Chapa ya Youversion
Ikoni ya Utafutaji

ཡོ་ཧ་ནན། 5

5
ལེའུ་ལྔ་པ།
ཡེ་ཤུས་མི་རྐང་པ་ཞ་རིལ་ཞིག་དྲག་ཏུ་བཅུག་པ།
1དེ་ནས་དོན་དེ་ཀྱ་བྱུང་བའི་རྗེས་ལེ། ཡེ་རུ་ས་གླིང་རྒྱལ་ས་ལེ་ཡ་ཧུ་དཱ་པའི་དུས་ཆེན་ཞིག་འོད་ཕེན། ཡེ་ཤུ་ཁོང་རང་ཟང་དུས་ཆེན་དེ་ལེ་ཕེབས་གནང་པི་དིག 2ཡང་ཡེ་རུ་ས་གླིང་གི་རྒྱལ་ས་དེ་རུ་ལུག་གི་སྒོ་ཟེར་རི་ས་ཆ་དེའི་རྩ་ལེ་རྫིང་ཞིག་འོད་དིག རྫིང་དེའི་མིང་ལེ་ཡ་ཧུ་དཱ་པའི་སྐད་ནང་ལེ། པེ་ཐེས་དཱ་ཟིན་འོད་དིག ཡང་ས་ཆ་དེ་རུ་བསིལ་གཡབ་ལྔ་འོད་དིག 3བསིལ་གཡབ་དེའི་ནང་ལེ། མིག་ལོང་བ་དིང་། རྐང་པ་ཞ་རིལ། གཟའ་ཕོག་པ། ནད་པ་མང་པོ་བསྡད་འོད་དི་མ་ཟད། ནད་པ་དེ་ཀྱ་ཡེ་རེ་རྫིང་ཆུ་དེ་ཡར་འཕྱུར་འོང་གི་ལེ་སྒུག་བསྡད་འོད་དིག 4#5.4 ཅི་ལེ་ཟེར་ནི། དཀོན་མཆོག་གི་ཕོ་ཉ་ཞིག་དུས་རྒྱུན་དུ་ནམ་མཁའ་ནས་མར་འབབ་འོང་སྟེ། རྫིང་ཆུ་དེ་དཀྲུགས་རྒྱ། ནད་པ་དེ་ཀྱ་སུ་སྔོན་ལེ་རྫིང་ཆུ་དེའི་ནང་ལེ་འཛུལ་ཐུབ་པི་ཡིན་ནི། མི་དེའི་ན་ཚ་དྲག་གྱོ་འོད་དིག་ཟིན་འོད་དིག ཚིག་བཞི་པའི་ནང་ལེ་བྲིས་པའི་ཚིགས་བཅད་དེ་ནི། གེ་རིག་ཟེར་ལུགས་ནང་ལེ་མེད་དིག ཡིན་ནའང་། སྐད་སྒྱུར་མཁན་གྱིས་མི་ཀྱ་ཀློག་རྒྱ། དོན་གསལ་པོ་ཧ་གོ་ཐུབ་རྒྱུ་ཆེད་དུ་དིང་། ཡང་ནད་པ་དེ་ཀྱ་ཅི་ལེ་རྫིང་ཆུ་དེ་ལེ་སྒུག་གི་རྒྱུ་མཚན་དེ་གསལ་པོ་བྱས་ཏེ་བྲིས་པི་དིག 5ཡང་རྫིང་ཆུ་དེ་རུ་ལོ་སུམ་ཅུ་སོ་བརྒྱད་བར་ཐུབ་རྐང་པ་ཞ་རིལ་ལེ་ལུས་པའི་མི་ཞིག་འོད་དིག 6དེ་ནས་ཡེ་ཤུས་རྐང་པ་ཞ་རིལ་ཡིན་མཁན་ཁོ་ཉལ་བསྡད་འོད་དི་གཟིགས་པི་མ་ཟད། མི་དེ་ནད་པ་བྱུང་སྟེ་དུས་ཡུན་རིང་པོ་བུད་དི་ཟང་མཁྱེན་པི་དིག དེ་ནས་ཁོང་གིས་རྐང་པ་ཞ་རི་ཁོ་ལེ། ཁྱོད་རང་དྲག་འདོད་འདུག་གས་ཟིན་གསུངས་པི་དིག 