YouVersion logo
Ikona pretraživanja

མཛད་པ། 7

7
སེ་ཏེ་ཕཱན་གྱི་བཀའ་ལོབ།
1དེ་ནས་གཙོ་མཆོད་དཔོན་གྱིས་སེ་ཏེ་ཕཱན་ལ་དྲིས་བ་ལགས། ཁོང་ཀྱ་ཡིས་ཁྱོའི་སྐོར་ལ་སྨྲ་གིན་ལབ་གི་རི་བདེན་པ་ལེ།
2སེ་ཏེ་ཕཱན་གྱིས་ལེན་བརྒྱབ་པ་ལགས། སྤུན་ཀྱ་བོ། ང་ལ་ཉན་རོགས་གནང་། གཟི་བརྗིད་ཀྱི་དཀོན་མཆོག་གིས་འོ་རི་མེ་མེ་ཨབ་ར་ཧམ་ལ་ཧ་རན་དུ་བསྡད་ཀྱིན་ཨེན་ལ་རང་། མེ་སོ་པོ་ཏྲ་མི་ཡཱ་སྨྲ་གིན་ལུང་པ་རུ་མཐོང་སྣང་གནང་བ་ལགས། 3ཁོ་ལ་དཀོན་མཆོག་གིས་འདི་གསུངས་བ་ལགས། རང་གི་ཡུལ་དང་སྤུན་ཟླ་ཀྱ་འབོར་ཏེ་ངས་ཁྱོད་ལ་སྟོན་གྱིན་ཡུལ་གོ་རུ་སོང་།#བཀོད་པ། ༡༢:༡ 4འོ་བྱས་རེ་ཨབ་ར་ཧམ་ཀལ་དཱ་པ་ཀྱ་ཡི་ཡུལ་བོར་ཏེ་ཧ་རན་དུ་བསྡད་དུ་སོང་བ་ལགས། དེ་ནས་ཨབ་ར་ཧམ་གྱི་ཨ་རྒས་གོ་གྲོངས་རེ་དཀོན་མཆོག་གིས་ཁོང་ལ་ད་ལྟ་ཁྱེད་རང་ཀྱ་བསྡད་ད་ཡུལ་དུ་རུ་ཁྱེར་ཏེ་འོངས་བ་ལགས། 5ཡིན་ནའང་དཀོན་མཆོག་གིས་ཨབ་ར་ཧམ་ལ་འདི་ཡུལ་དུ་རུ་རྐང་པ་གང་ཤོང་ས་ས་གཅིག་འང་མ་གནང་བ་ལགས། འོ་དེ་དུས་ལ་ཁོ་ལ་ཕྲུ་གཅིག་འང་མེད་ད་ལའང་། དཀོན་མཆོག་གིས་འདི་ཡུལ་དེ་ཁོ་དང་ཁོའི་བརྒྱུད་པ་ལ་གནང་འོང་གསུངས་རེ་དམ་བཅའ་མཛད་པ་ལགས། 6དཀོན་མཆོག་གིས་ཨབ་ར་ཧམ་ལ་དེ་རེ་གསུངས་བ་ལགས། ཁྱོའི་བརྒྱུད་པ་ཀྱ་ཡུལ་ངོ་མེད་ཤེས་ཀྱིན་གཅིག་ཏུ་བསྡད་དགོས་ཀྱི་ལགས། དེ་ནས་འོ་དེ་ཡུལ་གྱི་མི་ཀྱ་ཡིས་ཁོང་ཀྱ་ལ་བྲན་གཡོག་བཟོ་གི་ལགས། དེ་ནས་ལོ་བཞི་བརྒྱ་ཐུག་པའི་དམི་ཅིག་གི་སྡུག་པོ་སྟེར་གྱི་ལགས། 7ཡིན་ནའང་ཁོང་ཀྱ་ལ་བྲན་གཡོག་བཟོ་མཁན་མི་ཀྱ་ལ་ང་ཉེས་པ་གཏང་ཡས་ཡིན། དེ་ནས་ཁྱོའི་བརྒྱུད་པ་ཀྱ་འོ་དེ་ཡུལ་འབོར་ཏེ་ཡུལ་དུ་རུ་ང་ལ་ཕྱག་མཆོད་པ་འབུལ་གྱི་ལགས།#བཀོད་པ། ༡༥:༡༣,༡༤
