Logo YouVersion
Icona Cerca

ལུ་ཀ། 10

10
ཡེ་ཤུའི་ཉེ་གནས་ཀྱ་བརྫངས་བ།
1འོ་དེ་གཤམ་ནས་གཙོ་བོ་ཡིས་གཞན་མ་མི་བདུན་བཅུ་དོན་གཉིས་ལ་བདམས་མ་མཛད་པ་ལགས། དེ་ནས་ཁོང་ཀྱ་ལ་མི་གཉིས་གཉིས་བྱས་རེ་ཁོང་པ་རང་ཕེབས་ཡས་མཛད་ཀྱིན་རྒྱལ་ས་དང་། ཡུལ་གི་རི་ལ་ཁོང་པ་ཡི་ཨེན་ལ་བརྫངས་བ་ལགས། 2ཁོང་པ་ཡིས་དེ་ཀྱ་ལ་གསུངས་བ་ལགས། སྟོན་ཐོག་མང་ང་འདུག། ཡིན་ནའང་མི་ལག་ཀྱ་ཉུང་ང་འདུག། འོ་བྱས་རེ་སྟོན་ཐོག་གི་གཙོ་བོ་ལ་རང་གི་སྟོན་ཐོག་གི་ཕྱིར་ལ་མི་ལག་བཏང་རོགས་གནང་སྨྲས་རེ་གསོལ་བ་འདེབས། 3ད་སོང་། ང་ཁྱེད་ཀྱ་ལ་སྤྱུང་གུ་ཀྱ་ཁོག་ལ་ལུག་ཕྲུག་ཅོག་རེ་བྱས་རེ་བཏང་ང་ཡིན། 4ཁྱིད་ཀྱི་མུ་ལ་ཨ་ལེ་དང་ཁུག་མ་དང་པོ་ལེ་མ་ཁྱེར། དེ་ནས་ལམ་ལ་ཐུག་གིན་སུ་ལའང་འཚམས་འདྲི་མ་ཞུས། 5ཁྱེད་ཀྱ་འཛུལ་ཛ་ནང་གོ་རུ་ཨེན་ལ་དེ་རེ་སྨྲོས། འདི་ཁང་པ་ལ་ཞི་བདེ་བབ་བར་ཤོག། 6འོ་དེ་ནང་དུ་ཞི་བདེའི་མི་འོད་ན། ཁྱེད་ཀྱ་ཡི་ཞི་བདེ་ཁོ་ལ་གནས་ཀྱི་ལགས། ཡིན་ནའང་མེད་ན་འོ་དེ་ཁྱེད་ཀྱ་ལ་རང་ལོག་སྟེ་འོང་གི་ལགས། 7དེ་ནས་འོ་དེ་ནང་དུ་རང་གི་སྟེར་གྱིན་གོ་ཟ་འཐུང་བྱས་རེ་སྡོད། གི་བྱས་རེ་སྨྲ་ན་ལས་ཀ་བྱེད་མཁན་ལ་ཁོ་རི་གླ་ཆ་ཐོབ་དགོས་ཀྱི་ལགས། དེ་ནས་ཁང་པ་གཅིག་ནས་གཞན་མ་ལ་མ་འགྲོ།
8ཁྱེད་ཀྱ་རྒྱལ་ས་གཅིག་ལ་འཛུལ་རེ་འོ་དེའི་མི་ཀྱ་ཡིས་ཁྱེད་ཀྱ་ལ་གནས་ཚང་གཡར་ན། ཁྱིད་ཀྱི་གདོང་དུ་གི་བཞག་གིན་གོ་ཟོ། 9འོ་དུ་རུ་འོད་ཀྱིན་ནད་པ་ཀྱ་ལ་བཅོས་ག་བྱེད། དེ་ནས་འོ་དེ་ཀྱ་ལ་སྨྲོས། དཀོན་མཆོག་གི་རྒྱལ་སྲིད་ཁྱིད་ཀྱི་ཉེ་ལ་སླེབས་ཚར་འདུག། 10ཡིན་ནའང་ཁྱེད་ཀྱ་རྒྱལ་ས་ག་རུ་འཛུལ་ལི། འོ་དེའི་མི་ཀྱ་ཡིས་ཁྱེད་ཀྱ་ལ་གནས་ཚང་མེད་གཡར་ན། འོ་དེའི་སྲང་གག་ཀྱ་ལ་སོང་རེ་དེ་རེ་སྨྲོས། 