7དེ་ནས་རྐང་པ་ཞ་རི་ཁོས་ཟང་། ཇོ་བོ། ཆུ་ཡར་འཕྱུར་འོང་རྒྱ། མི་སུ་ཞིག་གིས་ཟང་ང་རྫིང་ཆུ་ནང་ལེ་འཇུག་མཁན་མེད་དིག ཡང་ང་རང་ཆུའི་ནང་ལེ་འཛུལ་རྒྱ། མི་གཞན་མ་ཞིག་ངའི་སྔོན་ལེ་ཆུའི་ནང་ལེ་འཛུལ་འགྲོ་འདུག་ཟིན་ཞུས་པི་དིག 8དེ་ནས་ཡེ་ཤུས་རྐང་པ་ཞ་རིལ་ཁོ་ལེ། ཡར་ལོངས་དང་། རང་གི་གདན་ཁུར་ཏེ་གོམ་པ་རྒྱོབ་ཟིན་གསུངས་ལོང་མེད། 9མི་དེ་རྐང་པ་དྲག་ཕེན། རང་གི་གདན་ཁུར་ཏེ་གོམ་པ་བརྒྱབ་པི་དིག ཉིན་དེ་ནི་ངལ་གསོ་བའི་ཉིན་མོ་ཡིན་ཕེན། 10ཡ་ཧུ་དཱ་པའི་དཔོན་རིགས་ཀྱ་ཀྱིས་རྐང་པ་དྲག་པའི་མི་ཁོ་ལེ། དེ་རིང་ནི་ངལ་གསོ་བའི་ཉིན་མོ་ཡིན་དི་མ་ཟད། འུ་ཀྱ་ཀྱི་ཁྲིམས་ཅོག་འདྲ་མི་མཐུན་འོད་ཕེན། ཁྱོད་ཀྱིས་གདན་དེ་འཁུར་མི་ཆོགས་འོད་དིག་སྨྲས་པི་དིག 11དེ་ནས་མི་ཁོས་ངའི་ན་ཚ་དྲག་ཏུ་འཇུག་མཁན་གྱིས་ང་ལེ་གདན་ཁུར་ཏེ་རྒྱུགས་གསུངས་བྱུང་སྨྲས་ཕེན། 12ཡ་ཧུ་དཱ་པའི་ཆོས་དཔོན་ཀྱ་ཀྱིས་ཁྱོད་ལེ་གདན་ཁུར་ཏེ་རྒྱུགས་ཟེར་མཁན་མི་དེ་སུ་ཡིན་གོ་ཟིན་དྲིས་པི་དིག 13ཡིན་ནའང་། རྐང་པ་དྲག་པའི་ཁོས་ཁོང་ཀྱ་ལེ། ངའི་ན་ཚ་དྲག་ཏུ་འཇུག་མཁན་མི་དེ་སུ་ཡིན་མིན་ང་ལེ་ཆ་མེད་སྨྲས་པི་དིག ཅི་ལེ་ཟེར་ནི། དེ་རྒྱ་ས་ཆ་དེ་རུ་མི་ཚོགས་མང་པོ་འོད་དི་མ་ཟད། ཡེ་ཤུ་ས་ཆ་དེ་ནས་ཕེབས་ཚར་ཏེ་མེད་དིག 14དེའི་རྗེས་ལེ། ཡེ་ཤུ་མཆོད་ཁང་ཆེན་མོའི་ནང་ལེ། ན་ཚ་དྲག་པའི་མི་དེ་ཐུག་ཕེན་ཁོ་ལེ། ད་ཁྱོད་རང་ད་ལྟ་ན་ཚ་དྲག་སྟེ་ལུས་ཁམས་བདེ་མོ་བྱུང་འོད་དིག དུས་ད་ནས་ཕྱིན་ཆད་སྡིག་པའི་ལས་མ་བགྱིད་ཅིག གལ་སྲིད་སྡིག་པའི་ལས་བྱས་ནི། ཁྱོད་རང་ལེ་སྔོན་མ་ལས་ལྷག་ཚོད་དཀའ་ངལ་ཆེན་པོ་འོང་སྲིད་ཀྱི་དིག་ཟིན་གསུངས་པི་དིག 15དེ་ནས་མི་དེ་ཡ་ཧུ་དཱ་པའི་ཆོས་དཔོན་ཀྱ་ཀྱི་དྲུང་དུ་ཕྱིན་ཏེ། ངའི་ན་ཚ་དྲག་ཏུ་འཇུག་མཁན་མི་དེ་ནི་ཡེ་ཤུ་ཡིན་དིག་སྨྲས་པི་དིག