8དེ་ནས་དཀོན་མཆོག་གིས་ཨབ་ར་ཧམ་མུ་ལ་དམ་བཅའ་གཅིག་བཞག་མཛད་པ་ལགས། འོ་དེ་ཡི་རྟགས་གོ་ལྤགས་བོ་བཅད་ཀྱིན་ལགས། དེ་ནས་ཨབ་ར་ཧམ་གྱི་བི་ཛ་ཨི་སཱག་སྐྱེས་ཀྱིན་གྱི་ཉིན་མ་བརྒྱད་གོ་ལ། ཁོས་ལྤགས་བོ་བཅད་དེ་རྟགས་བརྒྱབ་པ་ལགས། ཨི་སཱག་གིས་ཁོ་རི་བི་ཛ་ཡ་ཀོབ་དང་། ཡ་ཀོབ་ཀྱིས་ཁོ་རི་བི་ཛ་བཅུ་གཉིས་ཀྱ་ལ་འོ་དེ་ཅོག་རེ་བྱས་བ་ལགས། ད་དེ་ཀྱ་རང་འོ་རི་མི་རིགས་བཅུ་གཉིས་ཀྱི་མེ་མེ་ཀྱ་ལགས།
9ཡ་ཀོབ་ཀྱི་བི་ཛ་ཀྱ་ཡིས་ཁོ་རི་ནུ་བོ་ཡོ་སེབ་ལ་ཕྲག་དོག་བྱས་རེ་བྲན་གཡོག་བྱེད་ཡས་ལ་ཨེ་ཇེབ་ཡུལ་གྱི་མི་ལ་བཙོངས་བ་ལགས། ཡིན་ནའང་དཀོན་མཆོག་ཁོའི་མུ་ལ་འོད་ད་ལགས། 10དེ་ནས་དཀོན་མཆོག་གིས་ཁོའི་སྡུག་པོ་གི་རི་ནས་ཐར་པ་གནང་རེ། ཨེ་ཇེབ་རྒྱལ་ཁབ་ཀྱི་རྒྱལ་བོ་ཕ་རོའི་གདོང་དུ་ཐུགས་རྗེ་གནང་རེ། ཁོ་ལ་ཨེ་ཇེབ་རྒྱལ་ཁབ་དང་ཁོའི་རྒྱལ་ཁང་གི་མི་གི་རིའི་ཁར་ལ་དབང་ཆ་གནང་བ་ལགས།
11འོ་དེ་གཤམ་ནས་ཨེ་ཇེབ་རྒྱལ་ཁབ་དང་ཀ་ནཱན་རྒྱལ་ཁབ་གི་རི་རུ་མུ་གེ་ཤོར་ཏེ་དམི་ཅིག་གི་སྡུག་པོ་འོངས་བ་ལགས། དེ་ནས་འོ་རི་དང་པོའི་ཕ་མ་ཀྱ་ལ་ཟ་ཡས་གིན་ད་མ་རག་པ་ལགས། 12ཡིན་ནའང་ཡ་ཀོབ་ཀྱིས་ཨེ་ཇེབ་རྒྱལ་ཁབ་ཏུ་ལོ་ཏོག་འདུག་སྨྲས་རེ་ཧ་གོ་སྟེ། ཁོ་རི་བི་ཛ་ཀྱ་ལ་འོ་དུ་རུ་ཐེངས་འགོ་མ་བརྫངས་བ་ལགས། 13དེ་ནས་ཁོང་ཀྱ་འགྲོ་གིན་ཐེངས་གཉིས་བ་གོ་ལ་ཡོ་སེབ་ཀྱིས་ཁོ་རང་སུ་ཡིན་མཁན་གོ་ཁོ་རི་ཨ་ཇོ་ཀྱ་ལ་བཤད་པ་ལགས། དེ་ནས་རྒྱལ་བོ་ཡིས་ཡོ་སེབ་ཀྱི་ནང་མི་སྐོར་ལ་ཧ་གོ་པ་ལགས། 14ཡོ་སེབ་ཀྱིས་ཁོ་རི་ཨ་རྒས་ཡ་ཀོབ་དང་མི་ཚང་གི་རི་བསྡོམས་ཏེ་མི་བདུན་ཅུ་དོན་ལྔ་འཁྲིད་དེ་ཨེ་ཇེབ་རུ་འོང་རོགས་བྱེད་སྨྲས་རེ་ལོན་བསྐུར་པ་ལགས། 