Chapa ya Youversion
Ikoni ya Utafutaji

ལུ་ཀཱ། 19

19
ལེའུ་བཅུ་དགུ།
ཡེ་ཤུ་དིང་ཁྲལ་སྡུད་མཁན་སཱ་ཀཱ་ཟེར་མཁན་གྱི་སྐོར།
1དེ་ནས་​ཡང་​ཡེ་ཤུ་ཡེ་རུ་ཀོ་​ཟེར་​རི་​རྒྱལ་སའི་བརྒྱུད་ནས་​ཕེབས་གནང་རྒྱ། 2རྒྱལ་ས་​དེ་རུ་​ཁྲལ་​པ་རྐྱང་བསྡུས་ཏེ་ཕྱུག་པོ་བྱུང་བའི་མིང་ལེ་སཱ་ཀཱ་​ཟེར་མཁན་​མི་ཞིག་འོད་དིག ཁོ་རང་ནི་ཁྲལ་སྡུད་མཁན་གྱི་འགོ་དཔོན་​ཟང་​ཡིན་དིག 3ཁོས་ཡེ་ཤུ་​སུ་​ཡིན་​མིན་ལྟ་​འདོད་​བྱུང་​ནའང་​མ་​མཐོང་​པི་​དིག ཅི་ལེ་​ཟེར་​ནི། ཁོ་རང་ནི་​གཟུགས་པོ་​ཆུང་མ་འོད་དི་མ་ཟད​། མི་ཚོགས་​ཟང་མང་པོ་འོད་དིག 4འོ་དེ་ལེ་བརྟེན་ཏེ། ཁོས་​ཡེ་ཤུའི་​ཕེབས་ལམ་གྱི་​མདུན་​ལེ་​བརྒྱུགས་​ཏེ། སུ་ཀོ་མོར་ཟེར་རི་སྡོང་པོ་​ཆེན་པོ་​ཞིག་​གི་ལྟག་ག་ལེ་​འཛེགས་​ཏེ་​བལྟས་པི་དིག 5ཡང་ཡེ་ཤུ་​ཟང་སྡོང་པོ་དེའི་ཉེ་འཁོར་ལེ་​ཕེབས་​ཏེ་ཡར་​གཟིགས་པི་མ་ཟད། ཡེ་ཤུས་ཁོ་ལེ། སཱ་ཀཱ། ཁྱོད་རང་མགྱོགས་པོ་​མར་​བོབས་​ལེད་དང་། དེ་རིང་​ང་​ཁྱོད་ཀྱི་​ཁྱིམ་​ལེ་​སྡོད་​ཀྱི་ཡིན་ཟིན་གསུངས་​ཕེན། 6ཁོ་རང་​མགྱོགས་པོ་​སྡོང་པོ་​ནས་​མར་​བབས་​ཏེ་​དགའ་སྤྲོའི་​ངང་​ནས་​ཡེ་ཤུ་​རང་གི་ནང་ལེ་ཕེབས་བསུ་ཞུས་​པི་​དིག 7ཡང་མི་​ཀྱ་​ཀྱིས་​གནས་ཚུལ་​དེ་​མཐོང་​ཕེན། ཕན་ཚུན་​གཅིག་​གིས་གཅིག་ལེ། ཁོང་རང་ནི་མི་​སྡིག་ཅན་གྱི་​ཁྱིམ་​ལེ་​མགྲོན་པོ་​འགྲོ་འདུག་ཟིན་མ་དགའ་བའི་​ལབ་གླེང་བགྱིད་འོད་དིག 8ཡིན་ནའང་། སཱ་ཀཱ་ཁོ་རང་ཡར་ལངས་ཏེ། ཇོ་བོ། གཟིགས་​དང་། ང་རང་​ལེ་​འོད་ཡོད་​རྒྱུ་ནོར་​ཕྱེད་ཀ་​སྤྲང་ལོང་​ཀྱ་​ལེ་​སྟེར་གྱི་ཡིན། ཡང་གལ་སྲིད་​ངས་​མི་​ལེ་​མགོ་སྐོར་​བཏང་​སྟེ་​རྒྱུ་ནོར་​བླངས་​འོད་​ནི། ངས་​ལྡ​བ་​བཞི་​ཕ་​ལེ་​གཏོད་​གྱི་​ཡིན་ཟིན་​ཞུས་​ཕེན། 