིས་སྨྲས་བ་ལགས། ཁོ་ནི་འདྲེ་ཀྱ་ཡི་སྲས་བེ་ཨལ་ཟེ་བུལ་གྱི་ཐོག་ནས་འདྲེ་ཀྱ་བཏོན་ད་ལགས། 16ཡང་གཞན་མ་ཀྱ་ཡིས་ཁོང་པ་ལ་ཚོད་ལྟ་བྱེད་ཡས་ལ་ནམ་མཁའི་ཞིང་ཁམས་ནས་རྟགས་གཅིག་ཞུས་བ་ལགས།
17ཡིན་ནའང་ཁོང་ཀྱ་ཡི་བསམ་བློ་ཁོང་པ་ཡིས་མཁྱེན་ད་མཛད་དེ་གསུངས་བ་ལགས། རྒྱལ་ཁབ་གཅིག་གི་ནང་ལ་འཁྲུག་བྱུང་ན། འོ་དེ་མེད་ད་ལ་འགྲོ་བ་ལགས། དེ་ནས་ཁྱིམ་གཅིག་ནང་འཁྲུག་ནའང་། འོ་དེ་ཉམས་ཏེ་འགྲོ་བ་ལགས། 18ད་སཱ་ཏན་ནང་དུའང་འཁྲུག་འོད་ན། ཁོའི་རྒྱལ་ཁབ་གང་གི་བྱས་རེ་གནས་ཀྱི་ལེ། ང་དེ་སྨྲ་ཡིན། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ང་བེ་ཨལ་ཟེ་བུལ་གྱི་ཐོག་ནས་འདྲེ་ཀྱ་བཏོན་འདིག་སྨྲས་རེ་སྨྲ་ལགས། 19ད་ང་བེ་ཨལ་ཟེ་བུལ་གྱི་ཐོག་ནས་འདྲེ་བཏོན་ཏ་ཡིན་ན། ཁྱེད་ཀྱ་ཡིས་བི་ཛ་ཀྱ་སུའི་ཐོག་ནས་བཏོན་ད་ལེ། འོ་བྱས་རེ་ཁོང་ཀྱ་རང་ཁྱིད་ཀྱི་ཁྲིམས་དཔོན་འབྱུང་གི་ལགས། 20ཡིན་ནའང་ང་དཀོན་མཆོག་གི་ཐོག་ནས་འདྲེ་བཏོན་འདིག་འོད་ན། དཀོན་མཆོག་གི་རྒྱལ་སྲིད་ཁྱེད་ཀྱ་རྩ་རུ་སླེབས་ཚར་ལགས།
21ད་མི་སྟོབས་ཆེ་གཅིག་གིས་ཁོ་རི་ལག་ཆ་གི་རི་ཁྱེར་ཏེ་ཁོ་རི་ནང་བསྲུངས་རེ་བསྡད་ན། ཁོའི་རྒྱུ་ནོར་ཀྱ་བཙན་ད་འོང་ང་ལགས། 22ཡིན་ནའང་ཁོ་ནས་སྟོབས་ཆེ་མི་གཅིག་འོངས་རེ་ཁོའི་མུ་ལ་འཐྲབས་ཏེ་ཁོ་ལ་ཐོབ་ཀྱི་ལགས། དེ་ནས་ཁོས་བློ་བཀལ་ཀ་ལག་ཆ་གོ་འཕྲོག་གི་ལགས། དེ་ནས་ཁོ་ནས་ཕྲོགས་ཕྲ་རྒྱུ་ནོར་གོ་བགོ་གི་ལགས།
23ངའི་ཕྱོགས་ལ་མེད་མཁན་ཀྱ་ངའི་དགྲ་ལགས། དེ་ནས་ངའི་མུ་ལ་མི་རུག་མཁན་ཀྱ་ཡིས་ཕྲེ་འཐོར་རེ་སྟོར་གྱི་ལགས།
