ལུ་ཀཱ། 20
20
ལེའུ་ཉི་ཤུ།
ཡེ་ཤུའི་དབང་ཆ།
1དེ་ནས་ཡང་ཉིན་མ་ཞིག་ཡེ་ཤུས་མཆོད་ཁང་གི་དྭངས་རའི་ནང་དུ་མི་ཚོགས་ལེ་ཆོས་གསུངས་གནང་པི་མ་ཟད། དཀོན་མཆོག་གི་གཏམ་བཟང་ཤོད་གནང་རྒྱ། ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། ཆོས་ཁྲིམས་མཁས་པའི་མི་ཀྱ་དིང་། ཡང་རྒན་མི་ཀྱ་ཁོང་གི་དྲུང་དུ་འོངས་ཏེ། 2ཁྱོད་ཀྱིས་ཅིའི་དབང་ཆ་ལེ་བརྟེན་ཏེ་དོན་དེ་བགྱིད་དི་ཡིན་དོ། ཁྱོད་ལེ་མི་སུས་འདི་གི་བགྱིད་རྒྱུ་དབང་ཆ་གཏད་བྱུང་གོ། ཉེད་ཀྱ་ལེ་ཤོད་དང་སྨྲས་ཕེན། 3ཡེ་ཤུས་མི་དེ་ཀྱ་ལེ། ང་ཟང་ཁྱེད་ཀྱ་ལེ་དྲི་བ་ཞིག་འདྲི་གྱི་ཡིན། ང་ལེ་ལན་རྒྱོབ་དང་། 4ཡོ་ཧ་ནན་གྱི་ཁྲུས་གསོལ་བགྱིད་རྒྱུ་དབང་ཆ་དེ་དཀོན་མཆོག་ནས་བྱུང་པི་གོ། ཡང་ནི། མི་ནས་བྱུང་པི་ཡིན་གོ་ཟིན་དྲིས་ཕེན། 5མི་དེ་ཀྱ་ཕན་ཚུན་བར་ལེ་ལབ་གླེང་བྱས་ཏེ། གལ་སྲིད་འུ་ཀྱ་ཀྱིས་དཀོན་མཆོག་ནས་བྱུང་པི་ཡིན་དིག་སྨྲས་ནི། འོ་ནེ། ཁྱེད་ཀྱ་ཅི་ལེ་ཁོང་ལེ་ཡིད་ཆེས་མི་བགྱིད་དི་ཡིན་དོ་ཟེར་གྱི་དིག 6ཡང་མི་ནས་བྱུང་པི་ཡིན་དིག་སྨྲས་ནི། མི་ཡེ་རེས་ཡོ་ཧ་ནན་ནི་ངོ་ཐོག་ལུང་སྟོན་པ་ཞིག་ཡིན་དིག་ཟིན་ཡིད་ཆེས་བགྱིད་འོད་ཕེན། འོ་རང་ལེ་མི་ཀྱ་ཀྱིས་རྡོ་གཞུས་ཏེ་གསོད་གྱི་དིག་ཟིན་འོད་དིག 7འོ་དེ་ལེ་བརྟེན་ཏེ། མི་དེ་ཀྱ་ཀྱིས་ཡེ་ཤུ་ལེ། དབང་ཆ་དེ་ག་ནས་བྱུང་པི་ཡིན་མིན་ཉེད་ཀྱ་ལེ་ཤོད་རྒྱུ་མེད་སྨྲས་པི་དིག 8ཡང་ཡེ་ཤུས། འོ་ནེ། ངས་ཟང་སུའི་དབང་ཆ་ལེ་བརྟེན་ཏེ་དོན་འདི་ཀྱ་བགྱིད་འོད་མེད་ཁྱེད་ཀྱ་ལེ་ཤོད་ཀྱི་མན་ཟིན་གསུངས་པི་དིག
ཕྱེད་འདེབས་གཏོང་སའི་མི་ངན་པའི་དཔེ།