9ཡེ་ཤུས་ཁོ་ལེ། མི་​འདི་ཟང་མེས་མེས་​ཨབ་ར་ཧམ་​གྱི་​རྒྱུད་པ་​ཡིན་ཕེན། ད་​རིང་​ཁྱིམ་​འདིའི་​མི་​ཀྱ་​ཡེ་རེ་ལེ་​ཐར་པ་​ཐོབ་​པི་དིག 10ཅི་ལེ་​ཟེར་​ནི། མིའི་​བི་ས་​ནི་དཀོན་མཆོག་དིང་ཁ་བྲལ་ལི་མི་ཀྱ་འཚོལ་རྒྱུ་དིང་སྐྱོབ་གནང་རྒྱུ་ཆེད་དུ་འོངས་པི་དིག་​ཟིན་གསུངས་​པི་​དིག
དངུལ་གྱི་སྒོར་མོ་བཅུའི་དཔེ།
11དེ་ནས་​ཡེ་ཤུའི་རྗེས་​ལེ་​འབྲང་མཁན་​མི་ཀྱ་​ཀྱིས་​གསུང་​དེ་​ལེ་ཉན་རྒྱ། ཡེ་ཤུ་ཡེ་རུ་ས་གླིང་ཉེ་འཁོར་ལེ་འོད་ཕེན། མི་དེ་ཀྱ་ཀྱི་དཀོན་མཆོག་གི་རྒྱལ་ཁབ་མགྱོགས་པོ་མངོན་གྱི་དིག་བསམས་པི་དིག ཡང་ཁོང་གིས་​དེ་རུ་འོད་ཡོད་མི་ཀྱ་​ལེ་​དཔེ་བརྒྱུད་ནས། 12མི་​སྐུ་དྲག་​ཞིག་​ལེ་​རྒྱལ་པའི་​དབང་ཆ་འཐོབ་རྒྱུ་ཆེད་དུ། ཐག་​རིང་​གི་​ལུང་པ་​ལེ་​ཞུགས་​འོད་​ཡོད་​རྒྱལ་པོ་​ཆེན་པོའི་​དྲུང་དུ་​ཕྱིན་དི་དིག དེ་ནས་ཁོ་རང་​ལེ་​རྒྱལ་པོའི་​དབང་ཆ་ཐོབ་པི་རྗེས་ལེ། རང་​ཡུལ་​ལེ་​ལོག་​འོང་​དགོས་བསམས་པི་དིག 13དེ་ནས་ཁོས་རང་གི་​གཡོག་པོ་བཅུ་པོ་​དེ་ཀྱ་རང་གི་མདུན་དུ་བོས་ཏེ། མི་​རེ་རེ་​ལེ་​གསེར་གྱི་ཊང་ཀ་གཅིག་གཏད་དེ། ང་​མ་​སླེབས་​བར་དུ་​ཁྱེད་​ཀྱ་​ཀྱིས་​གསེར་ཊང་ཀ་​དེས་​ཉོ་ཚོང་གྱིས་ཤིག་​སྨྲས་​པི་​དིག#19.13 གེ་རིག་ཟེར་ལུགས་ནང་ལེ། གསེར་གྱི་ཊང་ཀ་མི་ཟེར་འོད་དིག མི་ནཱ་ཟིན་འོད། དུས་དེ་རྒྱ་མི་ནཱ་གཅིག་ནི། ཉིན་མ་བརྒྱའི་གླ་ཆ་ཡིན་དིག 14ཡིན་ནའང་​། སྐུ་དྲག་དེ་ལེ་མི་​མང་​ཀྱ་​ཀྱིས་འཐད་པོ་འཇུ་གུ་མི་བགྱིད་འོད་དི་མ་ཟད། མི་མང་དེ་ཀྱ་ཀྱིས་ཁོ་རང་​རྒྱལ་པོ་བསྐོས་རྒྱུ་​ལེ་​འདོད་པ་​མེད་​ཟེར་དུ་མི་​ཁ་ཤས་​ཁོའི་​རྗེས་​ལེ་​བརྫངས་​པི་​དིག 