མཛད་པ། 9
9
ཤ་ཨུལ་གྱི་མི་ཚེ་འགྱུར་བ།
(མཛད་པ། ༢༢:༦-༡༦;༢༦:༡༢-༡༨)
1-2ཤ་ཨུལ་དོ་རང་འང་གཙོ་བོའི་ཉེ་གནས་ཀྱ་ལ་བསད་ཡས་ལ་འཇིགས་སྐྲག་བསྐུལ་ལི་འོད་ད་ལགས། དེ་ནས་ཁོ་གཙོ་མཆོད་དཔོན་རྩ་རུ་སོང་རེ་གཙོ་བོའི་ལམ་ལ་འགྲོ་མཁན་ཉེ་གནས་ཕོ་མོ་གི་རི་ལ་ཟིམ་ཏེ། ཡེ་རུ་ཤ་ལེམ་ལ་འཁྲིད་དེ་འོང་ཡས་ལ། དཱ་མ་སེག་ཀོའི་ཚོགས་ཁང་ཀྱ་ཡི་དཔོན་པོ་ཀྱ་ལ་ཆོག་མཆན་གྱི་ཡིག་ཆ་ཞུས་བ་ལགས།
3དེ་ནས་ཁོ་དཱ་མ་སེག་ཀོ་རྒྱལ་ས་རུ་སླེབས་གུ་བྱེད་འདིག་གང་ལ། ཧ་ཏག་པ་ལ་ཁོའི་མཐའ་འཁོར་ལ་གནམ་ནས་དམི་ཅིག་འོད་བསལ་བ་གཅིག་བརྒྱབ་པ་ལགས། 4དེ་ནས་ཁོ་ས་ལ་རིལ་རེ་སྐད་གཅིག་དེ་རེ་སྨྲ་གིན་གོ་པ་ལགས། ཤ་ཨུལ། ཤ་ཨུལ། ཁྱོད་ང་ལ་གི་བྱས་རེ་སྡུག་པོ་བཏང་ང་ལེ།
5གཙོ་བོ། རང་སུ་ཡིན་ནོ་སྨྲས་རེ་ཤ་ཨུལ་གྱིས་དྲིས་བ་ལགས།
དེ་ནས་ཁོང་པ་ཡིས་གསུངས་བ་ལགས། ང་ནི་ཁྱོས་སྡུག་པོ་བཏང་ད་ཡེ་ཤུ་ཡིན། 6ཡིན་ནའང་ཁྱོད་ལོངས། དེ་ནས་རྒྱལ་ས་རུ་སོང་། འོ་དུ་རུ་ཁྱོས་བྱེད་དགོས་ཀྱིན་གོ་ཁྱོད་ལ་སྨྲ་གུ་ལགས།
7ཁོའི་མུ་ལ་འགྲོ་མཁན་རོགས་བ་ཀྱ་ཡིས་སྐད་གོ་གཅིག་ཀ་གོ་སྟེ་སུའང་མ་མཐོང་བ་ལགས། དེ་ནས་ལབ་ཚིག་གཅིག་འང་བཏང་མ་ཐུབ་བ་ལངས་རེ་བསྡད་པ་ལགས། 8ཤ་ཨུལ་ས་ནས་ལངས་རེ་མིག་པེ་རེའང་གིན་ད་མཐོང་མ་ཐུབ་པ་ལགས། དེ་ནས་ཁོའི་རོགས་བ་ཀྱ་ཡིས་ཁོ་ལ་ལག་པ་ཟིམ་ཏེ་དཱ་མ་སེག་ཀོ་རུ་ཁྲིད་པ་ལགས། 9འོ་དུ་རུ་ཁོ་ཞག་མོ་གསུམ་ཐུག་པའི་མིག་མཐོང་ཡས་མ་བྱུང་བ་ལགས། དེ་ནས་བཟའ་མ་མ་བཟས་བ་ལགས། དེ་ནས་ཆུ་འང་མ་འཐུང་བ་ལགས།
10ད་དཱ་མ་སེག་ཀོ་རུ་ཨ་ནན་ཡཱ་སྨྲ་གིན་དད་པ་བྱེད་མཁན་གཅིག་འོད་ད་ལགས། གཙོ་བོ་ཡིས་ཁོ་ལ་མཐོང་སྣང་ལ་འདི་རེ་གསུངས་བ་ལགས། ཨ་ནན་ཡཱ།
