Logo YouVersion
Icona Cerca

ལུ་ཀ། 12

12
ཉེན་བརྡ་དང་སེམས་ཤུགས།
(མད་ཐཱ། ༡༠:༢༦-༢༧)
1འོ་དེ་གང་ལ་མི་སྟོང་ཕྲག་མང་ང་ཡེ་ཤུ་རྩ་རུ་འཛོམས་ཏེ་གཅིག་གིས་གཅིག་ལ་འཚང་ཁ་བརྒྱབ་སྟེ་རྐང་པས་གླེབ་ཡས་བྱས་བ་ལགས། དེ་ནས་ཡེ་ཤུ་ཡིས་ཨེན་ལ་ཁོ་རི་ཉེ་གནས་ཀྱ་ལ་གསུངས་བ་ལགས། ཕཱ་རུ་ཤི་པ་ཀྱ་ཁ་ནས་ལབ་གཅིག་ཡིན་ནའང་ལས་ཀ་གཞན་མ་བྱེད་ཀྱིན་བྱས་རེ་དེ་རེ་སྐྱུར་རྩི་ནས་གཟབ་གཟབ་བྱས་རེ་སྡོད། 2མངོན་དུ་མི་འགྱུར་གྱིན་གིའང་མ་སྦས་འོད་ད་ལགས། དེ་ནས་ཤེས་ཡས་ཡིན་གྱིན་གིའང་གསང་རེ་མ་བཞག་འོད་ད་ལགས། 3འོ་བྱས་རེ་ཁྱེད་ཀྱ་ཡིས་མུན་ནག་པ་ལ་སྨྲས་ན་ལབ་ཀྱ་འོད་ནང་དུ་གོ་གི་ལགས། དེ་ནས་ཁྱིམ་བུག་ནས་ཁ་པ་སྨྲས་ན་ལབ་ཀྱ་ནང་གི་ཐོག་ནས་གསལ་བསྒྲགས་བྱེད་ཀྱི་ལགས།
4ངའི་རོགས་བ་ཀྱ་བོ། ང་ཁྱེད་ཀྱ་ལ་སྨྲ་ཡིན། ལུས་གཅིག་ཀ་བསད་ཐུབ་ཀྱིན། དེ་ནས་འོ་དེ་གཤམ་ནས་གཞན་མ་གིའང་བྱེད་མི་ཐུབ་ཀྱིན་མི་ཀྱ་ལ་ཁྱེད་ཀྱ་མ་འཇིགས། 5ཡིན་ནའང་ཁྱེད་ཀྱ་སུ་ལ་འཇིགས་དགོས་གུ་ལེ་སྨྲས་རེ་ངས་སྟོན་དོ། ལུས་བསད་ཚར་ཏེ་གཤམ་ལ་དམྱལ་བ་དུ་གཡུག་ཡས་ཀྱི་དབང་འོད་ཀྱིན་ཁོང་པ་དཀོན་མཆོག་ལ་འཇིགས། ང་ཁྱེད་ཀྱ་ལ་སྨྲ་ཡིན། ཁོང་པ་ལ་འཇིགས། 6ད་ཁང་བྱིའུ་ལྔ་ལ་ཨ་ལེ་གཉིས་མི་ཁུག་གི་ལེ། ཡིན་ནའང་དེ་ཀྱ་ནས་གཅིག་འང་དཀོན་མཆོག་གི་དྲན་པ་མ་བརྗེད་འོད་ད་ལགས། 7དེ་ནས་ཁྱིད་ཀྱི་མགོ་བའི་སྐྲ་ཀྱ་རེ་རེ་གྲངས་ཀ་བརྩིས་འོད་ད་ལགས། འོ་བྱས་རེ་ཁྱེད་ཀྱ་མ་འཇིགས། ཁྱེད་ཀྱ་ནི་དམི་ཅིག་གི་མང་ང་ཁང་བྱིའུ་ཀྱ་ནས་ཁག་ཆེ་ལགས།