16དེ་ནས་ཡེ་ཤུས་ཟང་ངལ་གསོ་བའི་ཉིན་མ་དེ་ལེ་ཕྱག་ལས་དེ་མཛད་དི་ལེ་བརྟེན་ཏེ། ཡ་ཧུ་དཱ་པའི་ཆོས་དཔོན་ཀྱ་ཀྱིས་ཁོང་ལེ་གནོད་སྐྱེལ་རྒྱུ་འགོ་བཙུགས་པི་དིག 17ཡིན་ནའང་། ཡེ་ཤུས་མི་དེ་ཀྱ་ལེ། ངའི་ཨ་ཀྱིས་ད་ལྟ་བར་དུ་ཟང་ཕྱག་ལས་སྣ་ཚོགས་མཛད་པི་མ་ཟད། ངས་ཟང་ཕྱག་ལས་དེ་བགྱིད་འོད་ཟིན་གསུངས་ཕེན། 18ཡ་ཧུ་དཱ་པའི་ཆོས་དཔོན་ཀྱ་ཀྱིས་སྔོན་མ་ལེ་ལྷག་ཚོད་ཁོང་དགྲོང་རྒྱུ་ལེ་ཇུས་ཐབས་ཤེས་བགྱིད་འོད་དིག ཅི་ལེ་ཟེར་ནི། ཡེ་ཤུས་ངལ་གསོ་བའི་ཉི་མོའི་ཁྲིམས་དེ་འགལ་ལི་མ་ཟད། ཡང་དཀོན་མཆོག་ནི་ངའི་ཡབ་ཡིན་གསུངས་ཕེན། ཁོང་རང་དཀོན་མཆོག་དིང་འདྲ་མཉམ་ཡིན་དི་བྱས་པའི་རྐྱེན་གྱིས་ཡིན་དིག
དཀོན་མཆོག་གི་སྲས་ཀྱི་དབང་ཆ།
19ཡང་ཡེ་ཤུས་མི་དེ་ཀྱ་ལེ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། སྲས་ཀྱིས་ཡབ་ལེ་མ་བརྟེན་ཏེ་ཕྱག་ལས་ཅི་གང་བགྱིད་མི་ཐུབ་འོད་དིག ཡབ་ཀྱིས་ཅི་མཛད་པའི་ཅོག་འདྲ་སྲས་ཀྱིས་ཟང་བྱས་པི་དིག ཡབ་ཀྱིས་ཅི་མཛད་པ་དེ་སྲས་ཀྱིས་མ་མཐོང་པི་ཡིན་ནི། སྲས་ཀྱིས་ཅི་གང་བགྱིད་མི་ཐུབ་འོད་དིག 20ཅི་ལེ་ཟེར་ནི། ཡབ་ཀྱིས་སྲས་ལེ་གཅེས་པོ་གནང་གྱོ་འོད་ཕེན། ཁོང་གིས་ཅི་མཛད་པ་ཡེ་རེ་སྲས་ལེ་བསྟན་གནང་པི་མ་ཟད། དེ་ལས་ཟང་ལྷག་ཚོད་ངོ་མཚར་ཆེ་བའི་ཕྱག་ལས་སྲས་ལེ་སྟོན་མཛད་དེ་ཁྱེད་ཀྱ་ཟང་ཡ་མཚན་སྐྱེས་ཀྱི་དིག 21ཡང་ཡབ་ཀྱིས་ཅི་གི་བྱས་ཏེ་གཤིན་པོ་ཀྱ་ཡང་དང་གསོན་པོ་སློང་གི་མ་ཟད། མི་དེ་ཀྱ་ལེ་དུས་མཐའ་མེད་པའི་ཚེ་སྲོག་གནང་པི་ཅོག་འདྲ། སྲས་ཀྱིས་ཟང་སུ་ལེ་ཐུགས་དགྱེས་ནི། མི་དེ་ལེ་དུས་མཐའ་མེད་པའི་ཚེ་སྲོག་གནང་གྱི་དིག 22ཡབ་ཀྱིས་མི་སུ་ལེ་ཟང་ཁྲིམས་གཅོད་མཛད་མི་གནང་འོད་དིག ཅི་ལེ་ཟེར་ནི། ཁྲིམས་གཅོད་བགྱིད་རྒྱུ་དབང་ཆ་དེ་ཡེ་རེ་རང་གི་སྲས་ལེ་གནང་འོད་དིག 