24ད་གནོད་པ་གཅིག་མི་གཅིག་ནས་ཐོན་ཏེ་འོང་ན། ངལ་གསོ་ཡས་ལ་ས་སྐམ་ས་ཀྱ་ནས་འགྲོ་བ་ལགས། དེ་ནས་ག་རུའང་ས་མ་འབྱོར་ར་ཁོས་དེ་རེ་སྨྲ་ལགས། ང་ཐོན་ཏེ་འོངས་ཀྱིན་ང་རི་ནང་དུ་རང་ལོག་སྟེ་འགྲོ་ཡས་ཡིན། 25དེ་ནས་ཁོ་ལོག་སྟེ་འོང་བའི་གང་ལ་འོ་དེ་ནང་གོ་ཁམ་སང་བའི་ཕྱག་སྟེ་བསྒྲིགས་ཏེ་བཞག་གིན་གོ་རྙེད་ཀྱི་ལགས། 26དེ་མཐོང་རེ་ཁོ་སོང་རེ་ཁོ་ནས་འང་ངན་པ་ཆེ་གནོད་པ་བདུན་ཁྲིད་ཏེ་འོང་གི་ལགས། དེ་ནས་ཁོང་ཀྱ་འོ་དེ་ནང་དུ་འཛུལ་རེ་འོ་དུ་རུ་བསྡད་ཀྱི་ལགས། དེ་ནས་འོ་དེ་མིའི་གནས་ཚུལ་གོ་ཨེན་མ་ནས་གཤམ་ལ་ཚབ་ཆེ་འབྱུང་གི་ལགས།
27ཡེ་ཤུ་ཡིས་དེ་ཀྱ་གསུངས་བའི་གང་ལ་མི་ཚོགས་ཀྱི་ཁོག་ནས་སྐྱེས་དམན་གཅིག་གིས་སྐད་བརྒྱབ་སྟེ་ཞུས་བ་ལགས། ཁྱེད་རང་ལ་སྐྱེས་ཀྱིན་དང་འོ་མ་སྟེར་གྱིན་ཨ་མ་དེ་གིན་གྱི་བྱིན་རླབས་ཆེ།
28ཡིན་ནའང་ཁོང་པ་ཡིས་གསུངས་བ་ལགས། དཀོན་མཆོག་གི་བཀའ་མཉན་ཏེ་སྲུང་མཁན་ཀྱ་མོ་ནས་བྱིན་རླབས་ཆེ་ལགས།
ཡེ་ཤུ་ཡིས་ཡོ་ནཱ་ཡི་སྐོར་ལ་གསུངས་བ་ལགས།
(མད་ཐཱ། ༡༢:༣༨-༤༢)
29ད་མི་ཚོགས་གོ་ཆེ་རུ་འགྲོའི་གང་ལ་ཡེ་ཤུ་ཡིས་གསུངས་བ་ལགས། འདི་མི་རབས་དེ་མི་རབས་ངན་པ་གཅིག་ལགས། དེ་ཀྱ་རྟགས་བཙལ་ལ་ལགས། ཡིན་ནའང་དེ་ཀྱ་ལ་ཡོ་ནཱའི་རྟགས་མ་ན་གཞན་མ་རྟགས་སྟེར་གྱི་མ་ལགས། 30དེ་ནས་ཡོ་ནཱ་ནིན་ཝེའི་མི་ཀྱ་ལ་རྟགས་གཅིག་བྱུང་གིན་ཅོག་རེ་འདི་མི་རབས་དེ་ལ་མིའི་བུ་འབྱུང་གི་ལགས། 31དེ་ནས་ཁྲིམས་གཅོད་ཀྱི་ཉིན་མ་གོ་ལ་ལྷོ་ཕྱོགས་ཀྱི་རྒྱལ་མོ་དེ་མི་རབས་ཀྱི་སྐྱེས་བའི་ཕོ་ཀྱ་མུ་ལ་ལངས་ཀྱི་ལགས། དེ་ནས་ཁོང་ཀྱ་ལ་ཁྲིམས་བཏང་གི་ལགས། གི་བྱས་རེ་སྨྲ་ན་མོ་སོ་ལོ་མོན་གྱི་ཤེས་རབ་ཉན་ཡས་ལ་འཛམ་བུ་གླིང་གི་མཐའ་ནས་འོངས་བ་ལགས། ཡིན་ནའང་དུ་རུ་སོ་ལོ་མོན་ནས་ཁག་ཆེ་གཅིག་འདུག། 32དེ་ནས་ནིན་ཝེའི་མི་ཀྱ་ཁྲིམས་གཅོད་ཀྱི་ཉིན་མ་ལ་འདི་མི་རབས་མུ་ལ་ལངས་ཀྱི་ལགས། དེ་ནས་དེ་ཀྱ་ལ་ཁྲིམས་བཏང་གི་ལགས། གི་བྱས་རེ་སྨྲ་ན་ཡོ་ནཱའི་ཆོས་བཤད་ཀྱིན་གོ་ལ་ཁོང་ཀྱ་ཡིས་ཁོ་རི་སྡིག་པ་ཀྱ་སྤངས་རེ་སེམས་འགྱུར་པ་ལགས། ཡིན་ནའང་དུ་རུ་ཡོ་ནཱ་ནས་ཁག་ཆེ་གཅིག་འདུག།