15ཡིན་ནའང་། སྐུ་དྲག་དེ་ལེ་རྒྱལ་པོའི་དབང་ཆ་ཐོབ་པའི་​རྗེས་​ལེ་​ཚུར་​ལོག་​སླེབས་​ཕེན། ཁོས་དངུལ་ཊང་གཏོད་​སའི་​གཡོག་​པོ་​ཀྱ་​ཀྱིས་​ཉོ་​ཚོང་​ཙམ་​བྱས་​འོད་མེད་​ལྟ་​རྒྱུ་​ཆེད་​དུ། མི་རེ་རེ་​བྱས་​ཏེ་​རང་གི་​མདུན་​དུ་​ཤོག་​སྨྲས་​པི་​དིག 16གཡོག་པོ་​དང་པོ་དེ་ཁོའི་དྲུང་དུ་​འོངས་ཏེ། བདག་པོའོ། ཁྱེད་​ཀྱིས་​ང་ལེ་གནང་བའི་​གསེར་གྱི་ཊང་ཀ་གཅིག་འདི་​ལེ་​ལྡབ་​བཅུ་​ཁེ་བཟང་​འབྱོར་​བྱུང་​ཞུས་​ཕེན། 17ཁོས་གཡོགས་པོ་དེ་ལེ། འོ་​བྱུང་ང་​། གཡོག་པོ་​བཟང་པོ་​ཁྱོད་ཀྱིས་​དོན་​ཆུང་མ་ཞིག་​ལེ་​ཟང་​སེམས་པ་​དྲང་པོ་​བྱས་ཕེན། ད་​ངས་ཁྱོད་​ལེ་རྒྱལ་ས་​བཅུའི་​དབང་ཆ་དེ་སྟེར་གྱི་ཡིན་སྨྲས་པི་དིག 18གཡོག་པོ་​གཉིས་པ་དེ་ཟང་འོངས་ཏེ། བདག་པོའོ། ཁྱེད་​ཀྱིས་​ང་ལེ་གནང་བའི་​གསེར་གྱི་ཊང་ཀ་​འདི་​ལེ་​ཁེ་བཟང་​ལྡབ་ལྔ་འབྱོར་​བྱུང་​ཞུས་ཕེན། 19ཁོས་གཡོག་པོ་དེ་ལེ། ད་ངས་ཁྱོད་ལེ་​ཟང་​རྒྱལ་ས་​ལྔའི་​དབང་ཆ་དེ་སྟེར་གྱི་ཡིན་སྨྲས་པི་དིག 20གཡོག་པོ་གསུམ་པ་དེ་ཟང་འོངས་ཏེ། བདག་པོའོ། ཁྱེད་​ཀྱི་གསེར་ཊང་ཀ་​འདི་རུ་​འོད་​ཆེ། ངས་​རས་​ཞིག་ལེ་བཏུམས་​ཏེ་​ཅག་ག་​དགའ་མོ་​བྱས་​འོད། 21ཅི་ལེ་ཟེར་ནི། ཁྱོད་རང་​ནི་​མི་​གཤིས་རྒྱུད་​གྱོང་པོ་​ཞིག་​ཡིན་​དི་​མ་ཟད། དཀའ་ལས་​མ་​བརྒྱབ་​ཏེ​་འབྲས་བུ་​བསྡུ་དི་​དིང་། ས་ངོན་​མ་​བཏབ་སྟེ་​ལོ་ཏོག་​རྔ་​མཁན་​ཁྱེད་​ལེ་​ང་​འཇིགས་​བྱུང་​ཞུས་ཕེན། 22བདག་པོ་ཁོས་གཡོག་པོ་དེ་ལེ། གཡོག་པོ་​ངན་པ་​ཁྱོད་ཀྱིས་​སྨྲས་པའི་ཚིག་དེ་ལེ་ངས་ཁྲིམས་གཅོད་གཏོང་རྒྱུ་ཡིན། ང་ནི་མི་​གཤིས་རྒྱུད་​གྱོང་པོ་​ཞིག་​ཡིན་​དི་མ་ཟད། ངས་དཀའ་ལས་མ་བརྒྱབ་སྟེ་འབྲས་བུ་བསྡུ་དི་དིང་། ས་ངོན་མ་བཏབ་སྟེ་ལོ་ཏོག་རྔ་མཁན་ཡིན་དི་ཁྱོད་ཀྱིས་ཧ་གོ་​ཕེན། 