23འོ་དེ་ལེ་བརྟེན་ཏེ། མི་ཡེ་རེས་ཡབ་ལེ་བསྙེན་བཀུར་བགྱིད་དི་ཅོག་འདྲ། སྲས་ལེ་ཟང་མི་ཡེ་རེས་བསྙེན་བཀུར་བགྱིད་རྒྱུ་ཆེད་དུ་ཡིན་དིག སྲས་ལེ་བསྙེན་བཀུར་མི་ཞུ་མཁན་གྱིས་སྲས་རྫོང་མཁན་ཡབ་ལེ་ཟང་བསྙེན་བཀུར་མི་ཞུ་འོད་དིག 24ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། མི་སུ་ཞིག་ཡིན་ནའང་། ངའི་བཀའ་ལེ་ཉན་དི་དིང་། ཡང་ང་རྫོང་མཁན་ཁོང་ལེ་ཟང་དད་པ་བགྱིད་མཁན་ཀྱ་ལེ་མཐའ་མེད་པའི་ཚེ་སྲོག་འོད་དི་མ་ཟད། མི་དེ་ཀྱ་ལེ་སྡིག་ཉེས་ཀྱི་ཁྲིམས་གཅོད་མྱོང་དགོས་མེད་དི་དིང་། འཆི་བ་ནས་ཐར་ཏེ། མཐའ་མེད་པའི་ཚེ་སྲོག་དེ་ཐོབ་འོད་དིག་ཟིན་གསུངས་པི་དིག 25ཡང་ཡེ་ཤུས། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཚེ་སྲོག་མེད་དི་ཅོག་འདྲ་མི་ཀྱ་ཀྱིས་དཀོན་མཆོག་གི་སྲས་ཀྱི་གསུངས་སྐད་ཐོས་པའི་དུས་ཤིག་སླེབས་པི་མ་ཟད། དུས་དེ་ནི་ད་ལྟ་ཡིན་དིག ཡང་སྐད་དེ་ཐོས་མཁན་ཀྱ་གསོན་གྱི་དིག 26ཡབ་ཁོང་རང་ནི་མཐའ་མེད་པའི་ཚེ་སྲོག་གི་འབྱུང་ཁུངས་ཡིན་དི་ཅོག་འདྲ། ཁོང་གིས་རང་གི་སྲས་ལེ་ཟང་དེ་ཅོག་འདྲ་མི་ཀྱ་ལེ་མཐའ་མེད་པའི་ཚེ་སྲོག་གནང་རྒྱུ་ལེ་དབང་ཆ་དེ་གནང་འོད་དིག 27ཡང་སྲས་ཁོང་རང་ནི་མིའི་བི་ས་ཡིན་ཕེན། ཡབ་ཀྱིས་སྲས་ལེ་བཟང་ངན་གྱི་ཁྲིམས་གཅོད་བགྱིད་རྒྱུ་དབང་ཆ་གནང་འོད་དིག 28ཡང་དུར་ཁྲོད་ལེ་འོད་ཡོད་གཤིན་པོ་ཡེ་རེས་སྲས་ཀྱི་གསུང་སྐད་ཐོས་ཏེ། འཐོན་འོང་གི་དུས་དེ་སླེབས་རྒྱ། ཁྱེད་ཀྱ་ཡ་མཚན་མ་སྐྱེས་ཤིག 29ལས་བཟང་པོ་བྱས་འོད་ཡོད་དེ་ཀྱ་ལེ་མཐའ་མེད་པའི་ཚེ་སྲོག་ཐོབ་རྒྱུ་ཆེད་དུ་ཡང་དང་གསོན་པོ་འོང་གི་དིང་། ལས་ངན་པ་བྱས་འོད་ཡོད་དེ་ཀྱ་ལེ་ཁྲིམས་གཅོད་ཕོག་རྒྱུ་ཆེད་དུ། ཡང་དང་གསོན་པོ་ལང་འོང་གྱི་དིག་ཟིན་གསུངས་པི་དིག 30ཡང་ཡེ་ཤུས་ཡབ་ལེ་མ་བརྟེན་ཏེ་ངས་ཅི་གང་བགྱིད་མི་སྲིད། ཡབ་ཀྱི་བཀའ་ཅི་ཐོས་པི་དེ་ཅོག་འདྲ་ངས་ཁྲིམས་གཅོད་བགྱིད་ཀྱི་ཡིན། འོ་དེ་ལེ་བརྟེན་ཏེ་ངས་ཁྲིམས་གཅོད་དེ་དྲང་པོ་ཡིན་དིག ཅི་ལེ་ཟེར་ནི། ངས་ང་རང་གི་བསམ་ཚུལ་ཅོག་འདྲ་མི་བགྱིད་འོད། ང་རྫོང་མཁན་གྱི་དགོང་པ་ཅོག་འདྲ་བགྱིད་འོད་ཟིན་གསུངས་པི་དིག