11འི་ཀི་རྐང་པའི་མཐིལ་ལ་འགོས་ག་ཁྱིད་ཀྱི་རྒྱལ་སའི་ཐལ་ལ་གོའང་ཁྱེད་ཀྱ་ལ་སྲུག་བ་ཡིན། གི་ཡིན་ན་དེ་ཧ་གོ་ར་བྱེད། དཀོན་མཆོག་གི་རྒྱལ་སྲིད་ཉེ་སླེབས་ཚར་འདུག། 12ང་ཁྱེད་ཀྱ་ལ་སྨྲ་ཡིན། ཁྲིམས་བཅད་ཀྱིན་ཉིན་མ་ལ་སཱ་དོམ་རྒྱལ་ས་ནས་ལྷག་དེ་རྒྱལ་ས་དེ་ལ་ཁྲིམས་འཕོག་གི་ལགས།
13ཁྱོད་ཀོ་ར་ཟིན་མྱངས་བ་ལི། ཁྱོད་བེད་སད་དཱ་མྱངས་བ་ལི། གི་བྱས་རེ་སྨྲ་ན་ཁྱིད་ཀྱི་གུང་དུ་བྱུང་བྱ་ཧང་སང་གིན་ལས་ཀ་ཀྱ་ཏཱ་ཨར་དང་སི་དཱོན་དུ་བྱུང་འོད་ན། ཁོང་ཀྱ་ཡིས་རྩྭ་རས་གོན་ཏེ་གོ་ཐལ་བྲུ་རེ། ཨེན་མ་ནས་རང་སྡིག་པ་སྤངས་རེ་སེམས་བསྒྱུར་འོད་གྲོ། 14ཡིན་ནའང་ཁྲིམས་བཅད་ཀྱིན་ཉིན་མ་གོ་ལ་ཏཱ་ཨར་དང་སི་དཱོན་ནས་ལྷག་ཁྱེད་ཀྱ་ལ་ཁྲིམས་འཕོག་གི་ལགས། 15དེ་ནས་ཀཱ་ཕར་ན་ཧུམ་གྱི་མི་ཀྱ་བོ། ཁྱེད་ཀྱ་ནམ་མཁའི་ཞིང་ཁམས་དུ་བཏག་གྲོ་བསམས་བའི། མ་ལགས། ཁྱེད་ཀྱ་དམྱལ་བའི་གཏིང་ལ་འགྲོ་གི་ལགས།
16ཡེ་ཤུ་ཡིས་ཉི་གནས་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ལ་ཉན་མཁན་གྱིས་ང་ལ་ཉན་གྱི་ལགས། དེ་ནས་ཁྱེད་ཀྱ་ལ་ཁས་མེད་ལེན་མཁན་ཀྱ་ཡིས་ང་ལ་ཁས་མེད་ལེན་ད་ལགས། དེ་ནས་ང་ལ་ཁས་མེད་ལེན་མཁན་ཀྱ་ཡིས་ང་ལ་བཏང་མཁན་ལ་ཁས་མེད་ལེན་ད་ལགས།
ཉེ་གནས་ཀྱ་ལོག་པ།
17ད་ཉེ་གནས་བདུན་ཅུ་དོན་གཉིས་ཀྱ་ཉམ་མོ་དགྱེས་རེ་ལོག་སྟེ་འོངས་རེ་སྨྲས་བ་ལགས། གཙོ་བོ། ཁྱེད་རང་གི་མཚན་གྱི་ཐོག་ནས་གནོད་པ་ཀྱའང་འི་ཀི་ཁ་ལ་མཉན་འདིག།
18ཡེ་ཤུ་ཡིས་འོ་དེ་ཀྱ་ལ་གསུངས་བ་ལགས། ངས་ནམ་མཁའི་ཞིང་ཁམས་ནས་གློག་འཁྱུག་གི་འོད་བརྒྱབ་ཀྱིན་ཅོག་རེ་སཱ་ཏན་ལྷིམ་ཏེ་འོང་གིན་གོ་མཐོང་སོང་། 19ངས་ཁྱེད་ཀྱ་ལ་སྦྲུལ་དང་སྡིག་པ་རྭ་ཙ་ཀྱ་ལ་རྐང་པས་གླེབ་ཡས་དང་དགྲ་ཡི་དབང་གི་རིའི་ཁར་ལ་དབང་ཆ་སྟེར་འོད། དེ་ནས་གིན་གྱིས་འང་ཁྱེད་ཀྱ་ལ་གནོད་བསྐྱལ་གྱི་མ་ལགས། 20གི་ཡིན་ན་གནོད་པ་ཀྱ་ཁྱིད་ཀྱི་ཁ་ལ་མཉན་འདིག་སྨྲས་རེ་དེ་ལ་ཉམ་མོ་མ་དགའ། ཡིན་ནའང་ནམ་མཁའི་ཞིང་ཁམས་དུ་ཁྱིད་ཀྱི་མིང་བྲིས་ཀྱིན་གོ་ལ་ཉམ་མོ་དགའོ།