9དེ་ནས་ཡེ་ཤུས་དཔེ་ཞིག་གི་བརྒྱུད་ནས་མི་ཀྱ་ལེ། མི་ཞིག་གིས་རྒུན་འབྲུམ་སྡོང་པོ་མང་པོ་ཚུགས་པི་མ་ཟད། དེའི་རྗེས་ལེ་རྒུན་འབྲུམ་གྱི་ཞིང་དེ་མི་གཞན་མ་ཞིག་ལེ་ཕྱེད་འདེབས་བཏང་སྟེ། ཁོ་རང་དུས་ཡུན་རིང་པོ་ལུང་པ་གཞན་ཞིག་ལེ་བསྡོད་དུ་བུད་དི་དིག 10དེ་ནས་རྒུན་འབྲུམ་སྨིན་པའི་དུས་ཚོད་སླེབས་ཕེན། མི་ཁོས་རང་གི་གཡོག་པོ་ཞིག་ལེ་ཕྱེད་འདེབས་དེ་ལེན་དུ་བརྫངས་པི་དིག ཡིན་ནའང་། ཕྱེད་འདེབས་གཏོང་སའི་མི་ཀྱ་ཀྱིས་བདག་པོའི་གཡོག་པོ་དེ་ལེ། ཤི་མེད་རོ་མེད་བརྡུངས་ཏེ་ལག་སྟོང་པ་ཕ་ལེ་ལོག་བརྫངས་པི་དིག 11ཡང་དང་བདག་པོ་ཁོས་གཡོག་པོ་གཉིས་པ་ཞིག་བརྫངས་པི་དིག དེ་ལེ་ཟང་མི་དེ་ཀྱ་ཀྱིས་བརྡུངས་པའི་མ་ཟད། ངོ་ཚ་མོ་བཟོས་ཏེ་ལག་སྟོང་པ་ཕ་ལེ་ལོག་བརྫངས་པི་དིག 12ཡང་བདག་པོ་ཁོས་ད་རུང་ཟང་གཡོག་པོ་གསུམ་པ་ཞིག་བརྫངས་ནའང་། མི་དེ་ཀྱ་ཀྱིས་ཁོ་ལེ་ཟང་རྨས་སྐྱོན་ཆེན་པོ་བཟོས་ཏེ་ཕྱི་ལེ་བུད་བཏང་པི་དིག 13དེ་ནས་རྒུན་འབྲུམ་ཞིང་གི་བདག་པོ་ཁོས། ད་ངས་ཅི་བགྱིད་རྒྱུ། ངའི་བརྩེ་བའི་བི་ས་དེ་བརྫངས་པི་ཡིན་ནི། མི་དེ་ཀྱ་ཀྱིས་ངའི་བི་ས་ལེ་བརྩི་བཀུར་བགྱིད་ཀྱི་དིག་བསམས་ཏེ། ཁོས་རང་གི་བི་ས་ཁོ་ཕྱེད་འདེབས་ལེན་དུ་བརྫངས་པི་དིག 14ཡིན་ནའང་། མི་དེ་ཀྱ་ཀྱིས་བི་ས་ཁོ་འོང་གི་མཐོང་སྟེ། ཕན་ཚུན་གཅིག་གིས་གཅིག་ལེ། བི་ས་དེ་ནི་ཨ་ཀྱིའི་ཤུལ་འཛིན་མཁན་ཡིན་དིག ད་བི་ས་དེ་བསད་འབོར་རི་ཡིན་ནི། ཁོའི་ཨ་ཀྱིའི་ཤུལ་ཡེ་རེ་འོ་རང་ཀྱ་ལེ་འཐོབ་ཀྱི་དིག་སྨྲས་ཏེ། 15བི་ས་དེ་རྒུན་འབྲུམ་གྱི་ཞིང་གི་ཕྱི་ལེ་བཏོན་ཏེ་བསད་དི་དིག དེ་ནས་ཞིང་གི་བདག་པོ་ཁོས་མི་དེ་ཀྱ་ལེ་ཅི་བགྱིད་འོད་དྲོ། 16བདག་པོ་ཁོ་རང་འོང་སྟེ། ཕྱེད་འདེབས་བཏོང་སའི་མི་ཡེ་རེ་རྩ་མེད་བཏང་སྟེ། ཡང་རྒུན་འབྲུམ་གྱི་ཞིང་དེ་མི་གཞན་མ་ཞིག་ལེ་ཕྱེད་འདེབས་གཏོང་གྱི་དིག་ཟིན་ཡེ་ཤུས་དཔེ་དེ་གསུངས་པི་དིག གསུང་དེ་ཐོས་ཏེ་མི་ཚོགས་ཀྱ་ཀྱིས་དེ་གི་ག་ན་བགྱིད་སྲིད་རྒྱུ་ཟིན་འོད་དིག 17ཡིན་ནའང་། ཡེ་ཤུས་མི་ཚོགས་དེ་ཀྱ་ལེ་གཟིགས་ཏེ། དཀོན་མཆོག་གི་གསུང་རབ་ཀྱི་མདོ་ནང་ལེ།
རྩིག་དཔོན་ཀྱ་ཀྱིས་གཡུགས་པའི་རྡོ་དེ། །
