Chapa ya Youversion
Ikoni ya Utafutaji

ལུ་ཀཱ། 21

21
ལེའུ་ཉི་ཤུ་རྩ་གཅིག
ཡུགས་མོ་​ཞིག་​གིས་​ཞལ་འདེབས་ཕུལ་བ།
1དེ་ནས་​ཡང་​ཡེ་ཤུ་ཡར་བཞེངས་ཏེ་མི་​ཕྱུག་པོ་​ཀྱ་​ཀྱིས་​མཆོད་ཁང་​གི་​ཞལ་འདེབས་​འབུལ་སའི་སྒམ་ནང་​ལེ། ཞལ་འདེབས་​འབུལ་​ལི་​གཟིགས་པི་མ་ཟད། 2ཡུགས་མོ་སྤྲང་སློང་​ཞིག་​གིས་​ཟང་ཟངས་​ཀྱི་ཊང་ཀ་​གཉིས་​ཞལ་འདེབས་​འབུལ་​ལི་​གཟིགས་​གནང་ཕེན། 3ཁོང་​གིས་​སློབ་མ་ཀྱ་ལེ། ང་​ཁྱེད་​ཀྱ་​ལེ་​བདེན་པ་​ཟེར་​རོ། ཞལ་འདེབས་​འབུལ་​མཁན་​ཡེ་རེའི་​ནང་​ནས་ཡུགས་མོ་སྤྲང་སློང་​འདིས་མང་ཤོས་​ཕུལ་​ལི་དིག 4ཅི་ལེ་​ཟེར་​ནི། ཕྱུག་པོ་​ཀྱ་​ཀྱིས་​རྒྱུ་ནོར་​ལྷག་མ་​མང་པོ་འོད་ཡོད་དེ་ནས་ཞལ་འདེབས་​ཕུལ་​ལི་​དིག ཡིན་ནའང་​། མོས་རང་ལེ་ཟ་​རྒྱུ་​མི་​འདང་​འོད་​ནའང་​། རང་​ལེ་​ཅི་​འོད་ཡོད་​དེ་ཡེ་རེ་ཕུལ་​ལི་​དིག་ཟིན་​གསུངས་​པི་​དིག
དུས་ཀྱི་མཐའ་མའི་སྐོར་ལེ་ལུང་བསྟན་​པ།
5དེ་ནས་​ཡང་​སློབ་མ་​ཁ་ཤས་​ཞིག་​གིས་​མཆོད་ཁང་​དེ་​ནི། རྡོ་​མཛེས་པོ་དིང་། དཀོན་མཆོག་ལེ་ཕུལ་ལི་ཞལ་འདེབས་ཀྱིས་མཆོད་ཁང་རྒྱས་པོ་འཇུ་གུ་བཟོས་འདུག་​ཟིན་​གཏམ་གླེང་བགྱིད་རྒྱ། 6ཡེ་ཤུས་སློབ་མ་ཀྱ་ལེ། ཁྱེད་ཀྱ་​ཀྱིས་​ཅི་​མཐོང་བ་ཡེ་རེ་​མ་འོངས་པའི་​དུས་​ལེ་རྡོ་​ཕོང་གན་​གཅིག་​ཟང་​མ་​ལུས་ཏེ་ཡེ་རེ་​བཤིག་འ​གྲོ་​གྱི་​དིག་​ཟིན་གསུངས་​པི་​དིག
7དེའི་རྗེས་ལེ་སློབ་མ་​ཀྱ་​ཀྱིས་ཡེ་ཤུ་ལེ། སློབ་དཔོན། དོན་དེ་ཀྱ་དུས་ནམ་​ཞིག་ལེ་འོང་འོད་​དི་​གོ། ཡང་དུས་​དེ་ཀྱ་མ་​སླེབས་པའི་སྔོན་​ལེ་​རྟགས་​ཅི་​ཞིག་འོང་​འོད་​དི་​གོ་​ཟིན་​ཞུས་​ཏེ། 8ཁོང་​གིས། མི་​སུ་ཞིག་གིས་ཁྱེད་​ཀྱ་​ལེ་​མགོ་​མི་​སྐོར་རི་​ཆེད་དུ་​དོགས་ཟོན་​གྱིས་ཤིག