YouVersion logo
Ikona pretraživanja

མཛད་པ། 8

8
1རྡོ་གོང་བཞུས་ཏེ་སེ་ཏེ་ཕཱན་ལ་བསད་མཁན་གོ་ལ་ཤ་ཨུལ་གིས་འང་ངོས་ལེན་བྱས་བ་ལགས།
ཤ་ཨུལ་གྱིས་དད་པ་བྱེད་མཁན་ཀྱ་ལ་སྡུག་པོ་བཏང་བ།
འོ་དེ་ཉིན་མ་ནས་རང་ཡེ་རུ་ཤ་ལེམ་དུ་འོད་ཀྱིན་ཆོས་ཚོགས་ལ་དམི་ཅིག་གི་སྡུག་པོ་མྱངས་ཡས་འགོ་བཙུགས་པ་ལགས། དེ་ནས་སྐུ་ཚབ་ཀྱ་མ་ན་གཞན་མ་དད་པ་བྱེད་མཁན་གི་རི་ཡུ་དེ་ཡཱ་དང་། ས་མར་ཡཱ་ཡུལ་གི་རི་ལ་གྲམ་པ་ལགས། 2ཆོས་བ་རིང་འགའ་ཡིས་སེ་ཏེ་ཕཱན་གྱི་ཕུང་པོ་གོ་བསྐུངས་བ་ལགས། དེ་ནས་ཁོའི་ཕྱིར་ལ་དམི་ཅིག་གི་ངུ་བརྡ་བརྒྱབ་པ་ལགས།
3ཡིན་ནའང་ཤ་ཨུལ་གྱིས་ཆོས་ཚོགས་མེད་ད་ལ་བཏང་ཡས་ལ་ནང་ནང་ལ་སོང་རེ། བི་ཛ་དང་བུ་མོ་གི་རི་ལ་དྲུད་དེ་སོང་རེ་ཨ་ཏྲ་ནང་དུ་འདགས་དུ་བཅུག་པ་ལགས།
ཕི་ལིབ་ཀྱིས་ས་མར་ཡཱ་རུ་ཆོས་བཤད་པ།
4ད་གྲམ་སྟེ་སོང་ས་དད་པ་བྱེད་མཁན་གི་རི་ཡིས་རང་ག་རུ་འགྲོ་ས་རུ་གཏམ་བཟང་བཤད་དེ་བཤད་དེ་སོང་བ་ལགས། 5ཕི་ལིབ་ས་མར་ཡཱ་ཡི་རྒྱལ་ས་རུ་སོང་རེ་མཱ་ཤི་ཀའི་སྐོར་ལ་མི་ཀྱ་ལ་བཤད་པ་ལགས། 6ཕི་ལིབ་ཀྱིས་བཤད་ཀྱིན་ལབ་ལ་མཉན་ཏེ། དེ་ནས་ཁོས་བྱེད་ཀྱིན་ཧང་སངས་ཀྱིན་རྟགས་ཀྱ་མཐོང་རེ། མི་མང་གི་རི་ཡིས་ཁོས་སྨྲ་གིན་གོ་ལ་དམི་ཅིག་དོ་སྣང་སྟེར་ཏེ་མཉན་པ་ལགས། 7གནོད་པ་འཛུལ་ཛ་མི་ཀྱ་ནས་གནོད་པ་ཀྱ་དམི་ཅིག་ཕེ་ར་བརྒྱབ་སྟེ་ཐོན་པ་ལགས། དེ་ནས་གཟའ་ཕོག་པ་དང་ཞ་ཀྱོག་བ་ཀྱ་བཅོས་ག་བྱུང་བ་ལགས། 8འོ་བྱས་རེ་འོ་དེ་རྒྱལ་ས་རུ་དམི་ཅིག་གི་དགའ་སྤྲོ་ཆེ་བྱུང་བ་ལགས།