21འོ་དེ་གང་ལ་ཡེ་ཤུ་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་ཉམ་མོ་དགྱེས་རེ་གསུངས་བ་ལགས། ནམ་མཁའ་དང་འཛམ་བུ་གླིང་གི་གཙོ་བོ། ངའི་ཡབ། ཁྱེད་རང་ལ་ང་བསྟོད་སྒྲ་འབུལ་ལ་ཡིན། གི་བྱས་རེ་སྨྲ་ན་ཁྱེད་རང་གིས་དེ་ལབ་ཀྱ་མཁས་བ་ཀྱ་དང་རིག་པ་སྤྱང་ང་ཀྱ་ནས་གསང་ང་མཛད་དེ་ཕྲུ་བ་ཀྱ་ལ་སྟོན་མཛད་པ་ལགས། ལགས་ཡབ། དེ་རང་ཁྱེད་རང་གི་ཐུགས་དགོངས་བཟང་པོ་གོ་ལགས།
22ངའི་ཡབ་ཀྱིས་ང་ལ་གི་རི་གནང་ང་མཛད་འོད་ད་ལགས། ཡབ་ཀྱིས་མ་ན་སྲས་ལ་སུས་འང་མེད་ཤེས་ལ་ལགས། ཡང་སྲས་དང་སྲས་ཀྱིས་སྟོན་ཡས་འདོད་པ་མཛད་ཀྱིན་མི་ཀྱ་མ་ན་ཡབ་སུ་ཡིན་གྱིན་གོ་སུ་ལ་ཤེས་ཡས་མེད་ད་ལགས།
23དེ་ནས་ཁོང་པ་ཡིས་ཉེ་གནས་ཀྱ་ཡི་ཕྱོགས་ལ་གཟིགས་ཏེ་ཁོང་ཀྱ་ལ་ཟུར་ལ་གསུངས་བ་ལགས། ཁྱེད་ཀྱ་ཡིས་གི་མཐོང་ཐ་གོ་མཐོང་གིན་མིག་ཀྱ་བྱིན་རླབས་ཆེ་ལགས། 24གི་བྱས་རེ་སྨྲ་ན་ང་ཁྱེད་ཀྱ་ལ་སྨྲ་ཡིན། ཁྱེད་ཀྱ་ཡིས་གི་མཐོང་ཐ་གོ་མཐོང་ཡས་དང་། ཁྱེད་ཀྱ་ཡིས་གོ་གོ་བ་གོ་ཉན་ཡས་ཀྱི་འདོད་པ་མངོན་ཤེས་མཁན་ཀྱ་དང་རྒྱལ་བོ་མང་ང་ཡིས་འདོད་པ་ལགས། ཡིན་ནའང་མ་མཐོང་བ་ལགས། དེ་ནས་མ་གོ་པ་ལགས།
སཱ་མ་རི་པ་གཅིག་གི་དཔེ།
(མད་ཐཱ། ༢༢:༣༤-༤༠; མར་ཀུ། ༡༢:༢༨-༣༡)
25ཉིན་མ་གཅིག་ཆོས་ཁྲིམས་ཀྱི་སློབ་དཔོན་གཅིག་གིས་ཡེ་ཤུ་ལ་ཚོད་ལྟ་བྱེད་ཡས་ལ་ལངས་རེ་སྨྲས་བ་ལགས། སློབ་དཔོན་ལགས། མཐའ་མེད་པའི་ཚེ་སྲོག་ཐོབ་ཡས་ལ་ངས་གི་བྱེད་དགོས་གུ་ལེ།
26དེ་ནས་ཁོང་པ་ཡིས་ཁོ་ལ་གསུངས་བ་ལགས། ཆོས་ཁྲིམས་ནང་དུ་གི་བྲིས་འདུག་བོ། ཁྱོད་གང་བྱས་རེ་སྒྲོག་བའི་འོད་དོ།