15དེ་ནས་ཡ་ཀོབ་ཨེ་ཇེབ་རུ་སོང་བ་ལགས། འོ་དུ་རུ་རང་ཁོ་དང་འོ་རི་དང་པོའི་ཕ་མ་ཀྱ་གྲོངས་བ་ལགས། 16འོ་དེ་གཤམ་ནས་ཁོང་ཀྱ་ཡི་ཕུང་པོ་གོ་ཤེ་ཀེམ་སྨྲ་གིན་ས་ཆ་རུ་ཁྱེར་ཏེ། འོ་རི་མེ་མེ་ཨབ་ར་ཧམ་གྱིས་འོ་དུ་རུ་ཧེ་མོར་གྱི་བི་ཛ་ཀྱ་ནས་རིན་སྟེར་ཏེ་ཉོས་ཉ་དུར་ཁྲོད་དུ་བསྐུངས་བ་ལགས།
17དེ་ནས་དཀོན་མཆོག་གིས་ཨབ་ར་ཧམ་མུ་ལ་བཞག་ཞ་དམ་བཅའ་གོ་འགྲུབ་ཀྱིན་དུས་ཚོད་གོ་འོང་ཡས་བྱེད་འདིག་གང་ལ། ཨེ་ཇེབ་རུ་ཡིས་ར་ཨེལ་པ་མི་ཀྱ་མང་དུ་སོང་རེ་དམི་ཅིག་གི་འཕེལ་བ་ལགས། 18དེ་ནས་ཨེ་ཇེབ་ཏུ་ཡོ་སེབ་ཀྱི་སྐོར་ལ་གིན་ད་མེད་ཤེས་མཁན་རྒྱལ་བོ་གཞན་མ་གཅིག་བྱུང་བ་ལགས། 19ཁོས་འོ་རི་དང་པོའི་ཕ་མ་ཀྱ་ལ་ཁོག་པ་བྱས་རེ་དམི་ཅིག་གི་སྡུག་པོ་སྟེར་པ་ལགས། དེ་ནས་ཡིས་ར་ཨེལ་པ་ཀྱ་ཡི་ཕྲུ་སྨ་ཉག་ཀྱ་ཤི་རུ་བཅུག་ཡས་ལ་སྐྱེས་ལུང་མེད་ད་ལ། ཡིན་ཅིག་མིན་ཅིག་ཁང་པ་ནས་ཕི་ལ་བཏོན་དུ་བཅུག་པ་ལགས།
20འོ་དེ་དུས་ཚོད་ལ་རང་མོ་ཤེ་སྐྱེས་བ་ལགས། ཁོ་དམི་ཅིག་གི་ཕྲུ་མཛེས་བ་འོད་ད་ལགས། ཁོའི་ཨ་རྒས་ཨ་མ་ཡིས་ཁོ་ལ་ཟླ་བ་གསུམ་ཐུག་པའི་ནང་དུ་རང་ཡིབས་ཏེ་གསོས་བ་ལགས། 21ཡིན་ནའང་གཤམ་ལ་ཡིབས་ཏེ་བཞག་མ་ཐུབ་པ་ནང་ནས་ཕི་ལ་བཏོན་པ་ལགས། དེ་ནས་རྒྱལ་བོའི་བུ་མོ་ཡིས་ཁོ་ལ་ཁྱེར་ཏེ་སོང་རེ་མོ་རི་བི་ཛ་ཅོག་རེ་བྱས་རེ་གསོས་བ་ལགས། 22མོ་ཤེ་ལ་ཨེ་ཇེབ་པ་ཀྱ་ཡི་སློབ་སྦྱོང་དགའ་ཡོག་ཀྱ་གི་རི་རག་པ་ལགས། ཁོ་ལབ་བཏང་ཡས་དང་ལས་ཀ་གི་རི་ལ་དམི་ཅིག་དབང་ཆེ་བྱུང་བ་ལགས།
