མཛད་པ། 6
6
འགོ་ཁྲིད་བདུན་འདམ་པ།
1ད་འོ་དེ་ཉིན་མ་ཀྱ་ལ་ཡེ་ཤུ་ལ་དད་པ་བྱེད་མཁན་མི་མང་དུ་མང་དུ་སོང་བ་ལགས། ཡིན་ནའང་འོ་དེ་གང་ལ་རང་གྷི་རིག་སྐད་བརྒྱབ་མཁན་ཡ་ཧུ་དཱ་པ་ཀྱ་ཡིས་ཨིབ་རི་པ་སྐད་བརྒྱབ་མཁན་ཡ་ཧུ་དཱ་པ་ཀྱ་ལ་རྙོག་གྲ་བཤད་པ་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡི་ཡུག་ཟ་མ་ཀྱ་ལ་ཉིན་རེའི་ཟ་མ་ཡི་སྐལ་ད་གོ་ག་མོ་མ་མ་རག་འོད་ད་ལགས། 2ད་འོ་རེ་བྱུང་རེ་སྐུ་ཚབ་བཅུ་གཉིས་ཀྱ་ཡིས་ཉེ་གནས་གི་རི་ལ་སྐད་བཏང་རེ་སྨྲས་བ་ལགས། དཀོན་མཆོག་གི་བཀའ་བཤད་ཡས་གོ་བོར་ཏེ་ཟ་མ་ཡི་ཕྱིར་ལ་མགོ་གཡེལ་རེ་བསྡད་ན་འི་ཀི་ཕྱིར་ལ་དགའ་འོང་གུ་མ་ལགས། 3འོ་བྱས་རེ་སྤུན་ཟླ་ཀྱ་བོ། ཁྱེད་རང་ཀྱ་ནང་ནས་དམ་པའི་ཐུགས་ཉིད་ཀྱིས་ཁངས་ཁ་སྨྲས་རེ་ཤེས་ཀྱིན་དང་། ཤེས་རབ་ཀྱིས་ཁངས་ཁ་མི་བདུན་འདོམས། དེ་ནས་འེ་ཀྱ་དེ་བཟའ་མ་ཡི་རྩི་ཁོང་ཀྱ་ལ་བརྒྱབ་ཡས་ཡིན། 4དེ་ནས་འེ་ཀྱ་འེ་རི་དུས་ཚོད་གི་རི་སྨོན་ལམ་བརྒྱབ་ཡས་དང་དཀོན་མཆོག་གི་བཀའ་བཤད་ཡས་ལ་སྟེར་ཡས་ཡིན།
5སྐུ་ཚབ་ཀྱ་ཡི་གྲོས་དེ་གི་རི་ལ་དགའ་ཤེས་བ་ལགས། དེ་ནས་ཁོང་ཀྱ་ཡིས་དམ་པའི་ཐུགས་ཉིད་དང་དད་པ་ཡིས་ཁངས་ཁ་སེ་ཏེ་ཕཱན་དང་། ཕི་ལིབ་དང་། པོ་རོ་ཀོ་རུ་དང་། ནི་ཀ་ནོར་དང་། ཏི་མོན་དང་། པར་མེ་ནཱ་དང་། ཨན་ཏི་ཡོག་རྒྱལ་ས་ཡི་ནི་ཀོ་ལཱ་བདམས་པ་ལགས། ནི་ཀོ་ལཱ་ནི་ཡ་ཧུ་དཱ་པ་ཆོས་ལ་བསྒྱུར་གྱ་མི་ཞིག་ལགས། 6དེ་ནས་ཁོང་ཀྱ་ཡིས་འོ་དེ་མི་ཀྱ་ལ་སྐུ་ཚབ་ཀྱ་ཡི་གདོང་ལ་འཁྱེར་ཏེ་འོངས་བ་ལགས། དེ་ནས་སྐུ་ཚབ་ཀྱ་ཡིས་ཁོང་ཀྱ་ལ་སྨོན་ལམ་བརྒྱབ་སྟེ་རང་གི་ལག་པ་ཁོང་ཀྱ་ཁར་ལ་བཞག་པ་ལགས།
7དཀོན་མཆོག་གི་བཀའ་ཕྱོགས་གི་རི་ལ་ཁྱབ་པ་ལགས། དེ་ནས་གཙོ་བོ་ཡེ་ཤུའི་ཉེ་གནས་ཀྱ་ཡེ་རུ་ཤ་ལེམ་དུ་ཡོལ་ལེ་མང་དུ་སོང་བ་ལགས། དེ་ནས་མཆོད་དཔོན་དམི་ཅིག་གི་མང་ང་ཡིས་འང་གཙོ་བོ་ཡེ་ཤུ་ལ་དད་པ་བྱས་བ་ལགས།
སེ་ཏེ་ཕཱན་ཟིམ་པ།