8ང་ཁྱེད་ཀྱ་ལ་སྨྲ་ཡིན། མི་ཀྱ་ཡི་གདོང་དུ་ང་ལ་ཁས་ལེན་མཁན་ཀྱ་ལ་མིའི་བུ་གིས་འང་ནམ་མཁའི་བང་ཆེན་ཀྱ་ཡི་གདོང་དུ་ཁས་ལེན་གྱི་ལགས། 9ཡིན་ནའང་མི་ཀྱ་ཡི་གདོང་དུ་ང་ལ་ཁས་མེད་ལེན་མཁན་ཀྱ་ལ་ནམ་མཁའི་བང་ཆེན་ཀྱ་ཡི་གདོང་དུ་ཁས་མེད་ལེན་གྱི་ལགས། 10མིའི་བུ་ལ་སྨད་སྤྲ་ཚིག་གཅིག་བཏང་ན། འོ་དེ་ལ་དགོངས་ཡངས་འཐོབ་ཀྱི་ལགས། ཡིན་ནའང་དམ་པའི་ཐུགས་ཉིད་ཀྱི་སྐོར་ལ་སྐུར་བ་འདེབས་ཀྱིན་ལ་དགོངས་ཡངས་མེད་འཐོབ་ཀྱི་ལགས།
11ཁྱེད་ཀྱ་ལ་ཚོགས་ཁང་ཀྱ་དང་། དཔོན་པོ་ཀྱ་དང་། དབང་བསྒྱུར་བྱེད་མཁན་ཀྱ་གདོང་དུ་འཁྲིད་དེ་འོངས་བའི་གང་ལ། རང་ལ་གང་གི་བྱས་རེ་སྐྱོབ་ཡས་ཡང་ན་གི་སྨྲ་དགོས་གུ་ལེ་སྨྲས་རེ་སྡུང་ང་མ་བྱེད། 12གི་བྱས་རེ་སྨྲ་ན་འོ་དེ་དུས་ཚོད་ལ་རང་ཁྱེད་ཀྱ་ཡིས་སྨྲ་དགོས་ཀྱིན་གོ་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ཀྱ་ལ་བསླབས་བ་མཛད་ཀྱི་ལགས།
ཕྱུག་པོ་མི་གླེན་པ་གཅིག་གི་དཔེ།
13དེ་ནས་མི་ཚོགས་ཀྱི་ཁོག་ནས་མི་གཅིག་གིས་ཡེ་ཤུ་ལ་ཞུས་བ་ལགས། སློབ་དཔོན་ལགས། ངའི་སྐལ་དའི་ཐོབ་ཐང་གོ་ང་ལ་བགོས་རེ་སྟེར་སྨྲས་རེ་ངའི་ཨ་ཇོ་ལ་གསུངས་ང་མཛད།
14དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། རོགས་བོ། ཁྱོའི་ཁར་ལ་ཁྲིམས་བྱེད་ཡས་ཡང་ན་རྒྱུ་དགོས་ཀྱིན་ང་ལ་སུས་བསྐོས་སོ།
15ཁོང་པ་ཡིས་འོ་དེ་ཀྱ་ལ་གསུངས་བ་ལགས། གཟབ་གཟབ་བྱེད། ཧམ་པ་བྱེད་ཀྱིན་ལས་ཀ་ཀྱ་ནས་སྤྱང་རྫེ་བྱས་རེ་སྡོད། གི་བྱས་རེ་སྨྲ་ན་མིའི་མི་ཚེ་ཁོ་རི་རྒྱུ་མང་ང་འོད་ཀྱིན་ལ་གཅིག་ཀ་རག་མི་ལུས་ལ་ལགས།
