Chapa ya Youversion
Ikoni ya Utafutaji

ཡོ་ཧ་ནན། 6

6
ལེའུ་དྲུག་པ།
ཡེ་ཤུས་མི་ལྔ་སྟོང་གི་གྲོད་པ་འགྲང་དུ་བཅུག་པ།
1དེའི་རྗེས་ལེ། ཡེ་ཤུ་ག་ལིལ་མཚོའི་ཕར་ཀན་ལེ་ཕེབས་གནང་པི་དིག (ག་ལིལ་མཚོ་དེའི་མིང་ལེ་ཏི་པེར་ཡཱ་མཚོ་ཟང་ཟིན་འོད་དིག) 2ཡང་ཁོང་གིས་མི་མང་པོའི་ན་ཚ་དྲག་ཏུ་བཅུག་གནང་པི་དིང་། ཡ་མཚན་གྱི་གྲུབ་རྟགས་བསྟན་གནང་པི་དེ་ཀྱ་མི་མང་པོ་ཞིག་གིས་མཐོང་ཕེན། ཁོང་ག་ན་ལེ་ཕེབས་ནའང་མི་དེ་ཀྱ་ཁོང་གི་རྗེས་ལེ་འབྲངས་པི་དིག 3དེ་ནས་ཡེ་ཤུ་དེའུ་ཞིག་གི་ལྟག་ག་ལེ་རང་གི་སློབ་མ་ཀྱ་དིང་སྐྱེན་ལེ་ཕེབས་ཏེ་དེ་རུ་བཞུགས་པི་དིག 4དུས་དེ་རྒྱ་ཡ་ཧུ་དཱ་པའི་སྲོག་ཐར་རི་དུས་ཆེན་གྱི་ཉིན་མ་དེ་སླེབས་ལྷག་འོད་དིག 5དེ་ནས་ཡེ་ཤུས་མི་ཚོགས་མང་པོ་ཞིག་རང་གི་དྲུང་དུ་འོང་གི་གཟིགས་ཕེན། རང་གི་སློབ་མ་ཕི་ལིབ་ཁོ་ལེ། འུ་ཀྱ་ཀྱིས་མི་འདི་གི་མང་པོ་ལེ་ཟོ་རྒྱུ་སྒོར་ཕེ་ཞིག་ག་ན་ནས་ཉོ་རུ་འགྲོ་རྒྱུ་ཟིན་གསུངས་པི་དིག 6ཡེ་ཤུས་ཅི་མཛད་རྒྱུ་ཡིན་དི་མཁྱེན་གནང་ནའང་། ཕི་ལིབ་ལེ་ཉམས་ཚོད་ལེན་རྒྱུ་ཆེད་དུ་འོ་དེ་གི་གསུངས་པི་དིག 7དེ་ནས་ཕི་ལིབ་ཀྱིས་ཁོང་ལེ། ཉེད་ཀྱ་ཀྱིས་ཉིན་མ་མང་པོ་ལས་ཀ་བྱས་པའི་དངུལ་གྱི་སྒོར་མོ་དེས་སྒོར་ཕྱེ་ཉོས་ཏེ་བྱིན་ནའང་། མི་རེ་རེ་ལེ་ཅུང་མ་ཞིག་ཟང་ཐོབ་ཀྱི་མ་དིག་ཟིན་ཞུས་པི་དིག#6.7 སློབ་མ་ཀྱ་ཀྱིས་དེ་ཎ་རིའི་ཟིན་ཚིག་དེ་བེད་སྤྱོད་བཏང་འོད་དིག དེ་ཎ་རིའི་ཉིས་བརྒྱའི་སྒོར་ཕྱེ་ཉོས་ནའང་ཚོང་རྒྱུ་མ་དིག་སྨྲས་པི་དིག ཅི་ལེ་ཟེར་ནི། གེ་རིག་ཟེར་ལུགས་ནང་ལེ་སྒོར་མོ་གཅིག་ལེ། དེ་ཎ་རིའི་ཟིན་འོད་དིག དེ་རྒྱ་ལས་ཀ་བྱས་ཏེ་ཉིན་མ་གཅིག་ལེ་དངུལ་གྱི་སྒོར་མོ་གཅིག་སྟེར་གྱོ་འོད་དིག 8དེ་ནས་སློབ་མ་ཀྱ་ཀྱི་ནང་ནས་སི་མོན་པེ་ཏྲེའི་སྤུན་ཨན་དྲི་ཡཱ་ཟེར་མཁན་ཁོས་ཡེ་ཤུ་ལེ། 9འདི་རུ་འོད་ཡོད་ཕྲུ་གུ་ཞིག་གི་ལག་ག་ལེ་གྲོའི་སྒོར་ཕྱེ་ལྔ་དིང་ཉ་ཤ་གཉིས་འདུག