9འོ་དེ་རྒྱལ་ས་རུ་སི་མོན་སྨྲ་མཁན་མི་གཅིག་བསྡད་ད་ལགས། ཁོས་ཨེན་མ་ནས་ཧ་ལ་མིག་འཕྲུལ་སྟོན་ཏེ་ས་མར་ཡཱ་ཡི་མི་ཀྱ་ལ་ཧ་ལས་རུ་བཅུག་འོད་ད་ལགས། དེ་ནས་ཁོ་ཁོ་རང་མི་ཆེ་གཅིག་ཡིན་སྨྲས་རེ་འབོར་ཤོབ་བཤད་ད་ལགས། 10མི་ཆེ་ཆུང་གི་རི་ཡིས་འདི་མི་ནི་དབང་ཆེ་སྨྲ་གིན་དཀོན་མཆོག་གི་དབང་གོ་ལགས་སྨྲས་རེ་ཁོ་ལ་དམི་ཅིག་གི་བརྩིས་ལ་ལགས། 11ཡུན་རིང་ནས་ཧ་ལ་ཁོས་མིག་འཕྲུལ་སྟོན་ཏེ་མི་ཀྱ་ལ་དངོས་གནས་ཀྱི་ཧ་ལས་རུ་བཅུག་པ་ལགས། དེ་ནས་མི་གི་རིའི་སྣང་བ་ཁྲུག་ཏུ་བཅུག་པ་ལགས། 12ཡིན་ནའང་ཕི་ལིབ་ཀྱིས་དཀོན་མཆོག་གི་རྒྱལ་ཁབ་དང་ཡེ་ཤུ་མཱ་ཤི་ཀའི་མཚན་གྱི་སྐོར་ལ་བཤད་ཀྱིན་གཏམ་བཟང་གོ་ལ་མི་ཀྱ་ཡིས་དད་པ་བྱས་བ་ལགས། དེ་ནས་སྐྱེས་བའི་ཕོ་དང་མོ་གི་རི་ཡིས་ཁྲུས་གསོལ་ལེན་པ་ལགས། 13སི་མོན་གིས་འང་ཁོ་རང་དད་པ་བྱས་བ་ལགས། དེ་ནས་ཁྲུས་གསོལ་ལེན་ཚར་ཏེ་ཁོ་ཕི་ལིབ་མུ་ལ་རྒྱུགས་པ་ལགས། དེ་ནས་ཕི་ལིབ་ནས་བྱུང་བྱ་རྟགས་ཀྱ་དང་ཧང་སང་གིན་ལས་ཀ་ཀྱ་མཐོང་རེ་ཁོ་ཧ་ལས་བ་ལགས།
14ཡེ་རུ་ཤ་ལེམ་དུ་འོད་མཁན་སྐུ་ཚབ་ཀྱ་ཡིས་ས་མར་ཡཱ་མི་ཀྱ་ཡིས། དཀོན་མཆོག་གི་བཀའ་ཁས་ལེན་འདུག་སྨྲས་རེ་ཧ་གོ་སྟེ། པེ་ཏྲོ་དང་ཡོ་ཧ་ནན་ལ་ཁོང་ཀྱ་རྩ་རུ་བརྫངས་བ་ལགས། 15ཁོང་གཉིས་བོ་འོ་དུ་རུ་སླེབས་ཏེ་དེ་མི་ཀྱ་ལ་དམ་པའི་ཐུགས་ཉིད་འབྱོར་ར་ཤོག་སྨྲས་རེ་སྨོན་ལམ་བརྒྱབ་པ་ལགས། 16གི་བྱས་རེ་སྨྲ་ན་ད་ལྟ་ཐུག་པའི་ཁོང་ཀྱ་ཡིས་ཡེ་ཤུའི་མཚན་ནས་ཁྲུས་གསོལ་ལེན་གྱིན་གོ་མ་ན། དམ་པའི་ཐུགས་ཉིད་ཁོང་ཀྱ་ཡི་ཁར་ལ་མ་བབ་འོད་ད་ལགས། 17དེ་ནས་པེ་ཏྲོ་དང་ཡོ་ཧ་ནན་གྱིས་ཁོང་ཀྱ་ཁར་ལ་ལག་པ་བཞག་པ་ལགས། དེ་ནས་ཁོང་ཀྱ་ལ་དམ་པའི་ཐུགས་ཉིད་ཐོབ་པ་ལགས།
18ད་སྐུ་ཚབ་ཀྱ་ཡིས་མི་ཀྱ་ཁར་ལ་ལག་པ་བཞག་བའི་གང་ལ། ཐུགས་འབྱོར་གྱིན་གོ་མཐོང་རེ་སི་མོན་གྱིས་འོ་དེ་དབང་ཉོ་ཡས་ལ་ཁོང་གཉིས་བོ་ལ་ཨ་ལེ་ཕུལ་རེ། 19ཞུས་བ་ལགས། ངའི་ལག་པ་བཞག་ས་འོད་ལེ་ལ་དམ་པའི་ཐུགས་ཉིད་བབ་ཡས་ལ་འདི་དབང་དེ་ང་ལ་གནང་རོགས་གནང་།