16དེ་ནས་ཁོང་པ་ཡིས་དེ་ཀྱ་ལ་དཔེ་གཅིག་གསུངས་བ་ལགས། མི་ཕྱུག་པོ་གཅིག་གི་ཞིང་ལ་ལོ་ཏོག་དམི་ཅིག་གི་དགའ་བྱུང་བ་ལགས། 17འོ་དེ་མི་ཡིས་བསམ་བློ་བཏང་བ་ལགས། ད་ང་གི་བྱེད་ཡད་ཡིན་གྲོའི། ངའི་ལོ་ཏོག་ཀྱ་བཞག་ས་ག་རུའང་མིན་འདུག། 18དེ་ནས་འོ་དེ་ཡིས་སྨྲས་བ་ལགས། ང་དེ་རེ་བྱེད་ཡས་ཡིན། ང་རི་བང་ཁང་གོ་བཤིག་སྟེ་འོ་དེ་ནས་ཆེ་བཟོ་ཡས་ཡིན། དེ་ནས་ངའི་ལོ་ཏོག་དང་རྒྱུ་ནོར་གི་རི་འོ་དེ་རི་བཞག་ཡས་ཡིན། 19དེ་ནས་ང་ང་རང་ལ་སྨྲས་ཡས་ཡིན། ལོ་དམི་ཅིག་གི་མང་ང་ཡི་ཕྱིར་ལ་ཁྱོས་རྒྱུ་བསགས་འདུག། ད་ལྷོད་བྱེད། དེ་ནས་ཟ་འཐུང་སྐྱིད་པོ་གཏོང་།
20ཡིན་ནའང་དཀོན་མཆོག་གིས་འོ་དེ་ལ་གསུངས་བ་ལགས། གླེན་པོ་ཁྱོད། དི་རིང་མཚན་མོ་རང་ཁྱོའི་ཚེ་སྲོག་ཁྱོད་ནས་ལེན་གྱི་ལགས། དེ་ནས་ཁྱོས་བཤམས་ཏེ་བཞག་ཞ་རྒྱུ་ཀྱ་ཡི་བདག་པོ་སུ་འབྱུང་གི་ལེ།
21ཡེ་ཤུ་ཡིས་གསུངས་བ་ལགས། རང་གི་ཕྱིར་ལ་རྒྱུ་ནོར་བསགས་ཀྱིན། ཡིན་ནའང་དཀོན་མཆོག་གི་མིག་བ་དུ་ཕྱུག་པོ་མེད་ཀྱིན་གོ་འོ་དེ་མི་ཅོག་རེ་རང་ལགས།
སྡུང་ང་མ་བྱེད།
(མད་ཐཱ། ༦:༢༥-༣༤)
22དེ་ནས་ཡེ་ཤུ་ཡིས་རང་གི་ཉེ་གནས་ཀྱ་ལ་གསུངས་བ་ལགས། འོ་བྱས་རེ་ང་ཁྱེད་ཀྱ་ལ་སྨྲ་ཡིན། ཁྱོད་རི་སྲོག་གི་ཕྱིར་ལ་གི་ཟ་ཡས་དང་ཁྱོའི་ལུས་ཀྱི་ཕྱིར་ལ་གི་གོན་ཡས་སྨྲས་རེ་སྡུང་ང་མ་བྱེད། 23གི་བྱས་རེ་སྨྲ་ན་ཟ་མ་ལ་ཁག་ཆེ་སྲོག་ལགས། དེ་ནས་གོས་ལག་ནས་ཁག་ཆེ་ལུས་ལགས། 24ཁོ་རོག་ཀྱ་ལ་ལྟོས་དང་། དེ་ཀྱ་ཞིང་བཏབ་ཡས་ཡང་ན་རྔ་ཡས་མི་བྱེད་ད་ལགས། དེ་ནས་འབྲུ་ཁང་དང་བང་ཁང་ལ་མེད་བཞག་བ་ལགས། ཡིན་ནའང་དཀོན་མཆོག་གིས་དེ་ཀྱ་ལ་ཟ་ཡས་གནང་ང་ལགས། ད་ཁྱེད་ཀྱ་བྱ་ཀྱ་ནས་ལྷག་དམི་ཅིག་གི་ཁག་ཆེ་ལགས། 25ཁྱེད་ཀྱ་ནས་སུས་སྡུང་ང་བྱས་རེ་རང་གི་ཚེའི་ཁར་ལ་ཆུ་ཚོད་གཅིག་སྣོན་ག་བརྒྱབ་ཐུབ་ཀྱི་ལགས་སེ། 26ཁྱེད་ཀྱ་དེ་རེ་ཅི་མེ་ལས་ཀ་གཅིག་འང་བྱེད་མི་ཐུབ་ཀྱིན་བྱས་རེ་གཞན་མ་ལབ་ཀྱ་ཡི་ཕྱིར་ལ་གི་བྱས་རེ་སྡུང་ང་བྱེད་ད་ལེ། 