ཡིན་ནའང་། མི་མང་དེ་ཀྱ་ལེ་ཅི་གི་བྱས་ཏེ་འདང་སྲིད་རྒྱུ་ཟིན་ཞུས་པི་དིག 10དེ་ནས་ཡེ་ཤུས་སློབ་མ་ཀྱ་ལེ། མི་ཀྱ་མར་སྡོད་དུ་ཆུག་དང་ཟིན་གསུངས་པི་དིག ས་ཆ་དེ་རུ་རྩྭ་མང་པོ་འོད་ཕེན། མི་ཀྱ་དེ་རུ་བསྡད་དི་དིག དེ་རྒྱ་སྐྱེས་པ་པ་རྐྱང་ལྔ་སྟོང་ཚོད་འོད་དིག 11དེ་ནས་ཡེ་ཤུས་སྒོར་ཕྱེ་དེ་ཕྱག་ལེ་བསྣམས་ཏེ། དཀོན་མཆོག་ལེ་བཀའ་དྲིན་ཆེ་ཟིན་ཞུས་ནུས་པི་རྗེས་ལེ། ས་ལེ་བསྡད་འོད་ཡོད་མི་དེ་ཀྱ་ལེ་སྒོར་ཕྱེ་དེ་བགོད་དུ་བཅུག་པི་མ་ཟད། ཡང་རྗེས་ལེ་ཉ་ཤ་དེ་ཟང་མི་དེ་ཀྱ་ལེ་བགོད་དུ་བཅུག་གནང་པི་དིག ཡང་མི་ཚོགས་དེ་ཀྱ་ཀྱིས་ཟང་ཙམ་ཟ་ཐུབ་ཐུབ་བཟས་པི་དིག 12དེ་ནས་མི་ཡེ་རེས་འགྲངས་འགྲངས་བཟས་པི་མ་ཟད། ཡེ་ཤུས་རང་གི་སློབ་མ་ཀྱ་ལེ། ཟས་ལྷག་འདི་ཀྱ་ཕངས་མེད་མ་གཏོང་སྡུས་ཤིག་ཟིན་གསུངས་ཕེན། 13སློབ་མ་ཀྱ་ཀྱིས་སྒོར་ཕྱེ་ཟས་ལྷག་རྐོན་པ་བཅུ་གཉིས་བཀང་པི་དིག 14མི་ཚོགས་དེ་ཀྱ་ཀྱིས་ཡེ་ཤུས་མཛད་པའི་ངོ་མཚར་གྱི་རྟགས་དེ་མཐོང་ཕེན། མི་འདི་ནི་ངོ་ཐོག་འཇིག་རྟེན་ལེ་ཕེབས་གནང་རྒྱུ་ཡིན་དི་ལུང་སྟོན་པ་དེ་ཡིན་དིག་ཟིན་འོད་དིག 15དེ་ནས་ཡེ་ཤུས་མི་དེ་ཀྱ་ཀྱིས་ཁོང་རང་ལེ་ཨུ་ཚུགས་བྱས་ཏེ་རྒྱལ་པོ་ལེ་བསྐོ་ཇུས་བགྱིད་འོད་དི་མཁྱེན་ཕེན། ཁོང་རང་གཅིག་རང་དེའུ་ཞིག་ལྟག་ག་ལེ་ཡང་དང་ཕེབས་གནང་པི་དིག
ཡ་ཤུས་ཆུའི་ལྟག་ག་ལེ་ཞབས་ཐང་དུ་ཕེབས་པ།
16དེ་ནས་དགོང་མོའི་དུས་ལེ། སློབ་མ་ཀྱ་མར་ག་ལིལ་མཚོའི་འགྲམ་ལེ་འོངས་ཏེ། 17གྲུ་ཞིག་ལེ་ཞོན་ཏེ་མཚོའི་ཕར་ཀན་གྱི་ཡུལ་ཀ་ཕར་ན་ཧུམ་ལེ་འགྲོ་རྒྱ་སྲོད་རུབ་པི་མ་ཟད། ཡང་དེ་རྒྱ་ཡེ་ཤུ་ཟང་སློབ་མ་ཀྱ་དིང་སྐྱེན་ལེ་མེད་དིག 18དེ་ནས་དེ་ལོང་མེད་ཆར་རླུང་ཆེན་པོ་ཞིག་བརྒྱབ་སྟེ་རྦ་རླབས་འཕྱུར་འོངས་པི་དིག 19དེ་ནས་སློབ་མ་ཀྱ་ཀྱིས་གྲུ་དེ་བཏང་སྟེ་ཆུ་ཚོད་གཅིག་ཚོད་བུད་དི་རྗེས་ལེ། ཡེ་ཤུ་མཚོའི་ལྟག་ག་ནས་ཞབས་ཐང་གྲུའི་ཉེ་འགྲམ་ལེ་ཕེབས་འོང་གི་སློབ་མ་ཀྱ་ཀྱིས་མཐོང་ཕེན། ཁོང་ཀྱ་འཇུ་གུ་འཇིགས་པི་དིག#6.19 