ཨ་ནན་ཡཱ་ཡིས་ལན་བརྒྱབ་པ་ལགས། ལགས་གཙོ་བོ། ང་དུ་རུ་འོད།
11གཙོ་བོ་ཡིས་ཁོ་ལ་གསུངས་བ་ལགས། ལོངས། དེ་ནས་ཁབ་ཐད་སྨྲ་གིན་སྲང་གག་ནས་སོང་རེ་ཡུ་དཱའི་ཁང་པ་རུ་ཏྲར་སོ་རྒྱལ་ཁབ་ཀྱི་ཤ་ཨུལ་ལ་འཚོལ། ཁོ་གསོལ་བ་བརྒྱབ་སྟེ་བསྡད་འོད་ད་ལགས། 12ཨ་ནན་ཡཱ་སྨྲ་མཁན་མི་གཅིག་ཁོ་རྩ་རུ་འོངས་རེ་ཁོས་ལྡབ་ལེ་མིག་མཐོང་ཡས་ལ་ཁོའི་ཁར་ལ་ལག་པ་བཞག་གིན་མཐོང་སྣང་ཁོས་མཐོང་འོད་ད་ལགས།
13ཨ་ནན་ཡཱ་ཡིས་ལན་བསློགས་པ་ལགས། གཙོ་བོ། འདི་མི་དེ་ཡིས་ཡེ་རུ་ཤ་ལེམ་དུ་འོད་མཁན་ཁྱེད་རང་གི་དམ་པའི་མི་ཀྱ་ལ་དམི་ཅིག་གི་སྡུག་པོ་བཏང་འདུག་སྨྲས་རེ་མི་ཀྱ་ནས་ངས་ཧ་གོ་སོང་། 14དེ་ནས་ཁོ་མཆོད་དཔོན་ཆེ་ཀྱ་ཡི་དབང་ཆ་ནས་ཁྱེད་རང་གི་མཚན་འབོད་མཁན་གི་རི་ལ་ཟིམ་དུ་དུ་རུ་འོངས་འདུག
15དེ་ནས་གཙོ་བོ་ཡིས་ཁོ་ལ་གསུངས་བ་ལགས། སོང་། གི་བྱས་རེ་སྨྲ་ན་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་དང་། རྒྱལ་བོ་ཀྱ་དང་། ཡིས་ར་ཨེལ་པ་ཀྱ་རྩ་རུ་ངའི་སྐོར་ལ་བཤད་ཡས་ལ་ཁོ་ནི་ངས་བདམས་ད་ལག་ཆ་ཡིན། 16དེ་ནས་ངའི་དོན་ལ་ཁོ་ག་ཚོད་མྱངས་དགོས་ཀྱི་ལེ་སྨྲས་རེ་ང་ཁོ་ལ་སྟོན་ཡས་ཡིན།
17དེ་ནས་ཨ་ནན་ཡཱ་སོང་རེ་ཤ་ཨུལ་བསྡད་ད་ཁང་པ་ནང་དུ་འཛུལ་བ་ལགས། ཁོས་ཤ་ཨུལ་གྱི་ཁར་ལ་ལག་པ་བཞག་སྟེ་སྨྲས་བ་ལགས། ཤ་ཨུལ། ཁྱོད་དུ་རུ་འོངས་བའི་གང་ལ་ལམ་ཁ་ལ་མཇལ་ཇ་བ་གཙོ་བོ་ཡེ་ཤུ་ཡིས་ང་ལ་ཁྱོའི་མིག་ལྡབ་ལེ་མཐོང་ཡས་ལ་དང་། དམ་པའི་ཐུགས་ཉིད་ཀྱིས་ཁང་ཡས་ལ་ཁྱོའི་རྩ་རུ་བརྫངས་སོང་།
18དེ་ནས་ལམ་སང་ཤ་ཨུལ་གྱི་མིག་ནས་ཉ་སག་ཅོག་རེ་གཅིག་ལྷིམ་པ་ལགས། ད་ཁོོས་མཐོང་བ་ལགས། དེ་ནས་ཁོ་ལངས་རེ་ཁྲུས་གསོལ་ལེན་པ་ལགས། 19དེ་ནས་གཤམ་ལ་ཁོས་བཟའ་མ་བཟས་རེ་ལྡབ་ལེ་སྟོབས་འབྱོར་པ་ལགས། ཤ་ཨུལ་ཞག་མོ་ཏི་ཏེ་དད་པ་བྱེད་མཁན་ཀྱ་མུ་ལ་དཱ་མ་སེག་ཀོ་རུ་བསྡད་པ་ལགས།