27པང་གི་མེ་ཏོག་ལ་ལྟོས་དང་། དེ་ཀྱ་དཀའ་ལས་མེད་བརྒྱབ་བ་ལགས། དེ་ནས་བལ་མེད་འཁལ་ལ་ལགས། ཡིན་ནའང་ང་ཁྱེད་ཀྱ་ལ་སྨྲ་ཡིན། སོ་ལོ་མོན་གྱི་ཁོ་རི་རྒྱུ་ནོར་གི་རི་ནས་འང་དེ་མེ་ཏོག་ཀྱ་ནས་གཅིག་ཅོག་རེ་གོས་མཛེས་བ་གོན་མ་མྱོང་པ་ལགས། 28ཁྱེད་དད་པ་ཆུང་ང་འོད་མཁན་ཀྱ་བོ། དི་རིང་དུ་རུ་འོད་ཀྱིན་ཡིན་ནའང་ཉེ་དྲོ་མེ་ལ་བཅུག་ཡས་ཡིན་གྱིན་ཐང་གི་རྩྭ་ཀྱ་ལ་དཀོན་མཆོག་གིས་གོས་སྐོན་མཛད་ན། འོ་དེ་ཀྱ་ན་ལྷག་ཁྱེད་ཀྱ་ལ་སྐོན་ད་མཛད་ཀྱི་མ་ལེ། 29གི་ཟ་ཡས་ཡང་ན་གི་འཐུང་ཡས་སྨྲས་རེ་ཁྱེད་ཀྱ་བཙལ་རེ་མ་བསྡད། དེ་ནས་སྡུང་ང་མ་བྱེད། 30གི་བྱས་རེ་སྨྲ་ན་འཛམ་བུ་གླིང་གི་མི་ཀྱ་དེ་ཀྱ་བཙལ་ལ་ལགས། དེ་ནས་ཁྱེད་ཀྱ་ལ་དེ་ཀྱ་དགོས་ལ་ལགས་སྨྲས་རེ་ཁྱིད་ཀྱི་ཡབ་ཀྱི་མཁྱེན་ད་ལགས། 31ཡིན་ནའང་དཀོན་མཆོག་གི་རྒྱལ་སྲིད་འཚོལ། དེ་ནས་དེ་ཀྱ་གི་རི་ཁྱེད་ཀྱ་ལ་གནང་གི་ལགས།
32ཁྱེད་ཁྱུ་ཆུང་ང་ཀྱ་བོ། མ་འཇིགས། གི་བྱས་རེ་སྨྲ་ན་རྒྱལ་སྲིད་གོ་ཁྱེད་ཀྱ་ལ་གནང་ཡས་ལ་ཁྱིད་ཀྱི་ཡབ་ཐུགས་མཉེས་བོ་མཛད་ད་ལགས། 33ཁྱོད་རི་རྒྱུ་ནོར་བཙོངས་རེ་དབུལ་སྤྲེ་ཀྱ་ལ་སྦྱིན་པ་གཏོང་། ཁྱོད་རི་ཕྱིར་ལ་རྙིང་པ་ལ་མེད་འགྲོ་གིན་ཁུག་མ་བཟོས། འོ་དེ་ནང་དུ་ནམ་མའང་མེད་རྫོགས་ཀྱིན་རྒྱུ་ནོར་ནམ་མཁའི་ཞིང་ཁམས་དུ་བསགས་ཏེ་ཞོག། འོ་དུ་རུ་རྐུན་མོ་མེད་ཡོང་ང་ལགས། དེ་ནས་མུག་པས་མེད་ཟ་ལགས། 34གི་བྱས་རེ་སྨྲ་ན་ཁྱེད་རི་རྒྱུ་ག་རུ་འོད་ས་རུ་ཁྱེད་རི་སེམས་གོའང་ཆགས་ཀྱི་ལགས།
གཙོ་བོ་ཕེབས་ཡས་ལ་གྲ་སྒྲིག་བྱས་རེ་སྡོད།