གེ་རིག་གིས་བརྩི་གསོལ་ལེ། མཚོ་དེའི་ཕར་ཀན་དིང་ཚུར་ཀན་གྱི་རིང་ཚད་དེ་ནི། ཀྱི་ལོ་མི་གྲལ་བཅུ་གསུམ་ཚོད་འོད་ཚུལ་འདུག ཡང་དེ་མ་ཟད་མཱ་ཀུར་ལེའུ་ 6 ཨང་ 47 ནང་ལེ། སློབ་མ་ཀྱ་མཚོ་དགུང་ཚོད་ལེ་སླེབས་པི་དིང་ཟིན་བྲིས་འོད་དིག 20ཡིན་ནའང་། ཡེ་ཤུས་ཁོང་ཀྱ་ལེ། ཁྱེད་འཁྱར་སྣང་བགྱིད་མི་དགོས་ང་ཡིན་ཟིན་གསུངས་ཕེན། 21ཁོང་ཀྱ་དགའ་རི་ངང་ནས་ཡེ་ཤུ་གྲུའི་ནང་ལེ་ཕེབས་བསུ་ཞུས་པི་མ་ཟད། གྲུ་འདི་ཟང་དེ་ལོང་མེད་ཁོང་ཀྱ་འགྲོ་སའི་ཡུལ་ལེ་སླེབས་པི་དིག
22དེའི་སྔ་དྲོ་ག་ལིལ་མཚོའི་ཕར་ཀན་དུ་བསྡད་འོད་ཡོད་མི་ཚོགས་ཀྱ་ཀྱིས་གྲུ་གཅིག་མ་མཏོགས་གཞན་མེད་དི་དིང་། ཡང་གྲུ་དེའི་ནང་ལེ་ཡེ་ཤུ་ཕེབས་མ་གནང་སྟེ་སློབ་མ་ཀྱ་པ་རྐྱང་བུད་དི་ཧ་གོ་པི་དིག 23དེ་ནས་ཐེ་པེར་ཡཱ་ཟེར་རི་རྒྱལ་ས་ནས་གྲུ་ཁ་ཤས་ཞིག་སྔོན་མ་ཇོ་བོ་ཡེ་ཤུས་བཀའ་དྲིན་ཆེ་ཞུས་ཏེ། མི་ཀྱ་ཀྱིས་སྒོར་ཕྱེ་བཟས་སའི་ས་ཆ་དེའི་ཉེ་འགྲམ་ལེ་སླེབས་པི་དིག 24ཡིན་ནའང་། མི་ཚོགས་ཀྱ་ཀྱིས་ཡེ་ཤུ་མ་མཐོང་པི་མ་ཟད། སློབ་མ་ཀྱ་ཟང་མ་མཐོང་ཕེན། མི་ཚོགས་དེ་ཀྱ་གྲུ་དེ་ལེ་ཞོན་ཏེ་ཡེ་ཤུ་འཚོལ་རྒྱུ་ཆེད་དུ་ཀ་ཕར་ན་ཧུམ་ཡུལ་ལེ་བུད་དིག
ཚེ་སྲོག་གི་སྒོར་ཕྱེ་སྐོར།
25དེ་ནས་མི་ཚོགས་དེ་ཀྱ་ཀྱིས་མཚོའི་ཕར་ཀན་དུ་ཡེ་ཤུ་མཇལ་ཕེན། ཁོང་ལེ། རཱབ་བི། འདི་རུ་ནམ་ཕེབས་གནང་པི་ཡིན་དོ་ཟིན་ཞུས་པི་དིག#6.25 གེ་རིག་ཟེར་ལུགས་ནང་ལེ། རཱབ་བི་ཟེར་རི་དོན་ནི་ཡ་ཧུ་དཱ་པའི་ཆོས་ཀྱི་སློབ་དཔོན་ལེ་ཟེར་རི་ཡིན་དིག 26དེ་ནས་ཡེ་ཤུས་མི་ཚོགས་དེ་ལེ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཁྱེད་ཀྱ་ཀྱིས་ང་འཚོལ་དགོས་དོན་ནི། ངོ་མཚར་གྱི་རྟགས་དེ་ཀྱ་མཐོང་སྟེ་མ་དིག སྒོར་ཕྱེ་བཟས་ཏེ་འགྲངས་པའི་རྐྱེན་གྱི་ཡིན་དིག 27མི་རྟག་པའི་ཁ་ཟས་དེ་ལེ་འབད་བརྩོན་མ་བགྱིད། དུས་མཐའ་མེད་པའི་ཚེ་སྲོག་གནང་བའི་ཁ་ཟས་དེ་ལེ་འབད་བརྩོན་གྱིས་ཤིག