ཁང་པ་གྲུ་བཞིའི་རྨང་རྡོ་ལེ་འགྱུར་གྱི་དིག །
ཟེར་རི་དོན་དེ་ཅི་ཡིན་དིག་ཟེར་ནི།#20.17 ཚིགས་བཅད་འདི་ནི་གསུང་མགུར་ལེའུ་ 118 ཨང་ 22 ནང་ལེ་གཟིགས་རོགས། 18མི་སུ་ཞིག་རྡོ་དེའི་ལྟག་ག་ལེ་འགྱེལ་ནི། མི་དེ་དུམ་བུ་ལེ་ཤོར་འགྲོ་གྱི་དིག ཡང་རྡོ་དེ་མི་སུ་ཞིག་གི་ལྟག་ག་ལེ་འཛར་རི་ཡིན་ནི། རྡོ་དེས་མི་དེ་ཀྱ་དུམ་བུ་དུམ་བུ་གཏོང་གྱི་དིག་ཟིན་གསུངས་པི་དིག
ཁྲལ་འཇལ་དགོས་འོད་མེད་སྐོར།
19དེ་ནས་ཆོས་ཁྲིམས་མཁས་པ་ཀྱ་དིང་། མཆོད་པ་འབུལ་མཁན་ཀྱ་ཀྱིས་དཔེ་དེ་ནི། རང་གི་སྐོར་ལེ་གསུངས་གནང་པི་ཡིན་དི་ཧ་གོ་ཕེན། དེ་ལོང་མེད་ཁོང་ཀྱ་ཀྱིས་ཡེ་ཤུ་འཛིན་བཟུང་བགྱིད་རྒྱུ་ཐབས་ལམ་བཙལ་ནའང་། ཁོང་ཀྱ་མི་ཚོགས་དེ་ཀྱ་ལེ་འཇིགས་པི་དིག 20ཡིན་ནའང་། མི་དེ་ཀྱ་ཀྱིས་ཡེ་ཤུ་ནི། རོ་མཱ་ལུང་པའི་སྤྱི་དཔོན་གྱི་ལག་ལེ་གཏོད་རྒྱུ་ཆེད་དུ། མི་དྲང་པོ་ཡིན་ཚུལ་བགྱིད་མཁན་ཁ་ཤས་ཞིག་གསང་བའི་ངང་ནས་ཡེ་ཤུས་ཁྲིམས་དིང་འགལ་བའི་ལབ་གླེང་བགྱིད་དུ་འཇུག་རྒྱུ་ཆེད་དུ་བརྫངས་པི་དིག 21དེ་ནས་མི་དེ་ཀྱ་ཡེ་ཤུ་དྲུང་དུ་འོང་སྟེ། སློབ་དཔོན། ཁྱེད་ཀྱིས་ཅི་གསུངས་པི་དིང་། ཆོས་བསྟན་གནང་པི་དེ་ཟང་བདེན་པ་ཡིན་དི་མ་ཟད། ཁྱེད་ཀྱིས་མི་ཀུན་ལེ་ཕྱོགས་རིས་མི་གནང་འོད་དི་དིང་། དཀོན་མཆོག་གི་ལམ་ཡང་དག་པར་བདེན་པ་དེ་སྟོན་གནང་གྱོ་འོད་དི་ཉེད་ཀྱ་ཀྱིས་ཧ་གོ་བྱུང་། 22འོ་དེ་ལེ་བརྟེན་ཏེ། དཀོན་མཆོག་གི་ཆོས་ཁྲིམས་ཅོག་འདྲ་བྱས་ནི། ད་ལྟ་ཉེད་ཀྱ་ཀྱིས་རོ་མཱའི་རྒྱལ་པོ་ཆེན་པོ་སེ་བཟིར་ལེ་ཁྲལ་གཏོད་དགོས་འོད་དི་གོ། ཡང་ནི། མེད་དི་གོ་ཟིན་དྲིས་ཕེན། 23ཡེ་ཤུས་མི་དེ་ཀྱ་ཀྱིས་གཡོ་སྒྱུ་དེ་མཁྱེན་གནང་སྟེ་མི་དེ་ཀྱ་ལེ། 24ང་ལེ་དངུལ་གྱི་སྒོར་མོ་ཞིག་སྟོན་དང་། དངུལ་གྱི་སྒོར་མོ་འདི་ལེ་བྲིས་པའི་རི་མོ་དིང་ཡི་གེ་འདི་སུའི་ཡིན་གོ་ཟིན་དྲིས་ཏེ། མི་དེ་ཀྱ་ཀྱིས་འདི་ནི་རྒྱལ་པོ་སེ་བཟིར་གྱི་ཡིན་དིག་སྨྲས་པི་དིག 