35ཞབས་ཕྱི་ཞུ་ཡས་ལ་ཁྱིད་ཀྱི་སྐེད་རགས་རེལ་རེ་ཁྱིད་ཀྱིས་ཀྱུང་གོ་སྤར་ཏེ་ཞོག། 36ཁོ་རོང་ཀྱ་ཡི་བདག་པོ་མནའ་མ་ལེན་ས་ནས་ལོག་སྟེ་འོང་མེད་བོ་སྨྲས་རེ་སྒུག་སྟེ་བསྡད་ཀྱིན་དང་སྒོ་རྡུང་བའི་གང་ལ་ལམ་སང་སྒོ་པེ་ཀྱིན་གཡོག་པོ་ཀྱ་ཅོག་རེ་ཁྱེད་ཀྱ་འབྱུང་དགོས་ཀྱི་ལགས། 37དེ་ནས་བདག་པོ་གོ་ནང་ལ་ལོག་སྟེ་འོང་བའི་གང་ལ་གཡོག་པོ་ཀྱ་གཉིད་མ་ལོག་བ་བསྡད་ཀྱིན་ཐུག་ན། འོ་དེ་གཡོག་པོ་ཀྱ་བྱིན་རླབས་ཆེ་ལགས། ང་དངོས་གནས་ཁྱེད་ཀྱ་ལ་སྨྲ་ཡིན། འོ་དེ་བདག་པོ་ཡིས་རང་གི་སྐེད་རགས་རེལ་རེ་གཡོག་པོ་ཀྱ་ལ་ཟ་མ་ཟ་ཡས་ལ་བསྡད་དུ་བཅུག་སྟེ་ཁོང་ཀྱ་ཡི་ཞབས་ཕྱི་ཞུ་གི་ལགས། 38བདག་པོ་གོ་མཚན་གྱི་དུས་གཉིས་བ་ཡང་ན་གསུམ་པ་ལ་ལོག་སྟེ་འོང་བའི་གང་ལ་གཡོག་པོ་ཀྱ་གཉིད་མ་ལོག་བ་བསྡད་ཀྱིན་ཐུག་ན། འོ་དེ་གཡོག་པོ་ཀྱ་བྱིན་རླབས་ཆེ་ལགས། 39ཡིན་ནའང་ཁྱེད་ཀྱ་ལ་དེ་ཆ་འོང་གི་ལགས། རྐུན་མོ་འོང་གིན་དུས་ཚོད་གོ་བདག་པོ་ལ་ཨེན་དུ་རུ་ཆ་འོད་ན། ཁོས་ཁོ་རི་ནང་དུ་རྐུན་མོ་འཛུལ་རུ་བཅུག་ཡས་མེད། 40ཁྱེད་ཀྱའང་གྲ་སྒྲིག་བྱས་རེ་སྡོད། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡིས་མ་བསམས་ཀྱིན་དུས་ཚོད་ལ་མིའི་བུ་ཕེབས་ཀྱི་ལགས།
41དེ་ནས་པེ་ཏྲོ་ཡིས་དྲིས་བ་ལགས། གཙོ་བོ། དཔེ་དེ་འེ་ཀྱ་ལ་གཅིག་ཀ་གསུངས་ང་ལེ། ཡང་ན་གི་རིའི་ཕྱིར་ལ་གསུངས་ང་ལེ།
42གཙོ་བོ་ཡིས་གསུངས་བ་ལགས། ད་བདག་པོ་ཡིས་རང་གི་ནང་མི་ཀྱ་ལ་དུས་ཚོད་ཏག་ཏག་ལ་རང་རང་གི་སྐལ་ད་ཡི་ཟ་མ་སྟེར་ཡས་ལ་བཀོད་ཀ་གཉེར་པ་བློ་བཀལ་ཐུབ་ཀྱིན་དང་ཤེས་རབ་ཅན་གོ་སུ་ལེ། 43བདག་པོ་གོ་ལོག་སྟེ་འོང་བའི་གང་ལ་ཁོས་འོ་དེ་བྱས་རེ་བསྡད་ཀྱིན་གོ་ཐུག་ན། འོ་དེ་གཡོག་པོ་གོ་བྱིན་རླབས་ཆེ་ལགས། 