མིའི་རིགས་ཀྱི་བི་ས་ཁྱེད་ཀྱ་ལེ་ཁ་ཟས་དེ་སྟེར་གྱི་དིག ཅི་ལེ་ཟེར་ནི། ཨ་ཀྱིས་མིའི་རིགས་ཀྱི་བི་ས་ལེ། ཁོང་གི་ཐེལ་ཙེ་བརྒྱབ་འོད་ཟིན་གསུངས་པི་དིག 28མི་ཚོགས་དེ་ཀྱ་ཀྱིས་ཁོང་ལེ། དཀོན་མཆོག་གིས་ཉེད་ཀྱ་ལེ་སྒྲུབ་དགོས་པའི་ལས་དེ་སྒྲུབ་རྒྱུ་ཆེད་དུ། ཉེད་ཀྱ་ཀྱིས་ཅི་ཞིག་བགྱིད་དགོས་འོད་དི་གོ་ཟིན་ཞུས་ཕེན། 29ཡེ་ཤུས་མི་ཚོགས་དེ་ཀྱ་ལེ། དཀོན་མཆོག་གིས་བརྫངས་གནང་པི་ཁོང་ལེ་དེ་ལེ་དད་པ་བྱས་པི་ཡིན་ནི། དཀོན་མཆོག་གི་སྒྲུབ་དགོས་པའི་ལས་དེ་ནི། འོ་དེ་རང་ཡིན་དིག་ཟིན་གསུངས་པི་དིག 30ཡང་མི་ཚོགས་དེ་ཀྱ་ཀྱིས། འོ་ནེ། ཉེད་ཀྱ་ཀྱིས་དེ་མཐོང་སྟེ་ཁྱེད་ལེ་ཡིད་ཆེས་བགྱིད་རྒྱུ་ཆེད་དུ། ཁྱེད་ཀྱིས་ངོ་མཚར་ཆེ་བའི་རྟགས་ཅི་ཞིག་སྟོན་གྱི་ཡིན་དོ། ཁྱེད་ཀྱིས་ལས་ཅི་ཞིག་མཛད་ཀྱི་ཡིན་དོ། 31ཉེད་ཀྱི་མེས་མེས་ཀྱ་ཟང་མི་མེད་ལུང་སྟོང་ལེ་སྡོད་རྒྱ། ཁོང་ཀྱ་ཀྱིས་མཱན་ནཱ་ཟེར་རི་ཁ་ཟས་དེ་བཟས་པི་དིག་ཟིན་གསུང་རབ་ནང་ལེ་བྲིས་འོད་དི་ཅོག་འདྲ། དཀོན་མཆོག་གིས་ཉེད་ཀྱི་མེས་མེས་ཀྱ་ལེ་ཞིང་ཁམས་ནས་སྒོར་ཕྱེ་གནང་པི་དིག་ཟིན་སྨྲས་པི་དིག#6.31 ཐེགས་པ་མདོ་ལེའུ་ 16 ཨང་ 4 དིང༌། གསུང་མགུར་ལེའུ་ 78 ཨང་ 24 ནང་ལེ་གཟིགས་རོགས། 32ཡང་ཡེ་ཤུས་མི་དེ་ཀྱ་ལེ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ལུང་སྟོན་པ་མོ་ཤེས་ཁྱེད་ཀྱ་ལེ་ཞིང་ཁམས་ནས་སྒོར་ཕྱེ་གནང་པི་མ་དིག ངའི་ཨ་ཀྱིས་ཁྱེད་ཀྱ་ལེ་ཞིང་ཁམས་ནས་བདེན་པའི་སྒོར་ཕྱེ་གནང་པི་ཡིན་དིག 33དཀོན་མཆོག་གི་སྒོར་ཕྱེ་དེ་ནི། དཀོན་མཆོག་གི་ཞིང་ཁམས་ནས་བབ་སྟེ་འཇིག་རྟེན་ལེ་ཚེ་གནང་མཁན་དེ་ཡིན་དིག་ཟིན་གསུངས་པི་དིག