25ཡང་ཡེ་ཤུས་མི་དེ་ཀྱ་ལེ། རྒྱལ་པོ་སེ་བཟིར་གྱི་ཡིན་དི་དེ་རྒྱལ་པོ་སེ་བཟིར་ལེ་ཕུལ། དཀོན་མཆོག་གི་ཡིན་དི་དེ་དཀོན་མཆོག་ལེ་ཕུལ་ཟིན་གསུངས་པི་དིག 26ཡེ་ཤུས་མི་ཚོགས་ཀྱི་མདུན་དུ་ཁྲིམས་དིང་འགལ་བའི་ལབ་གླིང་མ་བྱས་པི་མ་ཟད། ཡེ་ཤུས་ལབ་ལན་བརྒྱབ་པི་དེ་ལེ་ངོ་མཚར་ཆེན་པོ་སྐྱེས་ཏེ་ཁུ་སིམ་པོ་བྱས་ཏེ་བསྡད་དི་དིག
ཡང་དང་གསོན་པོའི་སྐོར།
27དེ་ནས་ཡང་ཡ་ཧུ་དཱ་པའི་ནང་ལེ་གཤིན་པོ་ཀྱ་ཡང་དང་གསོན་པོ་སློང་རྒྱུ་མེད་ཟེར་མཁན་སཱ་ཅུ་སེ་པ་ཟེར་རི་ཆོས་ལུགས་ཀྱི་མི་ཀྱ་ཡེ་ཤུའི་དྲུང་དུ་འོངས་ཏེ། 28སློབ་དཔོན། ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་ནང་ལེ། སྐྱེས་པ་ཞིག་ལེ་བུ་ཕྲུག་མ་བྱུང་སྟེ་ཁོ་རང་ཤི་པི་མ་ཟད། བུད་མེད་དེ་ཟང་གཅིག་རང་ལེ་ལུས་པི་ཡིན་ནི། ནུ་བོས་རང་གི་ཨ་ཇོའི་རིགས་རྒྱུད་དེ་སྟོངས་མི་འགྲོ་བའི་ཆེད་དུ། བུ་མའ་དེ་རང་གི་མནའ་མ་ལེན་དགོས་འོད་དིག་ཟིན་བྲིས་འདུག 29དཔེར་ན། བི་ས་སྤུན་བདུན་ནང་ནས་ཨ་ཇོ་ཆེ་ཤོས་ཁོས་མནའ་མ་བླངས་ཏེ་བུ་ཕྲུག་མ་བྱུང་སྟེ་ཨ་ཇོ་ཁོ་ཤི་པི་དིག 30-31དེ་ནས་ནུ་བོས་བུ་མའ་དེ་རང་གི་མནའ་མ་ལེ་བླངས་པི་དིག ཡང་ཁོ་ལེ་ཟང་བུ་ཕྲུག་མ་བྱུང་སྟེ་ཤི་པི་དིག ཡང་ནུ་བོ་ཆུང་ཤོས་ཁོས་ཟང་བུ་མའ་དེ་རང་གི་མནའ་མ་ལེ་བླངས་པི་དིག ཡིན་ནའང་། ཁོ་ལེ་ཟང་བུ་ཕྲུག་མ་བྱུང་སྟེ་ཤི་པི་དིག ད་མཇུག་མཐའ་མ་དེ་ལེ། སྤུན་བདུན་ཀ་ཀྱིས་བུ་མའ་དེ་མནའ་མ་བླངས་ནའང་། བུ་ཕྲུག་མ་བྱུང་སྟེ་སྤུན་བདུན་ཀ་ཤི་པི་དིག 32ཡང་མཇུག་མཐའ་མ་དེ་ལེ་བུ་མའ་མོ་རང་ཟང་ཤི་པི་ཡིན་དིག 33འོ་དེ་ལེ་བརྟེན་ཏེ། གཤིན་པོ་ཀྱ་ཡང་དང་གསོན་པོ་ལངས་རྒྱ། སྤུན་བདུན་ཀ་ཀྱིས་བུ་མའ་དེ་མནའ་བླངས་ཕེན། བུ་མའ་དེ་སྤུན་བདུན་པའི་ནང་ནས་སུའི་མནའ་མ་ཡིན་གོ་ཟིན་དྲིས་ཕེན། 