ཅི་ལེ་​ཟེར་​ནི། མི་​མང་པོ་​ཞིག་​གིས་​ངའི་​མིང་​བརྒྱུད་ནས་འོངས་ཏེ། ང་​ནི་​སྐྱབས་མགོན་​དེ་ཡིན་​ཟེར་​རི་​དིང་། ད་དུས་​དེ་ཉེ་མོ་​སླེབས་​འདུག་​ཟེར་​གྱི་དིག ཁྱེད་​ཀྱ་​ཀྱིས་མི་​དེའི་​རྗེས་ལེ་འབྲངས་མ་​འགྲོ་​ཅིག 9ཡང་དེ་མ་ཟད། ཁྱེད་​ཀྱ་​ཀྱིས་​དམག་འཁྲུག་​དིང་། ཟིང་འཁྲུག་​ཤོར་རི་གནས་ཚུལ་ཅི་ཞིག་ཐོས་​ནའང་། དོན་དེ་ལེ་འཁྱར་སྣང་​མ་བགྱིད་ཅིག ཅི་ལེ་ཟེར་ནི། དོན་​དེ་​ཡེ་རེ་​སྔོན་​ལེ་འོང་​གཏན་ཡིན་དིག ཡིན་ནའང་​། དུས་​ཀྱི་​མཐའ་མ་​དེ་ནི་ད་རུང་​མ་​སླེབས་​འོད་དིག་ཟིན་​གསུངས་​པི་​དིག 10དེ་ནས་​ཡང་​ཁོང་​གིས་སློབ་མ་​ཀྱ་​ལེ། མི་རིགས་​གཅིག་​གིས་​གཅིག་ལེ་​འཁྲུག་​འཛིན་​བགྱིད་​དི་དིང་། རྒྱལ་ཁབ་​གཅིག་​གིས་​གཅིག་​ལེ་​འཁྲུག་པ་ཤོར་​འགྲོ་བ་​དིང་། 11ས་​འགུལ་​ཟང་ཆེན་པོ་​འོང་​གྱི་དིག ཡང་ལུང་པ་​མང་པོ་​ལེ་​མུ་གེ་འོང་གི་དིང་། ནད་ཡམས་​སྣ་ཚོགས་ཟང་འོང་གི་མ་ཟད། ནམ་མཁའ་​ནས་​ཟང་​འཁྱར་སྣང་​ཆེན་པོའི་​ངོ་མཚར་གྱི་རྟགས་​སྣ་ཚོགས་​འོང་​གྱི་​དིག 12ཡིན་ནའང་​། དོན་​དེ་​ཡེ་རེ་​མ་​འབྱུང་བའི་​སྔོན་​ལེ། ངའི་​དོན་ལེ་ཁྱེད་​ཀྱ་​འཛིན་བཟུང་​བྱས་ཏེ་གནོད་འཚེ་​གཏོང་གི​་མ་ཟད། ཚོགས་ཁང་​ནང་​ལེ་​ཁྲིད་​དེ་ཁྲིམས་​གཅོད་བྱས་ཏེ་བཙོན་​ལེ་​འཇུག་​རྒྱུ་​ཆེད་དུ། ཁྱེད་​ཀྱ་​རྒྱལ་པོ་​དིང་​ས་གནས་​དཔོན་པོ་​ཀྱ་​ཀྱི་​དྲུང་དུ་​འཁྲིད་​འགྲོ་​གྱི་དིག 13ཡང་ཁྱེད་ཀྱ་ཀྱིས་མི་​ཡེ་རེ་​ལེ་​ངའི་​གཏམ་བཟང་​གི་ཆེད་དུ་དཔང་པོ་​བགྱིད་​དགོས་པའི་​དུས་​ཞིག་​འོང་​གྱི་​དིག 14ཡིན་ནའང་། དུས་དེ་རྒྱ་​ཁྱེད་​ཀྱ་​ཀྱིས་​མི་ལེ་ལབ་ལན་ཅི་གི་བྱས་ཏེ་སློག་​དགོས་​འོད་མེད་​ཀྱི་སྐོར་ལེ་སེམས་ཁྲལ་​མ་​བགྱིད་​ཅིག 