ལུས་ཀྱི་འོད་མིག་ལགས།
(མད་ཐཱ། ༥:༡༥;༦:༢༢-༢༣)
33ད་སུས་འང་ཀྱུང་སྤར་ཏེ་འོ་དེ་སྦ་ས་ས་ཆ་རུ་མེད་བཞག་བ་ལགས། ཡང་ན་ཁ་བཀབ་སྟེ་མེད་བཞག་བ་ལགས། ཡིན་ནའང་ནང་དུ་འོང་མཁན་ཀྱ་ཡིས་མཐོང་བར་ཤོག་སྨྲས་རེ་རྟག་རྟག་ལ་བཞག་བ་ལགས། 34ཁྱོའི་མིག་ནི་ཁྱོད་རི་ལུས་ཀྱི་འོད་ལགས། དེ་ནས་ཁྱོའི་མིག་ཐང་ང་འོད་ན། ཁྱོད་རི་ལུས་གི་རི་འོད་ཀྱིས་ཁངས་ང་ལགས། ཡིན་ནའང་མིག་གོ་མེད་ཐང་ང་འོད་ན། ཁྱོད་རི་ལུས་གི་རི་མུན་ནག་གིས་ཁངས་ང་ལགས། 35འོ་བྱས་རེ་ཁྱོའི་ནང་གི་འོད་དེ་མིན་ནག་པ་མི་འབྱུང་ཡས་ལ་གཟབ་གཟབ་བྱེད། 36འོ་བྱས་རེ་ཁྱོའི་ལུས་གི་རི་མུན་ནག་པ་གཅིག་འང་མེད་ད་འོད་ཀྱིས་ཁངས་འོད་ན། ཀྱུང་གི་འོད་ཀྱིས་ཁྱོད་ལ་འོད་ཟེར་སྟེར་གྱིན་ཅོག་རེ་ཁྱོད་འང་ཕྲ་ཆག་བའི་འབྱུང་གི་ལགས།
ཡེ་ཤུ་ཕཱ་རུ་ཤི་པ་ཀྱ་དང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་མུ་ལ།
(མད་ཐཱ། ༢༣:༡-༣༦; མར་ཀུ། ༡༢:༣༨-༤༠)
37ཡེ་ཤུ་ཡིས་འོ་དེ་ཀྱ་གསུངས་ཚར་ཏེ་ཕཱ་རུ་ཤི་པ་གཅིག་གིས་ཁོང་པ་ལ་མགྲོན་ལ་བོས་བ་ལགས། འོ་བྱས་རེ་ཁོང་པ་ནང་དུ་ཕེབས་ཏེ་ཞལ་ལག་བཞེས་ཡས་ལ་བཞུགས་པ་ལགས། 38དེ་ནས་ཞལ་ལག་བཞེས་ཡས་ལ་ཨེན་ལ་ཁོང་པ་ཡིས་ཕྱག་མི་བསིལ་གྱིན་གོ་མཐོང་རེ་ཕཱ་རུ་ཤི་པ་ཀྱ་ཧང་སངས་བ་ལགས། 39ཡིན་ནའང་གཙོ་བོ་ཡིས་ཁོ་ལ་གསུངས་བ་ལགས། ཁྱེད་ཕཱ་རུ་ཤི་པ་ཀྱ་ཕོ་ར་དང་སྡེར་མ་ཡི་ཕི་གཅིག་ཀ་གཙང་མ་བཟོ་བ་ལགས། ཡིན་ནའང་ནང་གོ་ཕྲག་དོག་དང་ངན་པ་ཡིས་ཁངས་རེ་བསྡད་འོད་ད་ལགས། 40ཁྱེད་གླེན་པ་ཀྱ་བོ། ཕི་བཀོད་མཛད་མཁན་གྱིས་རང་ནང་གོའང་བཀོད་མཛད་པ་མ་ལེ། 41ཡིན་ནའང་ནང་ལ་འོད་ཀྱིན་གོ་དབུལ་སྤྲེ་ཀྱ་ལ་སྦྱིན་པ་གཏོང་། དེ་ནས་ཁྱོའི་ཕྱིར་ལ་གི་རི་གཙང་མ་འབྱུང་གི་ལགས།