44ང་བདེན་པ་རང་ཁྱེད་ཀྱ་ལ་སྨྲ་ཡིན། བདག་པོ་ཡིས་རང་གི་རྒྱུ་ནོར་གི་རིའི་ཁར་ལ་ཁོ་ལ་དབང་ཆ་སྟེར་གྱི་ལགས། 45ཡིན་ནའང་ངའི་བདག་པོ་གོ་འོང་ཡས་ལ་འགོར་གྱི་ལགས་སྨྲས་རེ་བསམས་ཏེ་གཞན་མ་གཡོག་པོ་གཡོག་མོ་ཀྱ་ལ་རྡུང་ཡས་འགོ་བཙུགས་ཏེ། དེ་ནས་ཁོ་རང་ཟ་འཐུང་བྱས་རེ་བཟི་རེ་བསྡད་ན། 46འོ་དེ་ཡིས་མ་བསམས་ཀྱིན་ཉིན་མ་དང་ཧ་མ་གོ་གིན་དུས་ཚོད་ལ་བདག་པོ་འོང་གི་ལགས། དེ་ནས་ཁོ་ལ་དུམ་བུ་དུམ་བུ་ལ་གཏུབས་ཏེ་དད་པ་མི་བྱེད་ཀྱིན་མི་ཀྱ་མུ་ལ་གཡུག་གི་ལགས།
47ཁོ་རི་བདག་པོ་ཡིས་འཐད་ཀྱིན་གོ་ཧ་གོ་སྟེའང་གྲ་སྒྲིག་མ་བྱས་བ། བདག་པོ་ཡིས་འཐད་ཀྱིན་ཅོག་རེ་མི་བྱེད་ཀྱིན་གཡོག་པོ་ལ་རྡུང་ད་ཚབས་ཆེ་འཕོག་གི་ལགས། 48ཡིན་ནའང་བདག་པོ་ཡིས་འཐད་ཀྱིན་གོ་མེད་ཤེས་ཀྱིན་གཡོག་པོ་ཡིས་རྡུང་དགོས་ཀྱིན་ལས་ཀ་བྱེད་ན། ཁོ་ལ་རྡུང་ད་ཉུང་ང་འཕོག་གི་ལགས། མང་ང་ཐོབ་ཐ་ཀྱ་ནས་མང་ང་ལེན་གྱི་ལགས། དེ་ནས་མང་ང་བརྩིས་བརྒྱབ་གྱ་ཀྱ་ནས་མང་ང་བསླངས་ཀྱི་ལགས།
ཞི་བདེ་མིན་ད་ཁ་འབྲལ་གྱིན།
(མད་ཐཱ། ༡༠:༣༤-༣༦)
49ཡེ་ཤུ་ཡིས་གསུངས་བ་ལགས། ང་འཇིག་རྟེན་དུ་ཁྲིམས་གཅོད་ཀྱི་མེ་སྤར་དུ་འོངས་བ་ཡིན། འོ་དེ་མེ་ཨེན་དུ་རུ་འབར་ས་འོད་ན་སྒྲིག་ཡས་འོད། 50ང་ཁྲུས་གསོལ་གཅིག་ལེན་དགོས་ཡས་འོད། འོ་དེ་ཁྲུས་གསོལ་མ་འགྲུབ་ཐུག་པའི་ང་ལ་དམི་ཅིག་གི་མྱངས་ཆེ་འདུག། 51ང་འཇིག་རྟེན་དུ་ཞི་བདེ་བསྐྱལ་རུ་འོངས་བ་ཡིན་སྨྲས་རེ་མ་བསམ། ང་ཞི་བདེ་བསྐྱལ་རུ་འོངས་བ་མིན། ཡིན་ནའང་མ་ལགས། ང་ཁྱེད་ཀྱ་ལ་སྨྲ་ཡིན། ང་ཁ་ཕྲལ་རུ་འོངས་བ་ཡིན། 52གི་བྱས་རེ་སྨྲ་ན་ད་དེ་ནས་ཧ་ལ་ཁང་པ་གཅིག་ཏུ་ནང་མི་ལྔ་འོད་ན། འོ་དེ་ཀྱ་དབྱེ་བ་བས་རེ་མི་གསུམ་གཉིས་ཀྱི། དེ་ནས་གཉིས་གསུམ་གྱི་དགྲ་ལ་བསླངས་ཀྱི་ལགས། 53ཨ་རྒས་བི་ཛ་དང་བི་ཛ་ཨ་རྒས་ལ། དེ་ནས་ཨ་མ་བུ་མོ་དང་བུ་མོ་ཨ་མ་ལ། དེ་ནས་ཨ་མ་མནའ་མ་དང་མནའ་མ་ཡི་ཨ་མ་ལ་བྱས་རེ་དབྱེ་བ་བས་རེ་དགྲ་ལ་བསླངས་ཀྱི་ལགས།