15ཅི་ལེ་​ཟེར་​ནི། ངས་​ཁྱེད་​ཀྱ་​ལེ་​ལབ་ལན་ཅི་གི་​བྱས་ཏེ་སློག་​དགོས་​འོད་མེད་སྐོར་ལེ་​ཤེས་རབ་​སྟེར་​རོ། དེ་རྒྱ་དགྲ་བོ་​སུ་ཞིག་གིས་​ཟང་​ཁྱེད་​ཀྱ་​ལེ་​འཐབ་རྩོད་​དིང་​འགེག་རྒོལ་བགྱིད་​ཐུབ་​ཀྱི་​མ་དིག 16-17ཡིན་ནའང་། ངའི་​དོན་​ལེ་​ཁྱེད་​ཀྱ་​ཀྱི་​ཕ་མ་​དིང་། སྤུན། གཉེན་​ཉེ་བ། རོགས་པོ་​ཀྱ་​ཀྱིས་​ཟང་​། ཁྱེད་​ཀྱ་​ཟིན་ཏེ་དགྲའི་​ལག་ལེ་གཏོད་དི་མ་ཟད། ཁྱེད་​ཀྱ་​ནང་​ནས་​ལ་ལ་​གསོད་​ཀྱི་དིག ཡང་​ལ་ལ་​ལེ་​མི་​ཀྱ་ཀྱིས་​དགྲ་​སྡང་པོ་​བགྱིད་​ཀྱི་​དིག 18ཡིན་ནའང་​། དཀོན་མཆོག་​གིས་​ཁྱེད་​ཀྱ་ཀྱི་​མགོའི་​སྐྲ་རྐང་​གཅིག་​ཟང་​རྩ་མེད་གཏོང་གྱི་མ་དིག 19ཁྱེད་​ཀྱ་​ཀྱི་བཟོད་སྒོམ་​བརྒྱུད་ནས་ཁྱེད་ཀྱ་ཀྱི་སྲོག་​སྐྱོབ་​ཀྱི་དིག་​ཟིན་གསུངས་​པི་​དིག
20ཡང་​ཡེ་རུ་ས་གླིང་​རྒྱལ་སའི་ཕྱོགས་བཞི་​ནས་​དམག་དཔུང་གིས་མཐའ་​བསྐོར་རི་​དེ་ཁྱེད་ཀྱ་ཀྱིས་མཐོང་​རྒྱ། རྒྱལ་ས་​དེ་གཏོར་བཤིག་གཏོང་གི་​དུས་​དེ་​སླེབས་​རེན་​འགྲོ་བ་ཡིན་དི་ཁྱེད་ཀྱ་ཀྱིས་ཧ་གོ་​ཐུབ་པར་གྱིས་​ཤིག 21དེའི་དུས་ལེ་ཡ་ཧུ་དཱ་ལུང་པ་​ལེ་​འོད་ཡོད་​མི་​ཀྱ་​རི་​ལེ་​བྲོས་​ཅིག རྒྱལ་སའི་ནང་ལེ་​འོད་ཡོད་​མི་​ཀྱ་​ཕྱི་​ལེ་​ཐོན་གྱི་དིག ཡང་ཡུལ་​གྱི་​ནང་​ལེ་​འོད་ཡོད་​མི་​ཀྱ་​ཟང་​རྒྱལ་ས་​དེ་​ལེ་​མ་​འགྲོ་​ཅིག 22ཅི་ལེ་​ཟེར་​ནི། དུས་​དེ་​ནི་​དཀོན་མཆོག་​གིས་​ཡ་ཧུ་དཱ་པའི་​མི་རིགས་​ལེ་​ཉེ་ཆད་​གཏོང་​གི་​ཉིན་མོ་​དེ་ཡིན་​དི་​མ་ཟད། དཀོན་མཆོག་​གི་​གསུང་རབ་ཀྱི་​མདོ་​ནང་ལེ་​གསུངས་པི་དེ་འགྲུབ་རྒྱུ་ཆེད་དུ་​ཡིན་དིག 23ཡང་​ཉིན་མ་​དེ་​ལེ། སྐྱེ་​རྒྱུ་​འོད་ཡོད་​བུ་མའ་​དིང་​། ཕྲུ་གུ་ལེ་​འོ་མ་​སྟེར་​མཁན་​ཀྱ་སྙིང་རྗེ། ཡུལ་​དེ་ལེ་​དཀའ་ངལ་​ཆེན་པོ་​འོང་གི་མ་ཟད། སྡིག་པ་​བྱས་པའི་​རྐྱེན་​གྱིས་​མི་རིགས་​འདི་ཀྱ་​ལེ་​དཀོན་མཆོག་གི་ཉེས་ཆད་ཕོག་གྱི་​དིག 