8དཀོན་མཆོག་གིས་སེ་ཏེ་ཕཱན་ལ་མི་ཀྱ་ཡི་གུང་དུ་ཡམ་སངས་ཀྱིན་ལས་ཀ་ཀྱ་བྱེད་ཡས་དང་རྟགས་ཀྱ་སྟོན་ཡས་ལ་ཐུགས་རྗེ་དང་ནུས་མཐུ་གནང་བ་ལགས། 9ཡིན་ནའང་ཀུ་རེ་ནཱེ་དང་། ཨ་ལེག་སན་དྲི་ཡཱ་རྒྱལ་ས་དང་། ཀི་ལི་ཀི་ཡཱ་དང་། ཨེ་ཞི་ཡཱ་ནས་འོངས་བ་ཡ་ཧུ་དཱ་པ་མི་རིང་འགའ་རུབ་སྟེ་སེ་ཏེ་ཕཱན་མུ་ལ་རྙོག་གྲ་བཤད་པ་ལགས། འོ་དེ་ཡ་ཧུ་དཱ་པ་ཀྱ་རང་དབང་གི་མི་སྨྲ་གིན་ཚོགས་ཁང་གི་མི་ཀྱ་ལགས། 10ཡིན་ནའང་དམ་པའི་ཐུགས་ཉིད་ཀྱིས་སེ་ཏེ་ཕཱན་ལ་དེ་རེ་རིག་པ་གནང་ང་ལགས། དེ་ནས་ཁོ་ལབ་བཏང་བའི་གང་ལ་མི་ཀྱ་ཁོའི་ཁབ་སྤྲ་མ་ཐོབ་པ་ལགས། 11དེ་ནས་ཁོང་ཀྱ་ཡིས་མི་རིང་འགའ་ལ་ཁ་པ་ཁོག་པ་རྒྱགས་རེ་སྨྲ་རུ་བཅུག་པ་ལགས། འདི་མི་དེ་ཡིས་མོ་ཤེ་དང་དཀོན་མཆོག་གི་སྐོར་ལ་སྐུར་བ་འདེབས་ཀྱིན་འི་ཀིས་ཧ་གོ་སོང་། 12དེ་རེ་བྱས་རེ་ཁོང་ཀྱ་ཡིས་མི་མང་ཀྱ་དང་། འགོ་ཁྲིད་ཀྱ་དང་། མཆོད་ཁྲིམས་ཀྱི་སློབ་དཔོན་ཀྱ་ལ་ལབ་དཀྲུགས་པ་ལགས། དེ་ནས་ཁོང་ཀྱ་སོང་རེ་སེ་ཏེ་ཕཱན་ལ་ཟིམ་ཏེ་ཚོགས་པ་ཆེ་རུ་འཁྲིད་དེ་འོངས་བ་ལགས། 13དེ་ནས་ཁོང་ཀྱ་ཡིས་ཟོག་ཅན་ཀྱ་ལ་གདོང་དུ་འཁྲིད་དེ་འོ་སྨྲ་རུ་བཅུག་པ་ལགས། འདི་མི་དེ་ཙོག་བའི་དམ་པའི་མཆོད་ཁང་དང་མོ་ཤེ་ཡིས་གནང་ན་ཆོས་ཁྲིམས་ཀྱི་རྒྱབ་ལོག་ལ་ལབ་བཏང་བའི། 14གི་བྱས་རེ་སྨྲ་ན་ཁོས་འོ་སྨྲ་གིན་འི་ཀིས་གོ་སོང་། ན་ཙ་རེད་ཀྱི་ཡེ་ཤུ་ཡིས་དེ་མཆོད་ཁང་མེད་ད་ལ་གཏང་གི་ལགས། དེ་ནས་མོ་ཤེ་ཡིས་གནང་ན་ལུགས་སྲོལ་ཀྱ་ལའང་རྗེ་གི་ལགས། 15ཚོགས་པ་རུ་འཛོམས་ཛ་མི་གི་རི་སེ་ཏེ་ཕཱན་ལ་ཞིབ་ལྟ་བྱས་རེ་བལྟས་རེ་བསྡད་འོད་ད་ལགས། དེ་ནས་ཁོང་ཀྱ་ཡིས་ཁོའི་ངོ་གདོང་གོ་ནམ་མཁའི་བང་ཆེན་གྱི་ཞལ་ཅོག་རེ་འོད་བརྒྱབ་ཀྱིན་མཐོང་བ་ལགས།།
Trenutno odabrano:
མཛད་པ། 6: LOY
Istaknuto
Podijeli
Kopiraj

Želiš li svoje istaknute stihove spremiti na sve svoje uređaje? Prijavi se ili registriraj
© 2023, Wycliffe Bible Translators, Inc. and Nepal Bible Society