23དེ་ནས་མོ་ཤེ་ལོ་བཞི་བཅུ་སླེབས་ཏེ་ཁོའི་སེམས་ལ་ཁོ་རི་ཡིས་ར་ཨེལ་པ་སྤུན་ཟླ་ཀྱ་ཐུག་ཏུ་འགྲོ་ཡས་ཀྱི་འདོད་པ་སྐྱེས་བ་ལགས། 24ཞག་མོ་གཅིག་ཁོ་རི་སྤུན་ཟླ་ཀྱ་ནས་གཅིག་ལ་ཨེ་ཇེབ་པ་གཅིག་གིས་རྡུང་གིན་གོ་མཐོང་རེ། འོ་དེ་ལ་སྐྱོབ་ཡས་ལ་ཁོས་འོ་དེ་ཨེ་ཇེབ་པ་གོ་ལ་བསད་པ་ལགས། 25དཀོན་མཆོག་གིས་མོ་ཤེ་ལ་རང་མི་ཀྱ་ལ་རང་དབང་སྟེར་ཡས་ལ། བེད་སྤྱོད་བྱེད་ཀྱིན་གོ་རང་མི་ཀྱ་ཡིས་ཧ་གོ་ར་ཤོག་སྨྲས་རེ་མོ་ཤེ་ཡིས་བསམས་པ་ལགས། ཡིན་ནའང་ཁོང་ཀྱ་ཡིས་ཧ་མ་གོ་པ་ལགས།
26ཉིན་མ་གཤམ་མ་གོ་མོ་ཤེ་ཡིས་ཡིས་ར་ཨེལ་པ་སྤུན་གཉིས་འཐྲབ་བའི་བསྡད་ཀྱིན་གོ་མཐོང་རེ། ཁོང་གཉིས་བོ་ལ་འཆམས་དུ་བཅུག་ཡས་ལ་འོ་སྨྲས་བ་ལགས། ཁྱེད་ཀྱ་སྤུན་ཟླ་བྱས་རེའང་གི་བྱས་རེ་རང་ནང་དུ་འཐྲབས་བ་ལེ། 27ཡིན་ནའང་མི་དབང་ཆེ་ཡིས་མོ་ཤེ་ལ་ཧ་ལ་འཕུལ་རེ་སྨྲས་བ་ལགས། ཁྱོད་ལ་འི་ཀི་ཁར་ལ་དབང་དང་ཁྲིམས་བྱེད་ཡས་ལ་སུས་བསྐོས་སོ། 28ཁྱོས་མདང་འོ་དེ་ཨེ་ཇེབ་པ་ལ་བསད་ཀྱིན་ཅོག་རེ་ང་ལའང་བསད་ཡས་བྱེད་ད་ལེ།#སྡེབ་ཐོན། ༢:༡༤ 29འོ་དེ་མི་ཡིས་འོ་རེ་ལབ་བཏང་གིན་གོ་སྟེ་མོ་ཤེ་ཨེ་ཇེབ་ནས་བྲོས་རེ་ཁོ་ལ་སུས་འང་ངོ་མེད་ཤེས་ཀྱིན་མིད་ཡཱན་སྨྲ་གིན་རྒྱལ་ཁབ་ཏུ་བསྡད་དུ་སོང་བ་ལགས། འོ་དུ་རུ་བསྡད་དེ་གང་ལ་ཁོ་ལ་བི་ཛ་གཉིས་བྱུང་བ་ལགས།
30ལོ་བཞི་བཅུ་གཤམ་ནས་སི་ནཱ་སྨྲ་གིན་རིའི་བོ་ལོག་ཏུ་འོད་ཀྱིན་རི་སྟོང་དུ་མེ་འབར་ཏེ་བསྡད་ཀྱིན་ཚེར་མ་གཅིག་གི་ཁོག་ལ་ནམ་མཁའི་བང་ཆེན་གཅིག་ཁོའི་རྩ་རུ་མཐོང་བ་ལགས། 31མོ་ཤེ་ཡིས་འོ་དེ་མཐོང་རེ་དམི་ཅིག་ཧང་སངས་རེ་དོ་རང་འང་ག་མོ་མ་ལྟ་ཡས་ལ་བོ་ལོག་ཏུ་སོང་བ་ལགས། དེ་ནས་གཙོ་བོའི་གསུང་སྐད་དེ་ཧ་གོ་པ་ལགས། 32ང་ཁྱོའི་དང་པོའི་ཕ་མ་ཨབ་ར་ཧམ་དང་། ཨི་སཱག་དང་། ཡ་ཀོབ་ཀྱི་དཀོན་མཆོག་ཡིན། འོ་དེ་གོ་སྟེ་མོ་ཤེ་འཇིགས་ཏེ་འདར་པ་ལགས། དེ་ནས་འོ་དེ་ཕྱོགས་ལ་ལྟའང་མ་ཐུབ་པ་ལགས། 