24ཡང་​ཡ་ཧུ་དཱ་པའི་​མི་​མང་པོ་​ཞིག་​རལ་གྲི་​གཞུས་​ཏེ་​གསོད་ཀྱི་དིག ཡང་​ཁ་ཤས་​ལེ་འཛིན་བཟུང་​བྱས་​ཏེ། རྒྱལ་ཁབ་​སོ་སོའི་བཙོན་ལེ་འཇུག་རྒྱུ་ཆེད་དུ། མི་རིགས་དེ་ཀྱ་འཁྲིད་དེ་​ཁ་​འཐོར་​གཏོང་གྱི་དིག ཕྱིའི་​མི་རིགས་​ཀྱ་​ཀྱིས་​ཡེ་རུ་ས་གླིང་གི་​རྒྱལ་ས་དེ་ལེ་​དབང་འཛིན་བགྱིད་མ་ནུས་བར་དུ། ཁྱེད་ཀྱ་ཕྱི་མིའི་​དབང་​འོག་​ཏུ་སྡོད་དགོས་འོང་གྱི་དིག
ཡེ་ཤུ་​ཕེབས་​འོང་​བའི་སྐོར།
25ཡང་​ཉིན་མ་དེ་ལེ། ཉི་ཟླ་སྐར་​གསུམ་ལེ་ངོ་མཚར་གྱི་རྟགས་​སྣ་ཚོགས་​འོང་​གི་དིང་། རྒྱ་མཚོའི་​རྦ་རླབས་ཀྱི་​འུར་སྒྲ་​ཆེན་པོ་​ཐོས་​ཕེན། ས་སྟེང་​གི་​མི་རིགས་​ཡེ་རེ་ལེ་སེམས་འཚབ་དིང་དཀའ་ངལ་ཆེན་པོ་འོང་གྱི་དིག 26ཡང་​བར་སྣང་ཁམས་​ཀྱི་དབང་ལེ་འོད་ཡོད་དེ་ཟང་​ཕར་གཡོ་​ཚུར་​གཡོ་​བྱས་​ཕེན། མི་​ཀྱ་​ཀྱིས་​འཇིག་རྟེན་ཁམས་འདི་ལེ་རྐྱེན་ངན་ཅི་​གི་ཞིག་འབྱུང་​འོང་ཟིན་​འཁྱར་​ཏེ་​དྲན་མེད་​ཤོར་​འགྲོ་​གྱི་​དིག 27དུས་​དེ་རྒྱ་མི་​ཀྱ་​ཀྱིས་​མིའི་​བི་ས་​ནི་དབང་​དིང་གཟི་བརྗིད་​ཆེན་པོའི་​ངང་​ནས་​སྤྲིན་​ཞིག་གི་ནང་ནས་འོང་​གི་​མཐོང་​གྱི་​དིག 28དོན་འདི་ཀྱ་འབྱུང་འོང་རྒྱ། ཁྱེད་​ཀྱ་​ལངས་​ཏེ་​ཡར་ལྟོས་​ཤིག ཅི་ལེ་​ཟེར་​ནི། ཁྱེད་​ཀྱ་​ལེ་ཐར་བའི་​དུས་​དེ་​སླེབས་​འགྲོ་བ་​ཡིན་དིག་ཟིན་​གསུངས་​པི་​དིག
བསེ་ཡབ་སྡོང་པོའི་དཔེའི་སྐོར།