27དེ་ནས་ཁོས་སྨྲས་བ་ལགས། ཁྱོད་ཁྱོད་རི་གཙོ་བོ་དཀོན་མཆོག་ལ་སྙིང་གཏིང་ནས་དང་། སེམས་ཀྱི་གཏིང་ནས་དང་། རང་གི་སྟོབས་གི་རི་ནས། དེ་ནས་རང་གི་ནུས་པ་གི་རི་ནས་བརྩེ་བ་བྱེད། དེ་ནས་རང་གི་ཁྱིམ་མཚེས་ལ་རང་ལ་ཅོག་རེ་གཅེས་བ་བྱེད།
28དེ་ནས་ཁོང་པ་ཡིས་ཁོ་ལ་གསུངས་བ་ལགས། ཁྱོས་བདེན་པ་སྨྲས་སོང་། ད་ཁྱོད་དེ་རེ་བྱེད། དེ་ནས་ཁྱོད་གསོན་པོ་གནས་ཀྱི་ལགས།
29ཡིན་ནའང་ཁོ་རང་ལ་དྲང་པོ་འོད་སྨྲས་རེ་ཁུང་བསྐྱལ་ཡས་ལ་ཡེ་ཤུ་ལ་ཞུས་བ་ལགས། ད་ངས་ཁྱིམ་མཚེས་གོ་སུ་ལེ།
30ཡེ་ཤུ་ཡིས་གསུངས་བ་ལགས། མི་གཅིག་ཡེ་རུ་ཤ་ལེམ་རྒྱལ་ས་ནས་ཡེ་རི་ཀོ་ཕྱོགས་ལ་འགྲོའི་འོད་ད་ལགས། དེ་ནས་ཁོ་ཇག་པ་ཀྱ་ཡི་ལག་པ་ལ་ཕྲད་པ་ལགས། དེ་ནས་ཁོང་ཀྱ་ཡིས་ཁོའི་གོས་ལག་ཀྱ་རལ་རེ་བུད་དེ། དེ་ནས་ཁོ་ལ་བརྡུངས་རེ་མ་ཤི་ཚོད་བཟོས་རེ་བོར་ཏེ་སོང་བ་ལགས། 31ད་འོ་དེ་ལམ་ཁ་ནས་མཆོད་དཔོན་གཅིག་འགྲོ་གིན་ཁབ་ཐུ་བརྒྱབ་པ་ལགས། དེ་ནས་ཁོས་ཁོ་ལ་མཐོང་རེ་ལམ་གཞན་མ་ནས་སོང་བ་ལགས། 32དེ་རེ་རང་བྱས་རེ་ལེ་ཝི་གཅིག་འོ་དེ་ས་ཆ་རུ་འོངས་རེ་ཁོ་ལ་མཐོང་རེ་ལམ་གཞན་མ་ནས་སོང་བ་ལགས། 33ཡིན་ནའང་ས་མར་ཡཱ་པ་འགྲུལ་པ་གཅིག་ཁོ་འོད་ས་རུ་སླེབས་པ་ལགས། དེ་ནས་ཁོས་ཁོ་ལ་མཐོང་རེ་སྙིང་རྗེ་བ་ལགས། 34དེ་ནས་ཁོ་འོ་དེ་མི་འགྲམ་དུ་སོང་རེ་ཁོའི་རྨ་ལ་སྣུམ་དང་རྒུན་ཆང་བླུགས་ཏེ་རས་ཀྱིས་བསྡམས་པ་ལགས། དེ་ནས་ཁོས་ཁོ་ལ་རང་གི་བུང་གུ་ཁར་ལ་བསྐྱོན་ཏེ་མགྲོན་ཁང་གཅིག་ཏུ་ཁྱེར་པ་ལགས། དེ་ནས་ཁོའི་བདག་པོ་བརྒྱབ་པ་ལགས། 35དེ་ནས་ཉེ་དྲོ་གོ་ཁོས་དངུལ་གྱི་ཊམ་ཀ་གཉིས་བཏོན་ཏེ་མགྲོན་ཁང་གི་བདག་པོ་ལ་སྟེར་ཏེ་སྨྲས་བ་ལགས། ཁོ་ལ་བདག་པོ་བརྒྱབ་རོགས་བྱེད། དེ་ནས་འདི་ནས་མང་ང་འགྲོ་སོང་འགྲོ་ན། ང་ལོག་སྟེ་འོང་བའི་གང་ལ་ཁྱོད་ལ་སྐྱིན་པ་སྟེར་རོ།