34ཡེ་ཤུས་མི་དེ་ཀྱ་ལེ། དུས་རབས་འདིའི་མི་ཀྱ་ཀྱིས་མནའ་མ་ལེན་དི་དིང་། ནོར་སྐལ་ཕ་ལེ་སྐྱེལ་ཚུ་ལེ་ལེན་བགྱིད་འོད་དིག 35ཡིན་ནའང་། མ་འོངས་པའི་དུས་ལེ་གཤིན་པོ་ཀྱ་ཡང་དང་གསོན་པོ་ལངས་འོས་པ་དེ་ཀྱ་ཀྱིས་མནའ་མ་མི་ལེན་འོད་དི་དིང་ནོར་སྐལ་ཕ་ལེ་སྐྱེལ་ཚུ་ལེ་ལེན་མི་བགྱིད་འོད་དིག 36གསོན་པོ་ལངས་འོས་པ་དེ་ཀྱ་ནི་དུས་ནམ་ཡིན་ནའང་ཤི་རྒྱུ་མེད་མེད་དཀོན་མཆོག་དིང་སྐྱེན་ལེ་བཞུགས་མཁན་ཞབས་ཕྱི་པ་ཀྱ་དིང་ཅོག་འདྲ་ཡིན་དིག གཤིན་པོ་ཀྱ་ཡང་དང་གསོན་པོ་བྱུང་ཕེན། ཁོང་ཀྱ་ནི་དཀོན་མཆོག་གི་སྲས་དིང་སྲས་མོ་ཡིན་དིག 37ཡིན་ནའང་། གཤིན་པོ་ཀྱ་ཡང་དང་གསོན་པོའི་སྐོར་ལེ། ལུང་སྟོན་པ་མོ་ཤེས་མེ་རླབས་སྡོང་པོའི་སྐོར་ལེ་བྲིས་པའི་མདོ་ནང་ལེ། མོ་ཤེས་ཇོ་བོ་དཀོན་མཆོག་ལེ། ཁྱེད་ནི་ཨབ་ར་ཧམ་དིང་། ཨི་སཱག ཡ་ཀོབ་ཀྱི་དཀོན་མཆོག་ཡིན་དིག་ཟིན་གསལ་ཐག་གཅོད་བྲིས་འོད་དིག#20.37 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གཉིས་པ་ཐེགས་པ་ལེའུ་ 3 ཨང་ 1-6 ནང་ལེ་གཟིགས་རོགས། 38ཁོང་ནི་གཤིན་པོ་ཀྱ་ཀྱིས་དཀོན་མཆོག་མ་དིག གསོན་པོ་འོད་ཡོད་མི་ཀྱ་ཀྱིས་དཀོན་མཆོག་ཡིན་དིག ཅི་ལེ་ཟེར་ནི། ཁོང་གི་དྲུང་དུ་མི་ཡེ་རེ་གསོན་པོ་ཡིན་དིག་ཟིན་གསུངས་པི་དིག#20.38 ཁོང་གི་དྲུང་དུ་མི་ཡེ་རེ་གསོན་པོ་ཡིན་ཟེར་རི་དོན་དེ་ནི། ལུས་གསོན་པོའི་སྐོར་ལེ་གསུང་གནང་གི་མ་དིག སེམས་ཉིད་ཀྱི་སྐོར་ལེ་གསུང་གནང་པི་དིག 39ཡང་ཆོས་ཁྲིམས་མཁས་པའི་ནང་ནས་མི་ཁ་ཤས་ཀྱིས་ཡེ་ཤུ་ལེ། སློབ་དཔོན། ཁྱེད་ཀྱིས་བཀའ་མོལ་དགའ་མོ་འཇུ་གུ་གསུངས་གནང་སོང་ཟིན་སྨྲས་པི་དིག 40དེའི་རྗེས་ལེ་མི་དེ་ཀྱ་ཀྱིས་ཡང་དང་ཁོང་ལེ་དྲི་བ་ཅི་གང་དྲི་མ་ཕོད་པི་དིག
རྒྱལ་པོ་དཱ་བིད་ཀྱི་རིགས་རྒྱུད་ཀྱི་སྲས་སྐོར།