23ངས་​ཁྱོད་​ལེ་​གཏད་​དི་གསེར་གྱི་ཊང་ཀ​་འདི་​ཅི་​ལེ་​དངུལ་ཁང་​ནང་ལེ་མི་འབོར་​རི་​ཡིན་དོ། གལ་སྲིད་​གསེར་གྱི་ཊང་ཀ་​འདི་​དངུལ་ཁང་​ནང་ལེ་​འབོར་​འོད་​ནི། ང་རང་​འདི་རུ་​སླེབས་རྒྱ། ང་ལེ་མ་རྩ་དིང་སྐྱེད་ཁ་གཉིས་སྐྱེན་ལེ་ལེན་​རྒྱུ་​འབྱོར་གྱི་མ་​གས་སྨྲས་པི་དིག 24དེ་ནས་རང་གི་མཐའ་བསྐོར་ལེ་འོད་ཡོད་​གཡོག་པོ་​ཀྱ་​ལེ། ཁོའི་​ལག་​ནས་​གསེར་གྱི་ཊང་ཀ་དེ་​ལོངས་​དང་། གསེར་གྱི་ཊང་ཀ་བཅུ་​འོད་ཡོད་​ཁོ་​ལེ་​གཏོད་​ཅིག་སྨྲས་ཕེན། 25གཡོག་པོ་དེ་ཀྱ་​ཀྱིས་ཁོང་ལེ། བདག་པོའོ། ཁོ་​ལེ་​སྔོན་ནས་ལྡབ་བཅུ་​ཁེ་བཟང་འོད་​དི་​མ་​གས་​ཞུས་​པི་དིག 26ཡིན་ནའང་། བདག་པོ་ཁོས་​ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། མང་པོ་​འོད་ཡོད་​དེ་​ལེ། ད་​རུང་​མང་ང་​སྟེར་​གྱི་དིག ཡང་ཅི་གང་​མེད་​མཁན་​ཁོ་​ལེ། ཉུང་མ་​འོད་ཡོད་​དི་​ཟང་​ཁོའི་ལག་​ནས་​འཁྱེར་​འགྲོ་​གྱི་དིག 27ཡིན་ནའང་། ང་རྒྱལ་པོ་བྱུང་བར་​མི་​དགའ་​མཁན་​དྲག་བོ་​དེ་​ཀྱ་​འདི་རུ་​ཁྲིད་​ལེད་​དང་། ངའི་​མིག་​གི་མཐོང་ས་​ལེ་​སོད་​ཅིག་​སྨྲས་​པི་​དིག་​ཟིན་ཡེ་ཤུས་​སྒྲུང་དེ་གསུངས་​གནང་པི་​དིག
ཡེ་ཤུ་​ཡེ་རུ་ས་གླིང་​རྒྱལ་ས་​ལེ་​ཕེབས་པ།
28དེ་ནས་​ཡེ་ཤུ་​འོ་དེ་གི་གསུངས་​ནུས་པའི་​རྗེས་​ལེ། ཁོང་​དིང་​སློབ་མ་​ཀྱ་​སྟོད་​ཕྱོགས་​ཀྱི་​ཡེ་རུ་ས་གླིང་​རྒྱལ་ས་​ལེ་​ཕེབས་ཏེ། 29ཁོང་རང་​སྐྱུར་རུ་སྡོང་པོའི་​རིའི་​ཉེ་འཁོར་ལེ་འོད་ཡོད་​པེ་ཕཱ་གེ་​དིང་པེ་ཐན་ཡཱ་​ཟེར་​རི་​ཡུལ་​དེ་གཉིས་ལེ་​ཕེབས་​རྒྱུ་​ཆེད་དུ། ཁོང་​གིས་རང་​གི་སློབ་མ་​གཉིས་​ལེ། 