36དེ་ནས་ཡེ་ཤུ་ཡིས་དྲིས་བ་ལགས། ཁྱོའི་བསམ་བློ་ལ་དེ་གསུམ་ནས་ཇག་པ་ཀྱ་ཡི་ལག་ཀ་ལ་ཕྲད་ཕྲ་མིའི་ཁྱིམ་མཚེས་སུ་ཡིན་གྲོའི།
37དེ་ནས་ཆོས་ཁྲིམས་ཀྱི་སློབ་དཔོན་གྱིས་སྨྲས་བ་ལགས། འོ་དེ་མི་ལ་སྙིང་རྗེ་སྟོན་མཁན་གོ།
དེ་ནས་ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ཁྱོད་སོང་། དེ་ནས་དེ་རེ་རང་བྱེད།
ཡེ་ཤུ་མཱར་ཐ་དང་མིར་ཡམ་གྱི་ནང་ལ།
38ད་ཡེ་ཤུ་དང་ཁོང་པ་ཡི་ཉེ་གནས་ཀྱ་ཕེབས་བའི་གང་ལ་ཁོང་པ་ཀྱ་ཡུལ་གཅིག་ནང་དུ་ཕེབས་པ་ལགས། དེ་ནས་མར་ཐཱ་སྨྲ་གིན་སྐྱེས་དམན་གཅིག་གིས་ཁོང་པ་ལ་མོ་རི་ནང་དུ་ཕེབས་བསུ་ཞུས་བ་ལགས། 39མོ་ལ་མིར་ཡམ་སྨྲ་གིན་ནུ་མོ་གཅིག་འོད་ད་ལགས། མིར་ཡམ་གཙོ་བོའི་ཞབས་འགྲམ་དུ་བསྡད་དེ་ཁོང་པའི་བཀའ་སློབ་མཉན་ཏེ་བསྡད་འོད་ད་ལགས།
40ཡིན་ནའང་མར་ཐཱ་ཞབས་ཕྱི་ཞུ་ཡས་ལས་ཀ་ལ་མགོ་གཡེལ་རེ་བསྡད་འོད་ད་ལགས། དེ་ནས་མོ་ཡེ་ཤུ་རྩ་རུ་བཅར་ཏེ་ཞུས་བ་ལགས། གཙོ་བོ། ངའི་ནུ་མོ་ཡིས་ང་གཅིག་ཀ་ལས་ཀ་བྱེད་ཡས་ལ་བོར་ཏེ་བཞག་གིན་གོ་ཁྱེད་རང་མི་གཟིགས་བ་ལེ། ང་ལ་རོགས་བ་བྱེད་ཡས་ལ་མོ་ལ་བཀའ་གནང་རོགས་གནང་།
41ཡིན་ནའང་ཡེ་ཤུ་ཡིས་མོ་ལ་ལན་མཛད་པ་ལགས། མར་ཐཱ། མར་ཐཱ། ཁྱོད་ལས་ཀ་མང་ང་ཡི་སྐོར་ལ་སེམས་ཁྲལ་དང་ཁོང་ཁྲོ་བྱེད་འདིག། 42ཡིན་ནའང་དགོས་ཀྱིན་གོ་གཅིག་གཅིག་ཀ་ལགས། མིར་ཡམ་གྱིས་ལས་ཀ་བཟང་ང་གོ་བདམས་འདུག། དེ་ནས་འོ་དེ་མོ་ནས་འཕྲོག་གི་མ་ལགས།།

Attualmente Selezionati:

ལུ་ཀ། 10: LOY

Evidenziazioni

Condividi

Copia

None

Vuoi avere le tue evidenziazioni salvate su tutti i tuoi dispositivi?Iscriviti o accedi