ཡེ་ཤུ་ལེ་དཔང་པོ་བྱས་པ།
31ཡང་ཡེ་ཤུས་གལ་སྲིད་ངས་རང་གི་རང་ལེ་དཔང་པོ་བྱས་ནི། ངའི་དཔང་པོ་དེ་བདེན་པ་མ་དིག 32ཡིན་ནའང་། ང་ལེ་དཔང་པོ་བགྱིད་མཁན་གཞན་མ་ཞིག་འོད། ཁོང་གིས་ང་ལེ་དཔང་པོ་མཛད་ཕེན། ངས་དེ་བདེན་པ་ཡིན་དི་ཧ་གོ་འོད། 33ཁྱེད་ཀྱ་ཀྱིས་​ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་གྱི་དྲུང་དུ་མི་ཁ་ཤས་སྐད་ཆ་དྲི་རུ་བརྫངས་པི་མ་ཟད། ཡོ་ཧ་ནན་གྱིས་ཟང་བདེན་པ་དེ་ལེ་དཔང་པོ་བྱས་པི་དིག 34ཡིན་ནའང་། ངས་མི་ཀྱ་ཀྱིས་བྱས་པའི་དཔང་པོ་དི་ལེ་མི་རྟེན་འོད། ཁྱེད་ཀྱ་ལེ་ཐར་པ་ཐོབ་པའི་ཆེད་དུ་ངས་དོན་འདི་ཀྱ་བཤད་དི་ཡིན། 35ཡོ་ཧ་ནན་ནི་མར་མེ་འབར་ཏེ་འོད་མདངས་འཕྲོ་དི་ཅོག་འདྲ་ཡིན་ཕེན། ཁྱེད་ཀྱ་ནི་འོད་མདངས་དེའི་ནང་ལེ་དུས་ཡུན་ཐུང་མ་ཞིག་རང་གི་འདོད་པ་ཅོད་འདྲ་དགའ་སྤྲོ་བྱས་པི་དིག 36ཡིན་ནའང་། ང་ལེ་ཡོ་ཧ་ནན་གྱི་དཔང་པོ་ལས་ལྷག་ཚོད་དཔང་པོ་ཆེ་བ་དེ་ལེ་རྟེན་གྱོ་འོད། ཨ་ཀྱིས་ང་ལེ་ཕྱག་ལས་དེ་ཀྱ་སྒྲུབ་རྒྱུ་ཆེད་དུ་གནང་འོད་དི་དིང་། ངས་ཟང་ལས་དོན་དེ་བགྱིད་འོད་དི་མ་ཟད། ངས་བགྱིད་བཞིན་པའི་ལས་དེ་རང་གིས་ང་རྗོང་མཁན་ཡབ་དཀོན་མཆོག་ཡིན་དི་དཔང་པོ་བགྱིད་འོད། 37ཡང་ང་རྫོང་མཁན་ངའི་ཨ་ཀྱིས་ཟང་ང་ལེ་དཔང་པོ་མཛད་པི་དིག ཁྱེད་ཀྱ་ཀྱིས་ཁོང་གི་གསུང་སྐད་ཟང་རྩ་བ་ནས་ཐོས་མྱོང་མེད་དི་མ་ཟད། ཁོང་གི་གཟུགས་དབྱིབས་དེ་ཟང་མཐོང་མྱོང་མེད་དིག 38ཁྱེད་ཀྱ་ཀྱིས་ཁོང་གིས་བརྫངས་གནང་པི་ཁོང་ལེ་ཡིད་ཆེས་མི་བགྱིད་འོད་ཕེན། ཁོང་གི་བཀའ་ཁྱེད་ཀྱ་ཀྱི་སེམས་ནང་ལེ་མི་སྡོད་འོད་དིག་ཟིན་གསུངས་པི་དིག 