34དེ་ནས་མི་དེ་ཀྱ་ཀྱིས་ཁོང་ལེ། སློབ་དཔོན། སྒོ་ཕྱེ་དེ་དུས་རྒྱུན་དུ་ཉེད་ཀྱ་ལེ་སྟེར་རོགས་ཟིན་ཞུས་ཕེན། 35ཡེ་ཤུས་མི་དེ་ཀྱ་ལེ། ང་ནི་ཚེ་སྲོག་གི་སྒོར་ཕྱེ་དེ་ཡིན། ངའི་རྩ་ལེ་འོང་མཁན་དེ་ཀྱ་དུས་ནམ་ཡིན་ནའང་། མི་ལྟོགས་འོད་དིག ང་ལེ་དད་པ་བགྱིད་མཁན་དེ་ཀྱ་དུས་ནམ་ཡིན་ནའང་མི་སྐོམ་འོད་དིག 36ཡིན་ནའང་། ངས་སྔོན་མ་བཤད་དི་ཅོག་འདྲ་ཁྱེད་ཀྱ་ཀྱིས་ང་མཐོང་འོད་ནའང་། ད་རུང་ང་ལེ་དད་པ་མི་བགྱིད་འོད་དིག 37ཡང་ཨ་ཀྱིས་ང་ལེ་གནང་པི་ཡེ་རེ་ངའི་རྩ་ལེ་འོང་གྱི་དིག མི་སུ་ཞིག་ངའི་རྩ་ལེ་འོང་ནི། མི་དེ་ངས་དུས་ནམ་ཟང་གཡུག་སྲིད་མ་དིག 38ང་དཀོན་མཆོག་གི་ཞིང་ཁམས་ནས་བབ་འོངས་པི་དོན་དེ་ནི། ངས་རང་གི་བསམ་དོན་སྒྲུབ་རྒྱུ་ཆེད་དུ་འོངས་པི་མན། ང་རྫོང་མཁན་དཀོན་མཆོག་གི་དགོངས་པ་ཅོག་འདྲ་སྒྲུབ་རྒྱུ་ཆེད་དུ་འོངས་པི་ཡིན། 39ང་རྫོང་མཁན་དཀོན་མཆོག་གི་དགོངས་པ་དེ་ཅི་ཡིན་དིག་ཟེར་ནི། ཁོང་གིས་ང་ལེ་གནང་པི་ཡེ་རེ་གཅིག་ཟང་མ་བརླག་གི་ཡེ་རེ་དུས་ཀྱི་མཐའ་མའི་ཉིན་མོ་ལེ་གསོན་པོ་སློང་དགོས་རྒྱུ་དེ་ཡིན་དིག 40མི་སུ་ཞིག་གིས་སྲས་མཇལ་ཏེ་ཁོང་ལེ་དད་པ་བྱས་པི་ཡིན་ནི། མི་དེ་ལེ་མཐའ་མེད་པའི་ཚེ་སྲོག་དེ་ཐོབ་སྟེ་དུས་ཀྱིས་མཐའ་མའི་ཉིན་མོ་ལེ་ཟང་། ངས་དེ་ཡེ་རེ་གཤིན་པོའི་ཁྲོད་ནས་ཡང་དང་གསོན་པོ་སློང་གྱི་ཡིན། དེ་ནི་ངའི་ཨ་ཀྱིའི་དགོངས་པ་ཡིན་དིག་ཟིན་གསུངས་པི་དིག
41དེ་ནས་ཡང་ཡེ་ཤུས་ང་ནི་དཀོན་མཆོག་གི་ཞིང་ཁམས་ནས་བབ་འོངས་པི་སྒོར་ཕྱེ་དེ་ཡིན་ཟིན་གསུངས་ཕེན། ཡ་ཧུ་དཱ་པ་ཀྱ་ཀྱིས་ཁོང་ལེ་མི་འདོད་པའི་ལབ་གླེང་བགྱིད་དི་མ་ཟད། 42ཁོ་རང་ནི་ཡོ་སེབ་ཀྱི་བི་ས་ཡེ་ཤུ་མ་གས། ཁོའི་ཕ་མ་འུ་ཀྱ་ཀྱིས་ངོ་མི་ཤེས་འོད་དས། ད་ལྟ་ཁོས་ང་ནི་དཀོན་མཆོག་གི་ཞིང་ཁམས་ནས་བབ་འོངས་པི་ཡིན་ཟིན་ཅི་ལེ་ཟེར་རི་ཡིན་གོ་ཟིན་འོད་དིག 43དེ་ནས་ཡེ་ཤུས་མི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱི་ནང་ལེ་མི་འདོད་པའི་ལབ་གླེང་མ་ཤོད། 44ང་རྫོང་མཁན་ངའི་ཨ་ཀྱིས་མ་དྲངས་པི་ཡིན་ནི། མི་སུ་ཟང་ངའི་རྩ་ལེ་འོང་མི་སྲིད། ཡང་ངས་དུས་ཀྱི་མཐའ་མའི་ཉིན་མོ་ལེ་མི་དེ་གཤིན་པོའི་ཁྲོད་ནས་གསོན་པོ་སློང་གྱི་ཡིན། 