དཱ་མ་སེག་ཀོ་རུ་ཤ་ཨུལ་གྱི་བཀའ་སློབ།
20ལམ་སང་ཤ་ཨུལ་ཚོགས་ཁང་ཀྱ་ལ་སོང་རེ་ཡེ་ཤུ་རང་དཀོན་མཆོག་གི་སྲས་ལགས་སྨྲས་རེ་མི་ཀྱ་ལ་བཤད་པ་ལགས། 21དེ་ནས་ཁོ་ལ་མཉན་མཁན་གི་རི་དམི་ཅིག་ཧ་ལས་རེ་དེ་རེ་སྨྲས་བ་ལགས། འདི་མི་ནི་ཡེ་རུ་ཤ་ལེམ་དུ་ཡེ་ཤུ་ཡི་མཚན་འབོད་མཁན་ཀྱ་ལ་མེད་ད་ལ་བཏང་མཁན་གོ་མ་ལེ། དེ་ནས་ཁོང་ཀྱ་ལ་ཟིམ་ཏེ་མཆོད་དཔོན་ཆེ་ཀྱ་རྩ་རུ་འཁྲིད་དེ་འགྲོ་ཡས་ལ་ཁོ་དུ་རུ་འོངས་བ་མ་ལེ། 22ཡིན་ནའང་ཤ་ཨུལ་གྱིས་བཀའ་སློབ་ཤུགས་ཆེ་རུ་ཆེ་རུ་སོང་བ་ལགས། དེ་ནས་ཡེ་ཤུ་རང་མཱ་ཤི་ཀ་ལགས་སྨྲས་རེ་ཁོས་སྟེར་ད་དཔང་པོ་ཀྱ་སྟོན་ཏེ། དཱ་མ་སེག་ཀོ་རུ་འོད་མཁན་ཡ་ཧུ་དཱ་པ་མི་ཀྱ་མགོ་འཐོམས་ཏེ་ལན་གིན་ད་བརྒྱབ་མ་ཐུབ་པ་ལགས།
23ཉིན་མ་ག་ཞིང་གཤམ་ནས་ཡ་ཧུ་དཱ་པ་ཀྱ་ཡིས་ཁོ་ལ་བསད་ཡས་ལ་གྲོས་བྱས་བ་ལགས། 24ཡིན་ནའང་ཁོང་ཀྱ་ཡི་གྲོས་གོ་ཤ་ཨུལ་གྱིས་ཚོར་པ་ལགས། ཉིན་མཚན་ཁོང་ཀྱ་ཁོ་ལ་བསད་ཡས་ལ་རྒྱལ་ས་ཡི་སྒོ་ལ་བསྲུངས་རེ་བསྡད་ད་ལགས། 25ཡིན་ནའང་མཚན་གཅིག་ཤ་ཨུལ་གྱི་ཉེ་གནས་ཀྱ་ཡིས་ཁོ་ལ་རྐོམ་པ་ནང་དུ་བཞག་སྟེ་སྐྱ་ནས་མ་ལ་པབ་པ་ལགས།
ཤ་ཨུལ་ཡེ་རུ་ཤ་ལེམ་དུ།
26ཤ་ཨུལ་ཡེ་རུ་ཤ་ལེམ་དུ་སླེབས་ཏེ་ཉེ་གནས་ཀྱ་ལ་ཐུག་ཡས་ཐབས་ཤེས་བྱས་བ་ལགས། ཡིན་ནའང་ཁོ་འང་ཉེ་གནས་བྱུང་འདུག་སྨྲས་རེ་བ་མ་དད་བ་ཁོང་ཀྱ་གི་རི་ཁོ་ལ་འཇིགས་པ་ལགས། 27ཡིན་ནའང་བར་ན་བཱ་ཡིས་ཁོ་ལ་སྐུ་ཚབ་ཀྱ་ཡི་གདོང་དུ་ཁྲིད་དེ་འོངས་རེ། དཱ་མ་སེག་ཀོའི་ལམ་ཁ་ལ་ཁོས་གང་བྱས་རེ་གཙོ་བོ་ལ་མཇལ་རེ་གཙོ་བོ་ཡིས་ཁོ་ལ་བཀའ་གནང་ན་དང་། དཱ་མ་སེག་ཀོ་རུ་ཡེ་ཤུ་ཡི་མཚན་ནས་དམི་ཅིག་སྙིང་ཆེ་བྱས་རེ་ཁོས་བཤད་ཀྱིན་གོ་ཁོང་ཀྱ་ལ་བཤད་པ་ལགས། 