39ཡང་དང་ཡེ་ཤུས་ཁྱེད་ཀྱ་ཀྱིས་གསུང་རབ་ནང་ལེ་འཚོལ་ཞིབ་བགྱིད་འོད་དིག ཅི་ལེ་ཟེར་ནི། ཁྱེད་ཀྱ་ཀྱིས་གསུང་རབ་ནང་ལེ་མཐའ་མེད་པའི་ཚེ་སྲོག་གི་ལམ་འཐོབ་ཀྱི་དིག་བསམ་གྱོ་འོད་དིག གསུང་རབ་དེ་རང་གིས་ང་ལེ་དཔང་པོ་བགྱིད་འོད་ནའང་། 40ཁྱེད་ཀྱ་ལེ་མཐའ་མེད་པའི་ཚེ་སྲོག་ཐོབ་རྒྱུ་ཆེད་དུ། ངའི་རྩ་ལེ་འོང་འདོད་མི་བགྱིད་འོད་དིག 41ང་ནི་མིའི་བརྒྱུད་ནས་བསྙེན་བཀུར་མི་འཚོལ་འོད། 42ཡིན་ནའང་། ཁྱེད་ཀྱ་ཀྱིས་དཀོན་མཆོག་ལེ་བྱམས་བརྩི་བཀུར་མི་བགྱིད་འོད་དི་ངས་ཧ་གོ་འོད། 43ང་ནི་ཨ་ཀྱིའི་མིང་བརྒྱུད་ནས་འོངས་པི་ཡིན་ནའང་། ཁྱེད་ཀྱ་ཀྱིས་ང་ལེ་ཁས་ལེན་མི་བགྱིད་འོད་དིག མི་གཞན་མ་ཞིག་རང་སོའི་མིང་བརྒྱུད་འོངས་པི་ཡིན་ནི། ཁྱེད་ཀྱ་ཀྱིས་མི་དེ་ལེ་ཁས་ལེན་བགྱིད་འོད་དིག 44ཁྱེད་ཀྱ་ཀྱིས་མི་གཅིག་གིས་གཅིག་ལེ་བསྟོད་ར་བཏང་པི་དེ་ལེ་དགའ་རི་བགྱིད་འོད་དིག དཀོན་མཆོག་གཅིག་རང་དིང་། ཁོང་པ་རྐྱང་ནས་བྱུང་བའི་བསྟོད་ར་དེ་ལེ་མ་དགའ་ནི། ཁྱེད་ཀྱ་ཀྱིས་ཅི་གི་བྱས་ཏེ་ཡིད་ཆེས་བགྱིད་རྒྱུ། 45ཨ་ཀྱིའི་དྲུང་དུ་ངས་ཁྱེད་ཀྱ་ལེ་སྐྱོན་འཛུགས་བགྱིད་ཀྱི་དིག་མ་བསམ་ཞིག ཁྱེད་ཀྱ་ལེ་སྐྱོན་འཛུགས་བགྱིད་མཁན་དེ་ནི། ཁྱེད་ཀྱ་ཀྱིས་རེ་བ་བཅོལ་ས་མོ་ཤེ་ཁོང་རང་ཡིན་དིག 46གལ་སྲིད་ཁྱེད་ཀྱ་མོ་ཤེ་ལེ་ཡིད་ཆེས་བྱས་པི་ཡིན་ནི། ང་ལེ་ཟང་ཡིད་ཆེས་བགྱིད་ཀྱི་དིག ཅི་ལེ་ཟེར་ནི། ཁོང་གིས་ངའི་སྐོར་ཡེ་རེ་བྲིས་འོད་དིག 47ཡིན་ནའང་། ཁོང་གིས་ཅི་བྲིས་པི་དེ་ལེ་ཡིད་ཆེས་མ་བྱས་ནི། ངས་བཤད་པའི་གཏམ་དེ་ལེ་ཡིད་ཆེས་ཅི་གི་བྱས་ཏེ་བགྱིད་སྲིད་རྒྱུ་ཟིན་གསུངས་པི་དིག །

Kuonyesha

Shirikisha

Nakili

None

Je, ungependa vivutio vyako vihifadhiwe kwenye vifaa vyako vyote? Jisajili au ingia