45ལུང་སྟོན་པའི་མདོ་ནང་ལེ། དཀོན་མཆོག་གིས་ཁོང་ཡེ་རེ་ལེ་ཆོས་གསུང་གནང་བར་མཛད་ཟིན་བྲིས་འོད་དིག ཡང་ཨ་ཀྱིའི་བཀའ་གསུང་ལེ་མཉན་ཏེ་ཁོང་ནས་སྦྱངས་པའི་མི་ཡེ་རེ་ངའི་རྩ་ལེ་འོང་གྱི་དིག་ཟིན་བྲིས་འོད་དིག#6.45 ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 54 ཨང་ 13 ནང་ལེ་གཟིགས་རོགས། 46མི་སུས་ཟང་ངའི་ཨ་ཀྱི་མཐོང་མྱོང་མེད་ཕེན། དཀོན་མཆོག་གི་དྲུང་ནས་འོང་མཁན་དེས་པ་རྐྱང་ཨ་ཀྱི་མཐོང་མྱོང་འོད་དིག 47-48ང་ནི་ཚེ་སྲོག་གི་སྒོར་ཕྱེ་ཡིན། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ང་ལེ་དད་པ་བགྱིད་མཁན་མི་དེ་ལེ་དུས་མཐའ་མེད་པའི་ཚེ་སྲོག་འོད་དིག 49ཁྱེད་ཀྱ་ཀྱི་མེས་མེས་ཀྱ་ཀྱིས་མི་མེད་ལུང་སྟོང་ལེ་སྡོད་རྒྱ། མཱན་ནཱ་ཟེར་རི་ཁ་ཟས་དེ་བཟས་པི་ཡིན་ནའང་ཤི་པི་དིག 50ཡིན་ནའང་། དཀོན་མཆོག་གི་ཞིང་ཁམས་ནས་བབ་འོངས་པི་སྒོར་ཕྱེ་དེ་མི་སུ་ཞིག་གིས་བཟས་པི་ཡིན་ནི། མི་དེ་ཤི་མི་སྲིད། 51ང་ནི་ཞིང་ཁམས་ནས་བབ་འོངས་པི་མཐའ་མེད་པའི་ཚེ་སྲོག་གི་སྒོར་ཕྱེ་དེ་ཡིན། མི་སུ་ཞིག་གིས་སྒོར་ཕྱེ་དེ་ནས་བཟས་པི་ཡིན་ནི། དུས་གཏན་དུ་གསོན་པོ་གནས་ཐུབ་པི་དིང་། ཡང་འཇིག་རྟེན་མི་ཀུན་གསོན་པར་བཟོ་རྒྱུ་ཆེད་དུ། ངས་སྟེར་རྒྱུ་ཡིན་དི་སྒོར་ཕྱེ་དེ་ནི། ངའི་ཤ་ཡིན་ཟིན་གསུངས་པི་དིག 52འོ་ལེ་དེ་བརྟེན་ཏེ། ཡ་ཧུ་དཱ་པ་ཀྱ་གཅིག་གིས་གཅིག་ལེ་རྩོད་གླེང་བྱས་ཏེ། མི་འདིས་རང་གི་ཤ་དེ་འུ་ཀྱ་ཀྱི་ཁ་ཟས་ལེ་སྟེར་སྲིད་ལོད་མེད་ཟིན་འོད་དིག 53དེ་ནས་ཡེ་ཤུས་མི་དེ་ཀྱ་ལེ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། གལ་སྲིད་ཁྱེད་ཀྱ་ཀྱིས་མིའི་རིགས་ཀྱི་བི་སའི་ཤ་དེ་མ་བཟས་པི་དིང་། ཡང་ཁྲག་དེ་ཟང་མ་བཏུངས་པི་ཡིན་ནི། ཁྱེད་ཀྱ་ཀྱི་ནང་ལེ་མཐའ་མེད་པའི་ཚེ་སྲོག་དེ་མེད་དིག 54ངའི་ཤ་བཟའ་མཁན་དིང་། ངའི་ཁྲག་འཐུང་མཁན་ལེ་མཐའ་མེད་པའི་ཚེ་སྲོག་འོད་ཕེན། དུས་ཀྱི་མཐའ་མའི་ཉིན་མོ་ལེ་ངས་དེ་ཀྱ་གཤིན་པོའི་ཁྲོད་ནས་གསོན་པོ་སློང་གྱི་ཡིན། 