33དེ་ནས་གཙོ་བོ་ཡིས་ཁོ་ལ་གསུངས་བ་ལགས། ཁོའི་པོ་ལེ་བུད། གི་བྱས་རེ་སྨྲ་ན་ཁྱོད་ལངས་རེ་བསྡད་ད་ས་འདི་ནི་དམ་པའི་ས་ལགས། 34ཨེ་ཇེབ་རུ་ངའི་མི་ཀྱ་ཡི་སྡུག་པོ་མྱངས་ཀྱིན་གོ་ངས་མཐོང་སོང་། དེ་ནས་ཁོང་ཀྱ་ཡི་ངུ་སྐད་གོ་ངས་ཧ་གོ་སོང་། ད་ཁོང་ཀྱ་ལ་སྐྱོབ་ཡས་ལ་ང་མ་ལ་འོངས་བ་ཡོན། ད་ང་ལྡབ་ལེ་ཁྱོད་ལ་ཨེ་ཇེབ་རུ་བརྫངས་ང་ཡིན།#སྡེབ་ཐོན། ༣:༥,༧,༨,༡༠
35ཁོང་ཀྱ་ཡིས་ཁྱོད་ལ་འི་ཀི་ཁར་ལ་དབང་ཆ་དང་ཁྲིམས་བཅད་ཡས་ལ་སུས་བསྐོས་སོ་སྨྲས་རེ་སྨྲ་གིན་མོ་ཤེ་གོ་དེ་རང་ལགས། མེ་འབར་ཏེ་བསྡད་ད་ཚེར་མ་ཁོག་ཏུ་མོ་ཤེ་ཡིས་མཐོང་ཐ་ནམ་མཁའི་བང་ཆེན་ནས། དཀོན་མཆོག་གིས་ཁོ་ལ་ཁོང་ཀྱ་ཡི་འགོ་ཁྲིད་བྱེད་ཡས་དང་སྐྱོབ་ཡས་གི་ཕྱིར་ལ་བརྫངས་བ་ལགས། 36དེ་ནས་མོ་ཤེ་ཡིས་ཡིས་ར་ཨེལ་པ་མི་ཀྱ་ལ་ཨེ་ཇེབ་ནས་ཁྲིད་དེ་རྒྱ་མཚོ་དམར་པོ་དང་། རི་སྟོང་ནས་བྱུང་རེ་ལོ་བཞི་བཅུ་ཐུག་པའི་ཧང་སང་གིན་ལས་ཀ་དང་། རྟགས་ཀྱ་སྟོན་ཏེ་འོངས་བ་ལགས། 37དཀོན་མཆོག་གིས་ཁྱེད་ཀྱ་ཡི་ཕྱིར་ལ་ཁྱེད་ཀྱ་ནང་ནས་ང་ཅོག་རེ་མངོན་ཤེས་མཁན་གཅིག་བདམ་གྱི་ལགས་#བཀའ་ཁྲིམས། ༡༨:༡༥སྨྲས་རེ་ཡིས་ར་ཨེལ་པ་མི་ཀྱ་ལ་སྨྲ་གིན་མི་གོ་མོ་ཤེ་རང་ལགས། 38འདི་འོ་དེ་མོ་ཤེ་རང་ལགས། ཡིས་ར་ཨེལ་པ་ཀྱ་རི་སྟོང་དུ་བསྡད་དེ་གང་ལ། སི་ནཱ་རི་རུ་ནམ་མཁའི་བང་ཆེན་གྱིས་མོ་ཤེ་དང་འོ་རི་དང་པའི་ཕ་མ་ཀྱ་མུ་ལ་བཀའ་མོལ་གསུངས་བ་ལགས། དེ་ནས་དཀོན་མཆོག་གིས་ཁོ་ལ་འོ་རི་ཕྱིར་ལ་ཚེ་གནང་གིན་བཀའ་གནང་བ་ལགས།