42ཁྱེད་ཕཱ་རུ་ཤི་པ་ཀྱ་མྱངས་བ་ལི། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ལྡུམ་ར་ནང་གི་སྨན་རྩྭ་དང་སྔོ་ཚོད་སྣ་ཚོགས་ཀྱི་བརྒྱ་ཆ་བཅུ་གོ་དཀོན་མཆོག་ལ་འབུལ་ལ་ལགས། ཡིན་ནའང་དཀོན་མཆོག་གི་བྱམས་པ་དང་ཁྲིམས་གཅོད་ལ་ཡ་མི་བྱེད་ད་ལགས། ཁྱེད་ཀྱ་ཡི་ལས་ཀ་ཨེན་མ་དེ་ཡ་མེད་མེད་བཏང་ང་གཤམ་མ་དེ་ཀྱ་ཁྱིད་ཀྱིས་བྱེད་དགོས་ཡས་འོད།
43ཁྱེད་ཕཱ་རུ་ཤི་པ་ཀྱ་མྱངས་བ་ལི། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཚོགས་ཁང་ཀྱ་ནང་དུ་བཞུགས་གྲལ་ཁག་ཆེ་དང་ཁྲོམ་ས་ཀྱ་ལ་གུས་ཞབས་རག་ཡས་ལ་དགའ་བོ་བྱེད་ད་ལགས།
44ཁྱེད་ཀྱ་མྱངས་བ་ལི། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་རྟགས་མེད་ཀྱིན་རོ་ཁང་ཅོག་རེ་འདུག། དེ་ནས་མི་ཀྱ་ལ་ཤེས་ཡས་མེད་ད་འོ་དེ་ཁ་ནས་གོམ་པ་བརྒྱབ་བ་ལགས།
45དེ་ནས་ཆོས་ཁྲིམས་ཀྱི་སློབ་དཔོན་གཅིག་གིས་ཁོང་པ་ལ་ཞུས་བ་ལགས། སློབ་དཔོན་ལགས། ཁྱེད་རང་གིས་དེ་ཀྱ་གསུངས་ང་མཛད་དེ་འེ་ཀྱ་ལའང་སྨད་སྤྲ་པབ་བ་མཛད་འདིག།
46དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། ཁྱེད་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་མྱངས་བ་ལི། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡིས་མི་ཀྱ་ལ་ཁུར་མི་ཐུབ་ཀྱིན་ཆོས་ཁྲིམས་ཀྱི་ཁུར་བཀལ་ལ་ལགས། ཡིན་ནའང་ཁྱེད་ཀྱ་རང་གོ་འོ་དེ་ཁུར་ཀྱ་ལ་ཁྱེད་རི་མཛུབ་གཅིག་གིས་འང་མི་འཇུས་བ་ལགས།