20ཡིན་ནའང་པེ་ཏྲོ་ཡིས་ཁོ་ལ་སྨྲས་བ་ལགས། ཁོས་དཀོན་མཆོག་གི་གནང་སྦྱིན་གོ་ཨ་ལེ་གྱིས་ཉོས་རེ་ཐོབ་གྲོ་སྨྲས་རེ་བསམས་ཏེ་ཁྱོད་དང་ཁོའི་ཨ་ལེ་མེད་ད་ལ་འགྲོ་བར་ཤོག། 21འི་ཀི་ལས་ཀ་ལ་ཁྱོད་ལ་ཐོབ་ཐང་གིན་ད་མེད་ད་ལགས། གི་བྱས་རེ་སྨྲ་ན་དཀོན་མཆོག་གི་དྲུང་དུ་ཁོའི་སེམས་དྲང་པོ་མིན་འདུག 22ཁོའི་བསམ་བློ་ངན་པ་གོ་ལ་འགྱོད་པ་བྱེད། དེ་ནས་དེ་རེ་བསམ་བློ་བཏང་གིན་གོ་ལ་གཅིག་བྱེད་ན་དགོངས་པ་རག་བར་ཤོག་སྨྲས་རེ་གཙོ་བོ་ལ་གསོལ་བ་རྒྱོབ། 23གི་བྱས་རེ་སྨྲ་ན་ངས་ཁྱོད་དམི་ཅིག་གི་ཕྲག་དོག་གི་ཁངས་ཁ་དང་། སྡིག་པའི་བྲན་གཡོག་ལ་ཤོར་ཤ་བ་མཐོང་བའི།
24དེ་ནས་སི་མོན་གྱིས་སྨྲས་བ་ལགས། ཁྱེད་རང་གི་གསུངས་ཀྱིན་ཅོག་རེ་ང་ལ་མི་འབྱུང་ཡས་ལ། ངའི་ཕྱིར་ལ་ཁྱེད་རང་རང་གཙོ་བོ་ལ་གསོལ་བ་བརྒྱབ་རོགས་བྱེད། 25པེ་ཏྲོ་དང་ཡོ་ཧ་ནན་གྱིས་ཡེ་ཤུའི་དཔང་པོ་བྱེད་ཡས་དང་། གཙོ་བོའི་བཀའ་བཤད་ཚར་ཏེ་ཡེ་རུ་ཤ་ལེམ་དུ་ལོག་པ་ལགས། དེ་ནས་ལམ་ཁ་ལ་འགྲོའི་གང་ལ། ས་མར་ཡཱ་ཡི་ཡུལ་མང་ཆེ་ལ་གཏམ་བཟང་གོ་བཤད་དེ་བཤད་དེ་སོང་བ་ལགས།
ཕི་ལིབ་དང་ཨེ་ཐི་ཨོ་པི་ཡཱ་ཡི་མི།
26ད་ནམ་མཁའི་བང་ཆེན་གཅིག་གིས་ཕི་ལིབ་ལ་སྨྲས་བ་ལགས། ལོངས། དེ་ནས་ཡེ་རུ་ཤ་ལེམ་ནས་ག་ཟཱ་ཕྱོགས་ལ་འགྲོ་གིན་ལྷོ་ཕྱོགས་ཀྱི་རི་སྟོང་གི་ལམ་ཁ་ལ་སོང་། 27འོ་བྱས་རེ་ཁོ་འཆོམས་ཏེ་སོང་བ་ལགས། འོ་དུ་རུ་ཨེ་ཐི་ཨོ་པི་ཡཱ་ཡི་རྒྱལ་མོ་ཀན་དཱ་ཀེའི་དངུལ་གཉེར་ཨེ་ཐི་ཨོ་པི་ཡཱ་པ་ཉུག་རུམ་པ་#༨:༢༧ ཉུག་རུམ་སྨྲ་ན་ཨེན་མ་ཨེན་མ་རྒྱལ་བོ་ཀྱ་ཡི་དམག་མི་ཁག་ཆེ་ཀྱ་ལ་སྨྲ་ལགས། ཁོང་ཀྱ་ཡི་གཅིན་བཏང་ས་གོ་བཅད་ཅ་འོང་ང་ལགས། གཅིག་ལ་ཁོས་ཐུག་པ་ལགས། འོ་དེ་དངུལ་གཉེར་དེ་ཡེ་རུ་ཤ་ལེམ་དུ་མཆོད་པ་འབུལ་དུ་སོང་རེ། 28དེ་ནས་ཁོ་ཤིང་རྟ་འཁོར་ལོ་ཁར་ལ་བཞོན་ཏེ་ཁོ་རི་ནང་ཕྱོགས་ལ་ལོག་བའི་འོད་ད་ལགས། འོ་དེ་གང་ལ་ཁོ་མངོན་ཤེས་མཁན་ཡེ་ཤ་ཡཱའི་དེབ་སྒྲོག་བའི་འོད་ད་ལགས།
29དེ་ནས་དམ་པའི་ཐུགས་ཉིད་ཀྱིས་ཕི་ལིབ་ལ་གསུངས་བ་ལགས། ཤིང་རྟ་འཁོར་ལོ་བོ་ལོག་ཏུ་སོང་། དེ་ནས་འོ་དེ་མུ་ལ་སོང་། 30དེ་ནས་ཕི་ལིབ་བང་བཏང་རེ་འོ་དེ་བོ་ལོག་ཏུ་སོང་བ་ལགས། དེ་ནས་འོ་དེ་མི་ཡིས་ཡེ་ཤ་ཡཱའི་དེབ་སྒྲོག་གིན་གོ་ཁོས་ཧ་གོ་པ་ལགས། ཁྱོས་འོ་དེ་སྒྲོག་གིན་གྱི་དོན་དག་གོ་ཧ་གོ་རེ་སྨྲས་རེ་ཕི་ལིབ་ཀྱིས་ཁོ་ལ་དྲིས་བ་ལགས།
31འོ་དེ་མི་ཡིས་ལན་བརྒྱབ་པ་ལགས། སུས་གཅིག་འང་ང་ལ་འདིའི་དོན་དག་གོ་མ་སྤྲོད་ཐུག་པའི་ང་གང་བྱས་རེ་ཧ་གོ་ཡས། དེ་ནས་ཁོས་ཕི་ལིབ་ལ་ཤིང་རྟ་འཁོར་ལོ་ཁར་ལ་མུ་ལ་བཞུགས་རོགས་བྱེད་སྨྲས་རེ་ཞུས་བ་ལགས། 32ཁོས་གསུང་རབ་ནས་སྒྲོག་གིན་ཚིག་མཚམས་གོ་འདི་ལགས།
ཁོ་ནི་བཤའ་བ་ལ་ཁྲིད་ཀྱིན་ལུག་ཅོག་རེ་ཁྲིད་པ་ལགས།
དེ་ནས་སྤུ་འབྲེག་མཁན་གྱི་གདོང་དུ་ལུག་ཕྲུག་ཁ་པ་བསྡད་ཀྱིན་ཅོག་རེ།
ཁོའི་ཁ་ནས་ཚིག་གཅིག་འང་མ་བཏོན་པ་ལགས།
33ཁོ་ལ་སྨད་སྤྲ་པབ་བའི་གང་ལ།
ཁྲིམས་དྲང་པོ་ཁོ་ལ་མ་བཅད་པ་ལགས།
ཁོའི་བརྒྱུད་པའི་སྐོར་ལ་སུས་བཤད་ཡས།
གི་བྱས་རེ་སྨྲ་ན་ཁོའི་སྲོག་གོ་འདི་འཛམ་བུ་གླིང་ནས་ཁྱེར་ཏེ་སོང་བ་ལགས།
34འོ་དེ་དངུལ་གཉེར་གྱིས་ཕི་ལིབ་ལ་དྲིས་བ་ལགས། མངོན་ཤེས་མཁན་འདིས་ཁོ་རང་གི་སྐོར་ལ་གསུངས་བ་ལེ། ཡང་མིན་ན་མི་གཞན་མ་ཡི་སྐོར་ལ་གསུངས་བ་ལེ། ང་ལ་གསུངས་རོགས་གནང་། 35དེ་ནས་ཕི་ལིབ་ཀྱིས་འོ་དེ་གསུང་རབ་ཀྱི་ཚིག་འཚམས་ནས་འགོ་འཛུགས་ཏེ། ཁོ་ལ་ཡེ་ཤུ་ཡི་སྐོར་ལ་གཏམ་བཟང་གོ་བཤད་པ་ལགས།