30ཁྱེད་​གཉིས་པོ་​ཕཱ་གེ་ཡུལ་​དེ་ལེ་​རྒྱུགས་​དང་། དེ་རུ་སླེབས་ལོང་མེད་ཁྱིམ་ཞིག་​གི་​མདུན་​ལེ། མི་སུ་ཞིག་གིས་​ཟང་​བཞོན་​མྱོང་མེད་མེད་བོང་ཕྲུག་ལོ་གཉིས་ཚོད་ཡིན་མཁན་ཞིག་​བཏགས་འོད་དི་ཁྱེད་གཉིས་ཀྱིས་​མཐོང་​གྱི་​དིག དེ་ནས་​ཁྱེད་​གཉིས་​ཀྱིས་​དེ་​བཀྲོལ་​ཏེ་​འདི་རུ་​ཁྲིད་​ལེད། 31གལ་སྲིད་​མི་​གཞན་​གྱིས་​ཁྱེད་གཉིས་ལེ་ཅིའི་དོན་ལེ་བཀྲོལ་​ལི་​ཡིན་དོ་​ཟིན་​དྲིས་​ནི། བོང་ཕྲུག་​འདི་ནི་ཉེད་ཀྱ་ཀྱི་​ཇོ་བོ་ལེ་​དགོས་པ་​འདུག་​སྨྲོས་ཤིག་​ཟིན་གསུངས་​ཏེ་བརྫངས་པི་​དིག 32ཡང་སློབ་མ་​གཉིས་པོ་​དེ་ཟང་ཡུལ་​དེ་རུ་​སླེབས་​ཕེན། ཁོང་​གིས་​གསུངས་​པི་ཅོག་འདྲ་​མཐོང་​ཕེན། 33ཁོ་གཉིས་ཀྱིས་བོང་ཕྲུག་དེ་​འཀྲོལ་རྒྱུ་བགྱིད་རྒྱ། བོང་ཕྲུག་དེའི་བདག་པོ་​ཀྱ་འོངས་ཏེ། ཁྱེད་ཀྱ་ཀྱིས་ཅི་​ལེ་​འདི་འཀྲོལ་​ལི་​ཡིན་དོ་​ཟིན་​དྲིས་ཏེ། 34ཁོ་​གཉིས་ཀྱིས་​བོང་ཕྲུག་​འདི་​ཉེད་ཀྱ་ཀྱི་​ཇོ་བོ་ཁོང་​ལེ་​དགོས་པ་​འདུག་​སྨྲས་​པི་​རྗེས་ལེ། 35ཁོ་གཉིས་ཀྱིས་བོང་ཕྲུག་​འདི་​ཡེ་ཤུའི་​དྲུང་དུ་​ཁྲིད་​འོངས་པི་མ་ཟད། ཁོ་གཉིས་ཀྱིས་བོང་ཕྲུག་དེའི་ལྟག་ག་ལེ་རང་གི་​ཁ་གྱོན་བུད་དེ་​བཏིངས་​ཕེན། ཡེ་ཤུ་​ཟང་བོང་ཕྲུག་དེའི་ལྟག་ག་ལེ་བཅིབས་ཏེ་​ཕེབས་​གནང་པི་དིག 36ཁོང་​ཕེབས་​འོང་​རྒྱ། མི་​ཀྱ་​ཀྱིས་​ཟང་རང་གི་​ཁ་གྱོན་​བུད་​དེ་​ཁོང་​གི་​ཕེབས་ལམ་​ལེ་​བཏིང་​པི་དིག 37ཡང་​ཡེ་ཤུ་སྐྱུར་རུ་སྡོང་པོའི་རི་​ནས་​མར་འབབ་འོང་​རྒྱ། ཁོང་​གི་རྗེས་​ལེ་​འབྲང་​མཁན་​མི་ཚོགས་​ཀྱ་ཀྱིས་​ཁོང་གིས་མཛད་པའི་ངོ་མཚར་མང་པོ་མཐོང་​མྱོང་​འོད་​ཕེན། དགའ་རི་​ཆེན་པོ་དིང་​སྐད་ཆེན་པོས་​ངང་​ནས་​དཀོན་མཆོག་​ལེ་​བསྟོད་པ་​འབུལ་​ལི་​མ་ཟད། 