དུས་ཚོད་ཀྱི་བརྟག་དཔྱད།
(མད་ཐཱ། ༡༦:༢-༣;༥:༢༥-༢༦)
54དེ་ནས་ཡེ་ཤུ་ཡིས་མི་མང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ནུབ་ཕྱོགས་ལ་སྲིན་འཁོར་ཁ་མཐོང་ན། ཨུ་ཀུ་ར་སྨྲ་ལགས། ཆར་བ་བརྒྱབ་ཡས་འདུག། དེ་ནས་འོ་དེ་རང་བྱུང་ང་ལགས། 55དེ་ནས་ལྷོ་ཕྱོགས་ཀྱི་རླུང་པོ་བརྒྱབ་ན་ཁྱེད་ཀྱ་སྨྲ་ལགས། ཚ་བ་ཚ་གི་ལགས། དེ་ནས་འོ་དེ་རེ་བྱུང་ང་ལགས། 56ཁྱེད་ཟོག་པོ་ཀྱ་བོ། ཁྱེད་ཀྱ་གནམ་དང་ས་ལ་བལྟས་རེ་གནམ་གཤིས་ག་རེ་འོང་གི་ལགས་སྨྲས་རེ་སྨྲ་ཐུབ་ན། ད་ལྟའི་དུས་ཀྱི་རྟགས་ཀྱ་ཁྱེད་ཀྱ་གི་བྱས་རེ་ཧ་མེད་གོ་ར་ལེ། 57རང་གི་ཕྱིར་ལ་དྲང་ང་གིན་གོ་ལེ་སྨྲས་རེ་གི་བྱས་རེ་ཐག་བཅད་མི་ཐུབ་བ་ལེ། 58ཁྱོད་རང་གི་ཁམ་མཆུ་ཐུབ་མཁན་མུ་ལ་ཁྲིམས་དཔོན་རྩ་རུ་འགྲོའི་གང་ལ་ལམ་ཁ་ལ་རང་ཁོའི་མུ་ལ་མཐུན་ཡས་ཐབས་ཤེས་བྱེད། དེ་རེ་མ་བྱས་ན་འོ་དེ་ཡིས་ཁྱོད་ལ་ཁྲིམས་དཔོན་རྩ་རུ་ཁྲིད་དེ་འགྲོ་གི་ལགས། དེ་ནས་ཁྲིམས་དཔོན་གྱིས་ཁྱོད་ལ་འགོ་བྱེད་ཀྱི་ལག་ཀ་ལ་རྩི་བརྒྱབ་ཀྱི་ལགས། དེ་ནས་འགོ་བྱེད་ཀྱིས་ཁྱོད་ལ་བཙོན་ཁང་དུ་གདགས་གི་ལགས། 59ང་ཁྱོད་ལ་སྨྲ་ཡིན། ཞུག་ཡོག་གིས་སྒོར་མོ་གཅིག་གོ་མ་འཇང་གིན་ཐུག་པའི་ཁྱོད་འོ་དེ་ནས་ཕི་ལ་ཐར་གྱི་མ་ལགས།།

Attualmente Selezionati:

ལུ་ཀ། 12: LOY

Evidenziazioni

Condividi

Copia

None

Vuoi avere le tue evidenziazioni salvate su tutti i tuoi dispositivi?Iscriviti o accedi