55ངའི་ཤ་ནི་ཕུན་སུམ་ཚོགས་པའི་ཁ་ཟས་ཡིན་དི་མ་ཟད། ངའི་ཁྲག་ཟང་ཕུན་སུམ་ཚོགས་པའི་འཐུང་ཆུ་ཡིན་དིག#6.55 གེ་རིག་ཟེར་ལུགས་ནང་ལེ་ངའི་ཤ་ནི་ཕུན་སུམ་ཚོགས་པོ་དིང་། ངའི་ཁྲག་ནི་ཕུན་སུམ་ཚོགས་པོའི་འཐུང་ཆུ་ཡིན་ཟིན་མ་བྲིས་འོད་དིག ངའི་ཤ་ནི་བདེན་པའི་ཟ་མ་དིང་། ངའི་ཁྲག་ནི་བདེན་པའི་འཐུང་ཆུ་ཡིན་ཟིན་བྲིས་འོད་དིག 56ངའི་ཤ་དིང་ཁྲག་འཐུང་མཁན་ཀྱ་ང་དིང་སྐྱེན་ལེ་དུས་རྒྱུན་དུ་གནས་འོད་དི་མ་ཟད། ང་ཟང་ཁོང་ཀྱ་དིང་སྐྱེན་ལེ་གནས་འོད། 57དུས་གཏན་དུ་གསོན་པོ་ཡིན་མཁན་ཨ་ཀྱིས་ང་བརྫངས་གནང་ཕེན། ང་ཨ་ཀྱི་ལེ་བརྟེན་ཏེ་གསོན་པོ་གནས་པི་ཅོག་འདྲ། ང་ཟ་མཁན་དེ་ཟང་ང་ལེ་བརྟེན་ཏེ་གསོན་ཐུབ་ཀྱི་དིག 58འདི་ནི་དཀོན་མཆོག་གི་ཞིང་ཁམས་ནས་བབ་འོངས་པི་སྒོར་ཕྱེ་ཡིན་དིག སྒོར་ཕྱེ་འདི་ནི་ཁྱེད་ཀྱ་ཀྱི་མེས་མེས་ཀྱ་ཀྱིས་བཟས་པའི་སྒོར་ཕྱེ་དིང་ཅོག་འདྲ་མ་དིག མེས་མེས་ཀྱ་ཀྱིས་སྒོར་ཕྱེ་འདི་བཟའ་ནའང་ཁོང་ཀྱ་ཤི་པི་དིག ཡིན་ནའང་། སྒོར་ཕྱེ་འདི་ཟ་མཁན་ཀྱ་ནི་དུས་གཏན་དུ་གསོན་པོ་གནས་ཀྱི་དིག་ཟིན་གསུངས་པི་དིག 59ཁོང་གིས་དོན་འདི་ཀྱ་ནི་ཀ་ཕར་ན་ཧུམ་ཡུལ་ལེ་འོད་ཡོད་ཡ་ཧུ་དཱ་པའི་ཚོགས་ཁང་གི་ནང་ལེ་ཆོས་གསུང་གནང་རྒྱ་གསུངས་པི་དིག
རྗེས་འབྲང་པ་མང་པོ་ཞིག་གིས་ཡེ་ཤུ་ལེ་རྒྱབ་ལོག་བྱས་པ།
60ཁོང་གི་རྗེས་ལེ་འབྲང་མཁན་ཀྱ་ཀྱི་ནང་ནས་མི་མང་པོས་གསུང་དེ་ཐོས་པི་མ་ཟད། གསུང་དེ་དཀའ་ལས་ཁག་པོ་ཡིན་ཕེན། མི་དེ་ཀྱ་ཀྱིས་གསུང་འདི་ལེ་མི་སུ་ཞིག་གིས་ཁས་ལེན་བགྱིད་ཐུབ་རྒྱུ་སྨྲས་པི་དིག 61ཡིན་ནའང་། ཡེ་ཤུས་རང་གི་རྗེས་ལེ་འབྲང་མཁན་ཀྱ་ཀྱིས་བསམ་པ་མི་འདོད་པའི་ལབ་གླེང་བགྱིད་དེ་མཁྱེན་ཕེན། ངས་བཤད་པའི་གཏམ་འདིས་ཁྱེད་ཀྱ་ཀྱི་དད་པ་ཉམས་ཏུ་འཇུག་གི་གས། 62ཁྱེད་ཀྱ་ཀྱིས་མིའི་རིགས་ཀྱི་བི་ས་ནི་སྔར་སྡོད་སའི་གནས་ལེ་ལོག་འགྲོ་བ་མཐོང་པི་ཡིན་ནི་ཅི་བསམ་འོང་། 