28འོ་བྱས་རེ་ཤ་ཨུལ་ཁོང་ཀྱ་མུ་ལ་བསྡད་པ་ལགས། དེ་ནས་ཡེ་རུ་ཤ་ལེམ་གྱི་ས་ཆ་གི་རི་རུ་མི་ཀྱ་གི་རི་ལ་ཡེ་ཤུ་ཡི་མཚན་ལ་མ་འཇིགས་པ་བཀའ་བཤད་པ་ལགས། 29དེ་ནས་ཁོ་ཙོག་བའི་གྷི་རིག་ཡ་ཧུ་དཱ་པ་ཀྱ་མུ་ལ་ལབ་བཏང་རེ་ཐབས་པ་ལགས། ཡིན་ནའང་ཁོང་ཀྱ་ཡིས་ཁོ་ལ་བསད་ཡས་ལ་ཐབས་ཤེས་བྱས་བ་ལགས། 30དེ་ནས་དད་པ་བྱེད་མཁན་ཀྱ་ཡིས་དེ་ཧ་གོ་སྟེ་ཁོ་ལ་ཀེ་སར་ཡཱ་ལ་ཁྲིད་དེ་ཁོ་རི་ཡུལ་ཏྲར་སོ་རུ་བརྫངས་བ་ལགས།
31དེ་གཤམ་ནས་ཡུ་དེ་ཡཱ་དང་། ག་ལིལ་དང་། ས་མར་ཡཱ་ཕྱོགས་ཀྱི་ཆོས་ཚོགས་ནང་དུ་ཞི་བདེ་བྱུང་བ་ལགས། དེ་ནས་གཙོ་བོ་ལ་འཇིགས་ཏེ་དམ་པའི་ཐུགས་ཉིད་ཀྱི་སེམས་ཤུགས་འབྱོར་ཏེ། ཆོས་ཚོགས་ཀྱ་ཤུགས་ཆེ་བྱུང་རེ་མང་དུ་སོང་བ་ལགས།
ལུ་དྲ་དང་ཡོ་ཕཱ་རྒྱལ་ས་རུ་པེ་ཏྲོ།
32པེ་ཏྲོ་ཧ་ལ་ཚུར་ལ་ས་ཆ་གི་རི་རུ་འགྲུལ་བརྒྱབ་པ་ལགས། དེ་ནས་ལུ་དྲ་རྒྱལ་ས་རུ་འོད་མཁན་དམ་པའི་མི་ཀྱ་ཐུག་ཏུ་འོངས་བ་ལགས། 33འོ་དུ་རུ་ཁོ་ལ་ཨེ་ནི་ཡཱ་སྨྲ་མཁན་མི་གཅིག་ཐུག་པ་ལགས། འོ་དེ་མི་འདི་ལ་གཟའ་ཕོག་སྟེ་ལོ་བརྒྱད་ཐུག་པའི་ཉལ་ས་ནས་ལངས་མ་ཐུབ་འོད་ད་ལགས། 34པེ་ཏྲོ་ཡིས་ཁོ་ལ་སྨྲས་བ་ལགས། ཨེ་ནི་ཡཱ། ཡེ་ཤུ་མཱ་ཤི་ཀ་ཡིས་ཁྱོད་ལ་བཅོས་ག་གནང་གི་ལགས། ལོངས། དེ་ནས་ཁྱོད་རི་སྟན་ལྟོབས། དེ་ནས་ལམ་སང་ཁོ་ལངས་བ་ལགས། 35ལུ་དྲ་དང་ཤཱ་རོན་དུ་བསྡད་མཁན་མི་གི་རི་ཡིས་ཁོ་ལ་མཐོང་རེ་གཙོ་བོ་ཕྱོགས་ལ་སེམས་གྱུར་པ་ལགས།
36ཡོ་ཕཱ་སྨྲ་གིན་རྒྱལ་ས་རུ་ཏཱ་བི་ཐཱ་སྨྲ་གིན་དད་པ་བྱེད་མཁན་བུ་མོ་གཅིག་འོད་ད་ལགས། གྷི་རིག་སྐད་ལ་མོའི་མིང་དོར་ཀ་སཱ་སྨྲ་ན་ཤ་བ་ལགས། མོ་ནམ་ཡིན་ན་ལས་བཟང་དང་སྐྱོ་བ་ཀྱ་ལ་རོགས་བ་བྱེད་ད་ལགས། 