39ཡིན་ནའང་འོ་རི་དང་པོའི་ཕ་མ་ཀྱ་ཡིས་མོ་ཤེ་ཡི་ཁ་ལ་མ་མཉན་པ་ལགས། དེ་ནས་ཁོང་ཀྱ་ཁོ་ལ་ངོ་ལོག་སྟེ་ཨེ་ཇེབ་རུ་རང་ལོག་ཉིད་འདོད་པ་ལགས། 40དེ་ནས་ཁོང་ཀྱ་ཡིས་ཨ་རོན་ལ་སྨྲས་བ་ལགས། འོ་རང་ལ་ལམ་འཁྲིད་མཁན་ལྷ་ཀྱ་བཟོ་རོགས་གནང་། གི་བྱས་རེ་སྨྲ་ན་མོ་ཤེ་ཡིས་འོ་རང་ལ་ཨེ་ཇེབ་ནས་ཁྲིད་དེ་འོངས་བ་ལགས། ཡིན་ནའང་ད་ལྟ་ཁོ་ལ་གི་བྱུང་བ་ལེ་སྨྲས་རེ་འོ་རང་སུ་ལ་ཆ་མིན་འདུག#སྡེབ་ཐོན། ༣༢:༡ 41དེ་ནས་ཁོང་ཀྱ་ཡིས་བེའུ་ཡི་སྐུ་གཅིག་བཟོས་རེ། དེ་ནས་མཆོད་པ་ཕུལ་རེ་ཁོ་རང་ཀྱ་ཡི་ལག་པ་ཡིས་བཟོས་ས་ལས་ཀ་གོ་ལ་ཉམ་མོ་དགྱེས་བ་ལགས། 42ཡིན་ནའང་དཀོན་མཆོག་གིས་ཁོང་ཀྱ་ལ་ངོ་ལོག་མཛད་པ་ལགས། དེ་ནས་ཉི་མ་དང་། ཟླ་བ་དང་། སྐར་མ་ཀྱ་ལ་ཕྱག་མཆོད་པ་འབུལ་ཡས་ལ་བོར་བཞག་པ་ལགས། མངོན་ཤེས་མཁན་ཀྱ་ཡི་དེབ་ལ་དེའི་སྐོར་ལ་དེ་རེ་བྲིས་འོད་ད་ལགས།
ཡིས་ར་ཨེལ་པ་མི་ཀྱ་བོ།
ཁྱེད་ཀྱ་ལོ་བཞི་བཅུ་ཐུག་པའི་རི་སྟོང་དུ་འོད་དེ་གང་ལ།
ཁྱེད་ཀྱ་ཡིས་ང་ལ་དམར་མཆོད་དང་མཆོད་པ་ཀྱ་ཕུལ་བའི།
43ཁྱེད་ཀྱ་ཡིས་ལྷ་མོ་ལོག་གི་གུར་དང་།
ལྷ་རེ་ཕན་གྱི་སྐར་མ་གོའང་ཁྱེར་ཏེ་སོང་བ་ལགས།
ཁྱེད་ཀྱ་ཡིས་འོ་དེ་སྐུ་ཀྱ་བཟོས་རེ་འོ་དེ་ཀྱ་ལ་མཆོད་པ་ཕུལ་བ་ལགས།
འོ་བྱས་རེ་ང་ཁྱེད་ཀྱ་ལ་བཱ་བི་ལོན་ནས་ཧ་ལ་བུད་ཡས་ཡིན།#ཨ་མོསེ། ༥:༢༥
44འོ་རི་དང་པོའི་ཕ་མ་ཀྱ་ཡིས་དཀོན་མཆོག་ལ་མཆོད་པ་འབུལ་གྱིན་གུར་ཁང་གོ་ཁོང་ཀྱ་ཡི་མུ་ལ་རི་སྟོང་དུ་འོད་ད་ལགས། དཀོན་མཆོག་གིས་མོ་ཤེ་ལ་གུར་དེ་བཟོ་ཡས་ལ་སློབ་སྟོན་གནང་བ་ལགས། དེ་ནས་དཀོན་མཆོག་གིས་ཁོ་ལ་སྟོན་ད་དཔེ་ཅོག་རེ་འོ་དེ་བཟོས་བ་ལགས། 