38ཇོ་བོ་​དཀོན་མཆོག་​གི་​མཚན་​གྱི་​བརྒྱུད་ནས་​ཕེབས་​པའི་རྒྱལ་པོ་ལེ་བྱིན་རླབས་ཆེའོ། ནམ་མཁའི་ཞིང་ཁམས་ལེ་ཞི་བདེ་དིང་། གཟི་བརྗིད་ཅན་​གྱི་​བླ་ན་མེད་པའི་དཀོན་མཆོག་​ཁོང་​ལེ་​བསྟོད་པ་​འབུལ་​ལོ་​ཟིན་​ཡང་​ནས་​ཡང་​དུ་​སྐད་བརྒྱབ་པི་​དིག 39ཡང་​མི་ཚོགས་​ཀྱི་​སྐྱེན་​ལེ་​ཕཱ་རུ་ཤི་པ་​ཁ་ཤས་​ཞིག་འོད་དི་མ་ཟད། མི་​ཚོགས་ཀྱིས་ཡེ་ཤུ་ལེ་བསྟོད་པ་ཕུལ་ལི་དེ་​ལེ། ཕཱ་རུ་ཤི་པ་ཀྱ་ཀྱིས་མ་དགའ་​ཕེན། ཡེ་ཤུ་​ལེ། སློབ་དཔོན། ཁྱོད་ཀྱི་སློབ་མ་​ཀྱ་​ལེ་​སྐད་​མ་​རྒྱག་​ཟིན་​འཁྲུག་པ་​འཚོལ་​དང་​སྨྲས་​པི་དིག 40ཡིན་ནའང་། ཡེ་ཤུས་མི་དེ་ཀྱ་ལེ། ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། གལ་སྲིད་​མི་​འདི་​ཀྱ་​ཀྱིས་​ཁ་​ཚུམས་​པི་​ཡིན་ནི། ས་སྟེང་​གི་​རྡོ་​འདི་​ཀྱ་​ཀྱིས་​ཟང་​སྐད་​རྒྱག་​གྱི་དིག་​ཟིན་གསུངས་​པི་​དིག
41ཡེ་ཤུ་​ཡེ་རུ་ས་གླིང་​རྒྱལ་སའི་​ཉེ་འཁོར་​ལེ་​ཕེབས་​ཕེན། ཁོང་​གིས་​རྒྱལ་ས་​དེ་ལེ་གཟིགས་ཏེ་བཤུམས་པི་མ་ཟད། 42ཁོང་གིས་རྒྱལ་ས་​དེའི་​སྐོར་​ལེ། གལ་སྲིད་​ད་རིང་​ཁྱེད་​ཀྱ་ཀྱིས་ཟང་ཞི་བདེའི་​ཐབས་ལམ་​དེ་ཧ་གོ་རོགས་བྱས་ནི་ཅི་​དྲག ཡིན་ནའང་། ད་ལྟ་​རྗེས་ལུད་​ཐེབ་​ཚར་འོད་​ཕེན། ཁྱེད་​ཀྱ་ཀྱིས་ཧ་གོ་​ཐུབ་ཀྱི་མ་དིག 43དུས་ཡུན་​མང་པོ་​མ་​འགོར་​རི་​ཁྱེད་​ཀྱ་ཀྱི་​དགྲ་བོ་​དེ་​ཀྱ་འོངས་ཏེ། ཁྱེད་ཀྱི་​མཐའ་བསྐོར་​ལེ་གྱང་​སྐོར་​ཏེ་​འགྲོ་​ས་​མེད་​མེད་​བཟོ་གྱི་​དིག 44ཁྱེད་​ཀྱ་​ཀྱིས་​དཀོན་མཆོག་གི་​གཟིགས་སྐྱོང་གནང་བའི་དུས་​དེ་ཧ་​མ་​གོ་​ཕེན། ཁྱེད་​ཀྱ་ཀྱི་​དགྲ་བོ་​དེ་ཀྱ་​ཀྱིས་​ཁྱེད་​ཀྱ་​དིང་། ཡང་​གྱང་​ནང་​ལེ་​འོད་​ཡོད་ཁྱེད་ཀྱ་ཀྱི་ཕྲུ་གུ་​ཡེ་རེ་​རྩ་​མེད་​བཏང་​སྟེ། རྩིག་པའི་རྡོ་​ཆུང་མ་​ཞིག་​ཟང་​ལུས་​ཀྱི་མ་དིག་ཟིན་​གསུངས་​པི་​དིག