41དེ་ནས་ཡེ་ཤུས་ཆོས་ཁྲིམས་མཁས་པའི་མི་དེ་ཀྱ་ལེ། སྐྱབས་མགོན་ནི་རྒྱལ་པོ་དཱ་བིད་ཀྱི་སྲས་ཡིན་དིག་ཟིན་ཅི་ལེ་ཟེར་རི་གོ། 42-43དཱ་བིད་ཀྱིས་བྲིས་པའི་གསུང་མགུར་ཟེར་རི་མདོ་ནང་ལེ།
ཇོ་བོ་དཀོན་མཆོག་གིས་ངའི་ཇོ་བོ་ལེ། །
ཁྱེད་ཀྱི་དགྲ་བོ་ཀྱ་ཁྱེད་ཀྱི་ཞབས་འོག་ཏུ། །
ངས་མ་བཅུག་བར་དུ་ཁྱེད་རང་ནི། །
ངའི་གཡས་ཕྱོགས་ལེ་བཞུགས་ཤིག །
ཟིན་བྲིས་འོད་དིག#20.42-43 ཚིགས་བཅད་འདི་ནི་གསུང་མགུར་ལེའུ་ 110 ཨང་ 1 ནང་ལེ་གཟིགས་རོགས། 44དཱ་བིད་ཀྱིས་སྐྱབས་མགོན་ལེ། ངའི་ཇོ་བོ་ཟིན་ཞུས་ནི། སྐྱབས་མགོན་དེ་ནི། དཱ་བིད་ཀྱི་སྲས་ཅི་གི་བྱས་ཏེ་འོང་སྲིད་གྱོ་འོད་དི་གོ་ཟིན་གསུངས་པི་དིག
ཆོས་ཁྲིམས་མཁས་པའི་མི་ཀྱ་ལེ་དོགས་ཟོན་བགྱིད་དགོས་པའི་སྐོར།
45ཡང་མི་ཡེ་རེས་ཡེ་ཤུའི་གསུང་ལེ་ཉན་རྒྱ། ཁོང་གིས་རང་གི་སློབ་མ་ཀྱ་ཀྱི་ཕྱོགས་ལེ་གཟིགས་ཏེ། 46ཁྱེད་ཀྱ་ཀྱིས་ཆོས་ཁྲིམས་མཁས་པ་དེ་ཀྱ་ལེ་དོགས་ཟོན་གྱིས་ཤིག ཆོས་ཁྲིམས་མཁས་པ་དེ་ཀྱ་ཀྱིས་ཆོས་གོས་རིང་པོ་གྱོན་ཏེ་ཕར་འགྲོ་ཚུར་འགྲོ་བགྱིད་འོད་དིག ཡང་རྒྱལ་སའི་ཁྲོམ་ལམ་ལེ་མི་ཀྱ་ཀྱིས་རང་ལེ་ཕྱག་ཕེབས་སྨྲས་ཏེ་བརྩི་བཀུར་འཐོབ་རྒྱུ་དིང་། ཚོགས་ཁང་ནང་གི་བཞུགས་ཁྲི་མཐོ་ས་ལེ་སྡོད་རྒྱུ་ལེ་དགའ་རི་དིང་། ཕོ་ལེ་བགྱིད་རྒྱ་ཟང་གྲལ་མགོ་ལེ་སྡོད་རྒྱུ་ལེ་དགའ་རི་བགྱིད་འོད་དིག 47མི་དེ་ཀྱ་ཀྱིས་ཡུགས་མོ་ཀྱ་ཀྱི་ཁང་པ་དིང་། རྒྱུ་ནོར་འཕྲོག་བཅོམ་བྱས་པའི་མ་ཟད། མི་ལེ་སྟོན་རྒྱུ་ཆེད་དུ། སྨོན་ལམ་ཡུན་རིང་པོ་འདེབས་གྱོ་འོད་དིག འོ་དེ་གི་བགྱིད་མཁན་མི་ཀྱ་ལེ་འཛེན་ཉེས་ཆད་ཆེན་པོ་ཕོག་གྱི་དིག་ཟིན་གསུངས་པི་དིག །
Iliyochaguliwa sasa
ལུ་ཀཱ། 20: DLPO
Kuonyesha
Shirikisha
Nakili
Je, ungependa vivutio vyako vihifadhiwe kwenye vifaa vyako vyote? Jisajili au ingia
© 2023 Wycliffe Bible Translators, Inc. All rights reserved.