29དེ་ནས་​ཡེ་ཤུས་རང་གི་​སློབ་མ་​ཀྱ་​ལེ། ཁྱེད་​ཀྱ་​ཀྱིས་​བསེ་ཡབ་སྡོང་པོ་ནས་དཔེ་ཞིག་སྦྱོངས་དང་། 30དེའི་​ལོ་མ་​ཡར་འབུས་འོང་གི་ཁྱེད་ཀྱིས་མཐོང་​རྒྱ། དབྱར་ཁའི་དུས་​ཤར་འོང་གི་ཧ་གོ་​འོད་དིག 31འོ་དེ་ཅོག་འདྲ། ཁྱེད་​ཀྱ་​ཀྱིས་​ཟང་​དོན་​དེ་​ཀྱ་​བྱུང་པི་མཐོང་​རྒྱ། དཀོན་མཆོག་​གི་​རྒྱལ་ཁབ་​དེ་​ཉེ་མོ་​སླེབས་​འོད་དི་​ཧ་གོ་ཐུབ་ཀྱི་དིག 32ང་​ཁྱེད་​ཀྱ་​ལེ་​བདེན་པ་​ཟེར་​རོ། མི་རབས་​འདི་​མ་​རྫོགས་པའི་​སྔོན་​ལེ་​དོན་འདི་​ཡེ་རེ་​འོང་​གྱི་​དིག 33གནམ་​ས་​གཉིས་​རྩ་མེད་ཤོར་ནའང་། ངའི་བཀའ་ཀྱ་ནི་རྩ་མེད་​ཤོར་སྲིད་​ཀྱི་མ་​དིག་​ཟིན་གསུངས་​པི་​དིག
34-35ཡང་​ཁོང་​གིས་སྤྱོད་པ་ངན་པ་དིང་། ཆང་བཟི་བ། འཚོ་བའི་​སྐོར་​གྱི་སེམས་ཁྲལ་གྱིས་ཁྱེད་ཀྱ་ལེ་མི་གནོན་པའི་ཆེད་དུ་དིང་། ཡང་ཉིན་མོ་དེས་ཞགས་པས་འཛིན་པི་ཅོག་འདྲ། ཁྱེད་ཀྱ་ལེ་མི་འཛིན་པི་ཆེད་དུ། ཁྱེད་ཀྱ་ཀྱིས་དོགས་ཟོན་གྱིས་ཤིག ཅི་ལེ་ཟེར་ནི། ཉིན་མོ་དེ་ནི་ས་གཞིའི་སྟེང་གི་མི་རིགས་ཀུན་གྱི་ལྟག་ག་ལེ་འབབ་འོང་གྱི་དིག 36འོ་དེ་ལེ་བརྟེན་ཏེ། འོང་​རྒྱུ་​ཡིན་​དི་​དོན་དེ་ཡེ་རེ་ནས་ཐར་​ཐུབ་ཏེ། མིའི་​བི་སའི་​དྲུང་དུ་​ཡར་​ལངས་​ཏེ་​སྡོད་​ཐུབ་རྒྱུ་ཆེད་དུ། ཁྱེད་ཀྱ་ཀྱིས་​རང་སོ་སོའི་དོན་ལེ། དཀོན་མཆོག་​ལེ་​གསོལ་བ་​སྨོན་ལམ་བཏབ་སྟེ་དོགས་ཟོན་གྱིས་ཤིག་ཟིན་གསུངས་​པི་​དིག
37ཡང་​ཉིན་གྲངས་​ཡེ་ཤུས་མཆོད་ཁང་​གི་​དྭངས་རའི་​ནང་​ལེ་​ཕེབས་ཏེ། མི་​ཀྱ་​ལེ་​ཆོས་​གསུངས་​པི་མ་ཟད། ཡང་དགོང་མོའི་དུས་ལེ་ཁོང་རང་​སྐྱུར་རུ་རི་ལེ་རང་འཇགས་ཕེབས་​ཏེ་​བཞུགས་​པི་​དིག 38ཡང་​ཁོང་གི་ཆོས་ལེ་ཉན་རྒྱུ་ཆེད་དུ། མི་ཡེ་རེ་སྔ་མོ་​ནས་ལངས་ཏེ་མཆོད་ཁང་ལེ་འགྲོ་འོད་དིག །

Iliyochaguliwa sasa

ལུ་ཀཱ། 21: DLPO

Kuonyesha

Shirikisha

Nakili

None

Je, ungependa vivutio vyako vihifadhiwe kwenye vifaa vyako vyote? Jisajili au ingia