47ཁྱེད་ཀྱ་མྱངས་བ་ལི། གི་བྱས་རེ་སྨྲ་ན་ཁྱིད་ཀྱི་ཕ་མ་ཀྱ་ཡིས་བསད་ས་མངོན་ཤེས་མཁན་ཀྱ་ཡི་དུར་ཁྲོད་ཁྱེད་ཀྱ་བརྩིགས་བ་ལགས། 48འོ་བྱས་རེ་ཁྱེད་ཀྱ་ཁོང་ཀྱ་ཡིས་བྱས་བྱ་ལས་ཀ་དེ་ལ་ཁུང་བསྐྱལ་རེ་དཔང་པོ་བྱེད་ད་ལགས། གི་བྱས་རེ་སྨྲ་ན་ཁྱེད་རི་ཕ་མ་ཀྱ་ཡིས་ཁོང་ཀྱ་ལ་བསད་པ་ལགས། དེ་ནས་ཁྱིད་ཀྱིས་འོ་དེ་ཀྱ་ཡི་རོ་ཁང་བཟོས་བ་ལགས། 49འོ་བྱས་རེ་དཀོན་མཆོག་གི་ཤེས་རབ་ཀྱིས་འང་གསུངས་བ་ལགས། ང་ཁོང་ཀྱ་རྩ་རུ་མངོན་ཤེས་མཁན་ཀྱ་དང་སྐུ་ཚབ་ཀྱ་བརྫངས་ང་ཡིན། ཁོང་ཀྱ་ནས་རིང་འགའ་ལ་བསད་ཀྱི་ལགས། དེ་ནས་རིང་འགའ་ལ་སྡུག་པོ་སྟེར་གྱི་ལགས། 50འོ་བྱས་རེ་འཇིག་རྟེན་དེ་བཀོད་ནས་ཧ་ལ་མངོན་ཤེས་མཁན་ཀྱ་ཡི་ཁྲག་གི་ཆད་པ་གོ་འདི་མི་རབས་ལ་འཕོག་གི་ལགས། 51ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། ཧ་བེལ་གྱི་དུས་ཚོད་ནས་ཟེ་ཀ་རི་ཡཱས་ཐུག་པའི་མཆོད་ཁྲི་དང་མཆོད་ཁང་གི་གུང་དུ་བསད་ས་ཁྲག་གི་ཆད་པ་འདི་མི་རབས་ལ་འཕོག་གི་ལགས།
52ཁྱེད་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་མྱངས་བ་ལི། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡི་ཤེས་རབ་ཀྱི་ལྡེ་མིག་གོ་ཕྲོགས་པ་ལགས། དེ་ནས་ཁྱེད་རང་ཀྱའང་མ་འཛུལ་བ་ལགས། དེ་ནས་འཛུལ་མཁན་ཀྱ་ལའང་བཀག་པ་ལགས།
53དེ་ནས་ཁོང་པ་འོ་དེ་ནས་ཕེབས་བའི་གང་ལ་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་དང་ཕཱ་རུ་ཤི་པ་ཀྱ་ཡིས་ཁོང་པ་ལ་དོན་མང་ང་ཡི་སྐོར་ལ་གསུངས་དུ་བཅུག་ཡས་ལ་བཙིར་པ་ལགས། 54དེ་ནས་ཁོང་པ་ཡི་ཞལ་ནས་ཐོན་གྱིན་ཚིག་ཀྱ་ཟིམ་ཡས་ལ་ཁོང་ཀྱ་སྒུག་སྟེ་བསྡད་པ་ལགས།།
Attualmente Selezionati:
ལུ་ཀ། 11: LOY
Evidenziazioni
Condividi
Copia
Vuoi avere le tue evidenziazioni salvate su tutti i tuoi dispositivi?Iscriviti o accedi
© 2023, Wycliffe Bible Translators, Inc. and Nepal Bible Society