36དེ་ནས་ཁོང་ཀྱ་འོ་དེ་ལམ་ཁ་ནས་འགྲོའི་གང་ལ་ཆུ་འོད་ས་རུ་སླེབས་པ་ལགས། དེ་ནས་འོ་དེ་དངུལ་གཉེར་གྱིས་སྨྲས་བ་ལགས། ལྟོས་དང་། དུ་རུ་ཆུ་འདུག ང་ཁྲུས་གསོལ་ལེན་ཡས་ལ་གིན་གྱིས་བཀག་ཐུབ་ཀྱི་ལེ།
37[དེ་ནས་ཕི་ལིབ་ཀྱིས་སྨྲས་བ་ལགས། ཁྱོད་སེམས་ནང་ནས་དད་པ་བྱེད་ན་ཁྲུས་གསོལ་ལེན་ན་སྒྲིག་གི་ལགས།
འོ་དེ་མི་དེ་ཡིས་ལན་བརྒྱབ་པ་ལགས། ཡེ་ཤུ་མཱ་ཤི་ཀ་དཀོན་མཆོག་གི་སྲས་ཡིན་སྨྲས་རེ་ང་དད་པ་བྱེད་ད་ཡིན།]#༨:༣༧ ཨེན་མའི་གྷི་རིག་དེབ་རྙིང་པ་ལ་འདི་ ༣༧ དེ་མེད་ལགས། དེ་ནས་གཤམ་ལ་དེབ་གསར་པ་ཀྱ་ལ་འདི་བྲིས་ཏེ་འོངས་བ་ལགས། 38དེ་ནས་ཁོས་ཤིང་རྟ་འཁོར་ལོ་གོ་སྒུག་ཏུ་བཅུག་པ་ལགས། དེ་ནས་ཕི་ལིབ་དང་དངུལ་གཉེར་གཉིས་ཀ་ར་ཆུ་ནང་དུ་འཛུལ་རེ་ཕི་ལིབ་ཀྱིས་ཁོ་ལ་ཁྲུས་གསོལ་སྟེར་པ་ལགས། 39ཁོང་གཉིས་བོ་ཆུ་ནས་ཕི་ལ་ཐོན་ཏེ་གང་ལ། གཙོ་བོ་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཕི་ལིབ་ལ་ལམ་སང་ཁྱེར་ཏེ་སོང་བ་ལགས། དེ་ནས་འོ་དེ་དངུལ་གཉེར་གྱིས་ལྡབ་ལེ་ཁོ་ལ་ནམ་མའང་མ་མཐོང་བ་ལགས། ཡིན་ནའང་ཁོ་དམི་ཅིག་ཉམ་མོ་དགའི་དགའི་སོང་བ་ལགས།
40གཤམ་ལ་ཕི་ལིབ་ཀྱིས་ཁོ་རང་ལ་ཨ་ཟོ་ཏོ་རྒྱལ་ས་རུ་མཐོང་བ་ལགས། དེ་ནས་ཁོ་ཀེ་སར་ཡཱ་རུ་མ་སླེབས་ཀྱིན་ཐུག་པའི། རྒྱལ་ས་སླེབས་ས་གི་རི་ལ་གཏམ་བཟང་བཤད་དེ་བཤད་དེ་སོང་བ་ལགས།།

Trenutno odabrano:

མཛད་པ། 8: LOY

Istaknuto

Podijeli

Kopiraj

None

Želiš li svoje istaknute stihove spremiti na sve svoje uređaje? Prijavi se ili registriraj