45འོ་རི་དང་པོའི་ཕ་མ་ཀྱ་ཡི་དུས་ཚོད་ལ་དཀོན་མཆོག་གིས་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱི་མི་ཀྱ་ལ་བཏོན་ད་མཛད་དེ། འོ་དེ་རྒྱལ་ཁབ་ཀྱ་ཡོ་ཤུ་ཨ་ཡིས་དབང་ཆ་ལ་ལེན་ཏེ་གང་ལ། ཁོའི་མུ་ལ་འོ་དེ་གུར་གོ་ཁུར་ཏེ་འོངས་བ་ལགས། དེ་ནས་འོ་དེ་གུར་གོ་རྒྱལ་བོ་དཱ་བིད་ཀྱི་དུས་ཚོད་ཐུག་པའི་ཁོང་ཀྱ་མུ་ལ་རང་བྱུང་བ་ལགས། 46དཱ་བིད་ལ་དཀོན་མཆོག་གི་སྙིང་རྗེ་ཐོབ་པ་ལགས། དེ་ནས་ཁོས་ཡ་ཀོབ་ཀྱི་དཀོན་མཆོག་ལ་ཁོང་པ་ཡི་བཞུགས་ས་བཟོ་རུ་བཅུག་རོགས་གནང་སྨྲས་རེ་ཞུ་བ་ཕུལ་བ་ལགས། 47ཡིན་ནའང་དཀོན་མཆོག་གི་མཆོད་ཁང་གོ་ཁོའི་བི་ཛ་སོ་ལོ་མོན་གྱིས་བཟོས་བ་ལགས།
48ཡིན་ནའང་མི་ཡིས་བཟོས་ས་མཆོད་ཁང་དུ་བླ་ན་མེད་པའི་དཀོན་མཆོག་བཞུགས་ཀྱི་མ་ལགས། མངོན་ཤེས་མཁན་ཀྱ་ཡིས་དེ་རེ་གསུངས་འོད་ད་ལགས།
49དཀོན་མཆོག་གིས་གསུངས་ང་ལགས།
ནམ་མཁའི་ཞིང་ཁམས་ངའི་བཞུགས་ཁྲི་ཡིན།
དེ་ནས་འཛམ་བུ་གླིང་ངའི་རྐང་སྟེགས་ཡིན།
ད་ཁྱེད་ཀྱ་ང་ལ་ཁང་པ་ག་རེ་གཅིག་བཟོ་ཡས་ཡིན་ནོ།
ང་ངལ་གསོ་ས་གོ་ག་ན།
50དེ་གི་རི་ངའི་ལག་པ་ཡིས་བཟོས་བ་མ་ལེ།#ཡེ་ཤ་ཡཱ། ༦༦:༢
51ཁྱེད་ཀྱ་ཡི་སེམས་ལྤགས་བོ་མ་བཅད་ཅ་ཀྱ་ཡི་སེམས་ཅོག་རེ་སྲ་འདུག དེ་ནས་ཁྱེད་ཀྱ་དཀོན་མཆོག་གི་བཀའ་ཉན་ཉིད་མེད་འདོད་ད་ལགས། ཁྱེད་ཀྱ་དང་པོའི་ཕ་མ་ཀྱ་ཅོག་རེ་དམ་པའི་ཐུགས་ཉིད་ཀྱིས་སྟོན་ད་ལབ་ཀྱ་ལ་ཁས་ལེན་མི་བྱེད་ད་ལགས། 52ཁྱེད་རང་ཀྱ་ཡི་དང་པོའི་ཕ་མ་ཀྱ་ཡིས་སྡུག་པོ་མ་བཏང་གིན་མངོན་ཤེས་མཁན་གཅིག་འང་འོད་ད་ལེ། དཀོན་མཆོག་གི་མི་དྲང་པོ་གོ་ཕེབས་བའི་འོད་ད་ལགས་སྨྲས་རེ་ལོན་སྟེར་མཁན་མངོན་ཤེས་མཁན་ཀྱ་ལ་ཁོང་ཀྱ་ཡིས་བསད་སོང་། དེ་ནས་ཁྱེད་རང་ཀྱ་ཡིས་ཁོང་ལ་མགོ་སྐོར་ཏེ་བསད་སོང་། 53ནམ་མཁའི་བང་ཆེན་ཀྱ་ཡི་ཐོག་ནས་ཁྱེད་རང་ཀྱ་ལ་དཀོན་མཆོག་གི་ཆོས་ཁྲིམས་གོ་རག་པ་ལགས། ཡིན་ནའང་ཁྱེད་ཀྱ་ཡིས་འོ་དེ་ལ་མ་སྲུང་བ་ལགས།