63མི་ཀྱ་ལེ་ཚེ་སྲོག་གནང་མཁན་ནི། དཀོན་མཆོག་གི་ཐུགས་ཉིད་ཡིན་ཕེན། མི་ཀྱ་ཀྱི་འབད་བརྩོན་བྱས་པི་དེ་ལེ་ཕན་ཐོགས་མེད་དིག ངས་ཁྱེད་ཀྱ་ལེ་བཤད་པའི་བཀའ་དེ་ནི་ཚེ་སྲོག་དིང་ཐུགས་ཉིད་ཡིན་དིག 64ཡིན་ནའང་། ཁྱེད་ཀྱ་ཀྱི་ནང་ནས་ཁ་ཤས་ཀྱིས་ང་ལེ་དད་པ་མི་བགྱིད་འོད་དིག་ཟིན་གསུངས་པི་དིག (ཅི་ལེ་ཟེར་ནི། ཡེ་ཤུས་སྔོན་མ་ནས་དད་པ་མི་བགྱིད་མཁན་ཀྱ་དིང་། ཁོང་རང་དགྲའི་དབང་ལེ་གཏོང་མཁན་མི་དེ་སུ་ཡིན་དི་མཁྱེན་གནང་པི་དིག) 65ཡང་ཁོང་གིས་འོ་དེ་ལེ་བརྟེན་ཏེ། ངའི་ཨ་ཀྱིས་མ་གནང་པི་ཡིན་ནི། མི་སུ་ཟང་ངའི་རྩ་ལེ་འོང་མི་སྲིད་ཟིན་ངས་ཁྱེད་ཀྱ་ལེ་བཤད་ཚར་རི་ཡིན་ཟིན་གསུངས་པི་དིག
66འོ་དེའི་ཆེད་དུ་ཁོང་གི་རྗེས་ལེ་འབྲང་མཁན་ཀྱ་ཀྱི་ནང་ནས་མི་མང་པོ་ཞིག་གིས་ཁོང་ལེ་དད་པ་བགྱིད་རྒྱུ་དེ་གཡུགས་ཏེ། ཁོང་གི་རྗེས་ལེ་མ་འབྲངས་པི་དིག 67འོ་དེ་ལེ་བརྟེན་ཏེ། ཡེ་ཤུས་རང་གི་སློབ་མ་བཅུ་གཉིས་ཀྱ་ལེ། ད་ཁྱེད་ཀྱ་ཟང་ཕ་ལེ་འགྲོ་འདོད་འདུག་གས་ཟིན་སྐད་ཆ་དྲིས་པི་དིག 68དེ་ནས་སི་མོན་པེ་ཏྲོ་ཁོས། ཇོ་བོ། ཉེད་ཀྱ་སུའི་རྩ་ལེ་འགྲོ་རྒྱུ། ཁྱེད་ལེ་དུས་མཐའ་མེད་པའི་ཚེ་སྲོག་གི་བཀའ་འོད་དིག 69ཉེད་ཀྱ་ཀྱིས་ཁྱེད་ལེ་དད་པ་བགྱིད་འོད་དི་མ་ཟད། ཁྱེད་རང་དཀོན་མཆོག་གི་དྲུང་ནས་ཕེབས་འོང་བའི་སྐྱེས་བུ་དམ་པ་དེ་ཡིན་དི་ཟང་ཧ་གོ་བྱུང་ཟིན་ཞུས་པི་དིག 70དེ་ནས་ཡེ་ཤུས་ཁོང་ཀྱ་ལེ། ཁྱེད་བཅུ་གཉིས་ཀྱ་ནི་ངས་བདམས་པི་མ་གས། ཡིན་ནའང་། ཁྱེད་ཀྱ་ཀྱི་ནང་ནས་གཅིག་ནི་བདུད་པོ་ཡིན་དིག་ཟིན་གསུངས་པི་དིག 71ཁོང་གིས་གསུངས་པི་དེ་ནི། སི་མོན་ཨི་སི་ཀར་རེའི་བི་ས་ཡུ་དཱའི་སྐོར་ལེ་ཡིན་དིག མི་དེ་ནི་སློབ་མ་བཅུ་གཉིས་ནང་ནས་གཅིག་ཡིན་ནའང་། རྗེས་ལེ་ཡེ་ཤུ་དགྲའི་དབང་དུ་གཏོང་མཁན་དེ་ཡིན་དིག །

Kuonyesha

Shirikisha

Nakili

None

Je, ungependa vivutio vyako vihifadhiwe kwenye vifaa vyako vyote? Jisajili au ingia