ཚོང་པ་ཀྱ་མཆོད་ཁང་ནས་ཕྱི་ལེ་བུད་གནང་བ།
45དེ་ནས་​ཡེ་ཤུ་​མཆོད་ཁང་​གི་​དྭངས་རའི་​ནང་ལེ་ཕེབས་གནང་པི་དིག ཡང་​མཆོད་ཁང་གི་དྭངས་རའི་​ནང་​ལེ་​དམར་མཆོད་​འབུལ་རྒྱུ་ཆེད་དུ། ཚོང་རིགས་​སྣ་ཚོགས་​ཚོང་​མཁན་​མི་ཀྱ། མཆོད་ཁང་གི་​ཕྱི་ལེ་​བུད་​གནང་པི་མ་ཟད། 46ཁོང་གིས་དཀོན་མཆོག་​གི་​གསུང་རབ་ཀྱི་​མདོ་ནང་​ལེ། ངའི་​ཁྱིམ་​འདི་​སྨོན་ལམ་​འདེབས་སའི་ཁང་པ་ལེ་འགྱུར་ཟིན་བྲིས་འོད་དིག ཡིན་ནའང་། ཁྱེད་​ཀྱ་​ཀྱིས་​ཇག་པའི་​ཚང་​ཅོག་​འདྲ་​བཟོས་​འདུག་ཟིན་གསུངས་​པི་​དིག#19.46 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་ལེའུ་ 56 ཨང་ 7 དིང་། ཡང་ལུང་སྟོན་པ་ཡེ་རེམ་ཡཱས་བྲིས་པའི་ལེའུ་ 7 ཨང་ 11 ནང་ལེ་གཟིགས་རོགས། 47དེའི་རྗེས་ལེ་​ཡེ་ཤུས་​ཉིན་རེ་​བཞིན་​དུ་​མཆོད་ཁང་​གི་​དྭངས་རའི་​ནང་​ལེ་ཆོས་​གསུངས་གནང་​གྱོ་འོད་དིག ཡིན་ནའང་​། ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་​། ཆོས་ཁྲིམས་མཁས་པའི་མི་ཀྱ་དིང་​། ཡང་ཡུལ་གྱི་​དཔོན་པོ་​ཀྱ་​ཀྱིས་​ཡེ་ཤུ་ལེ་ཕྲག་དོག་​བགྱིད་འོད་ཕེན། ཡེ་ཤུ་གསོད་​རྒྱུ་​ཐབས་གཞི་​བཙལ་​ནའང་། 48མི་ཚོགས་​ཀྱ་​ཀྱིས་​ཡེ་ཤུའི་གསུང་​ལེ་​ཞིབ་པོ་བྱས་ཏེ་ཉན་ཏེ་​བསྡད་​འོད་​ཕེན། ཁོང་ཀྱ་ལེ་གསོད་​རྒྱུ་​ཐབས་​གཞི་​མ་​རྙེད་​དི་​དིག །

Iliyochaguliwa sasa

ལུ་ཀཱ། 19: DLPO

Kuonyesha

Shirikisha

Nakili

None

Je, ungependa vivutio vyako vihifadhiwe kwenye vifaa vyako vyote? Jisajili au ingia