37ཡིན་ནའང་མོ་ནད་རེ་ཤི་བ་ལགས། དེ་ནས་མོའི་ཕུང་པོ་གོ་ཁོང་ཀྱ་ཡིས་འཁྲུད་རེ་ཁྱིམ་སྟོད་ལ་བཞག་པ་ལགས། 38ཡོ་ཕཱ་ལུ་དྲ་རྒྱལ་ས་ནས་ཉེ་མོ་མ་འོད་ད་ལགས། དེ་ནས་ཡོ་ཕཱ་རུ་འོད་མཁན་དད་པ་བྱེད་མཁན་ཀྱ་ཡིས་པེ་ཏྲོ་ལུ་དྲ་རུ་འདུག་སྨྲས་རེ་གོ་སྟེ་མི་གཉིས་བརྫངས་རེ་ལོན་འདི་བསྐུར་པ་ལགས། ཧོ་ཅོད། ཧོ་ཅོད། མ་འགོར་བ་འི་ཀི་རྩ་རུ་ལམ་སང་ཕེབས་རོགས་བྱེད། 39འོ་བྱས་རེ་པེ་ཏྲོ་ལངས་རེ་ཁོང་ཀྱ་མུ་ལ་སོང་བ་ལགས། ཁོ་འོ་དུ་རུ་སླེབས་ཏེ་ཁོང་ཀྱ་ཡིས་ཁོ་ལ་ཁྱིམ་སྟོད་ལ་ཁྲིད་པ་ལགས། འོ་དུ་རུ་ཡུག་ཟ་མ་ཀྱ་ངུ་བརྡ་བརྒྱབ་བའི་འོད་ད་ལགས། དེ་ནས་ཁོང་ཀྱ་མུ་ལ་འོད་དེ་གང་ལ། དོར་ཀ་སཱ་ཡིས་བཟོས་ས་གོས་དང་གོས་ལག་གཞན་མ་ཀྱ་པེ་ཏྲོ་ལ་སྟོན་པ་ལགས།
40པེ་ཏྲོ་ཡིས་ཁོང་གི་རི་ལ་ཕི་ལ་བཏོན་ཏེ། པུས་མོ་བཙུགས་ཏེ་གསོལ་བ་བརྒྱབ་པ་ལགས། དེ་ནས་ཕུང་པོ་ཕྱོགས་ལ་བལྟས་རེ་སྨྲས་བ་ལགས། ཏཱ་བི་ཐཱ། ལོངས། དེ་ནས་མོས་མིག་བལྟས་བ་ལགས། དེ་ནས་པེ་ཏྲོ་ལ་མཐོང་རེ་མོ་ལངས་བ་ལགས། 41དེ་ནས་པེ་ཏྲོ་ཡིས་ཁོ་རི་ལག་པ་སྟེར་ཏེ་མོ་ཀྲོང་བའི་ལངས་ཡས་ལ་རོགས་བ་བྱས་བ་ལགས། ཁོས་གཞན་མ་དམ་པའི་མི་ཀྱ་དང་ཡུག་ཟ་མ་ཀྱ་ལ་བོས་རེ་མོ་གསོན་པོ་སྟོན་པ་ལགས།
42འདི་ལབ་དེ་ཡོ་ཕཱ་གི་རི་ལ་གྲམ་པ་ལགས། དེ་ནས་མི་དམི་ཅིག་གི་མང་གིས་གཙོ་བོ་ལ་དད་པ་བྱས་བ་ལགས། 43དེ་ནས་པེ་ཏྲོ་ཡོ་ཕཱ་རུ་སི་མོན་སྨྲ་གིན་ཀོ་བ་མཉེད་མཁན་རྩ་རུ་ཞག་མོ་ཨ་རུང་མང་ང་བསྡད་པ་ལགས།།
Trenutno odabrano:
མཛད་པ། 9: LOY
Istaknuto
Podijeli
Kopiraj

Želiš li svoje istaknute stihove spremiti na sve svoje uređaje? Prijavi se ili registriraj
© 2023, Wycliffe Bible Translators, Inc. and Nepal Bible Society