སེ་ཏེ་ཕཱན་བསད་པ།
54སེ་ཏེ་ཕཱན་གྱིས་འོ་དེ་ལབ་གོ་གོ་སྟེ་ཚོགས་པ་ཆེ་རུ་འོད་མཁན་འགོ་ཁྲིད་ཀྱ་དམི་ཅིག་གི་ཁོང་ཁྲོ་ལངས་བ་ལགས། དེ་ནས་ཁོང་ཀྱ་ཁོང་ཁྲོ་ལངས་རེ་ཁོ་ལ་སོ་ཁྲིག་པ་ལགས། 55ཡིན་ནའང་ཁོ་དམ་པའི་ཐུགས་ཉིད་ཀྱིས་ཁངས་རེ། ནམ་མཁའི་ཞིང་ཁམས་ཕྱོགས་ལ་བལྟས་རེ་བསྡད་པ་ལགས། ཁོས་དཀོན་མཆོག་གི་གཟི་བརྗིད་དང་། གཙོ་བོ་ཡེ་ཤུ་ལ་དཀོན་མཆོག་གི་གཡས་ཕྱོགས་ལ་བཞེངས་ཏེ་བཞུགས་ཀྱིན་མཐོང་བ་ལགས། 56ཁོས་སྨྲས་བ་ལགས། ལྟོས་དང་། ངས་ནམ་མཁའི་ཞིང་ཁམས་བས་ཀྱིན་དང་། དཀོན་མཆོག་གི་གཡས་ཕྱོགས་ལ་མིའི་བུ་བཞེངས་ཏེ་བཞུགས་ཀྱིན་གོ་མཐོང་བའི།
57དེ་ནས་ཁོང་གི་རི་དམི་ཅིག་གི་ཕེ་ར་བརྒྱབ་སྟེ་ལངས་བ་ལགས། དེ་ནས་མི་རེ་མི་རེ་ཨམ་མཆོག་བཀག་པ་ལགས། དེ་ནས་ལམ་སང་ཁོང་གི་རི་མུ་ལ་རུབ་སྟེ་ཁོ་ཕྱོགས་ལ་བང་བཏང་རེ་འོངས་བ་ལགས། 58དེ་ནས་ཁོང་ཀྱ་ཡིས་ཁོ་ལ་དྲུད་དེ་རྒྱལ་ས་ཕི་ལ་བཏོན་ཏེ་རྡོ་གོང་བཞུས་པ་ལགས། དེ་ནས་དཔང་པོ་ཀྱ་ཡིས་ཁོ་རི་གོས་ལག་ཀྱ་ཤ་ཨུལ་སྨྲ་གིན་ཁྱོག་ཐོང་གཅིག་གི་རྐང་པ་རུ་བཞག་པ་ལགས།
59ཁོང་ཀྱ་ཡིས་སེ་ཏེ་ཕཱན་ལ་རྡོ་གོང་བཞུས་རི་གང་ལ་ཁོས་སྨོན་ལམ་བརྒྱབ་པ་ལགས། གཙོ་བོ་ཡེ་ཤུ། ངའི་སེམས་ཉིད་སྣུམ་མ་མཛད། 60ཁོས་པུས་མོ་བཙུགས་ཏེ་སྐད་བརྒྱབ་སྟེ་སྨྲས་བ་ལགས། གཙོ་བོ། འདི་སྡིག་པ་ཡི་ཆད་པ་གོ་ཁོང་ཀྱ་ལ་མ་ཕོག་བར་ཤོག། འོ་ཚོད་སྨྲས་རེ་ཁོའི་དབུགས་ཆད་པ་ལགས།།

Trenutno odabrano:

མཛད་པ། 7: LOY

Istaknuto

Podijeli

Kopiraj

None

Želiš li svoje istaknute stihove spremiti na sve svoje uređaje? Prijavi se ili registriraj