Chapa ya Youversion
Ikoni ya Utafutaji

ཡོ་ཧ་ནན། 7

7
ལེའུ་བདུན་པ།
གུར་གྱི་དུས་ཆེན་གྱི་སྐོར།
1འོ་དེའི་རྗེས་ལེ་ཡེ་ཤུ་ག་ལིལ་ལུང་པའི་ས་ཆ་ག་ས་ལེ་ཕེབས་གནང་པི་དིག ཡིན་ནའང་། ཁོང་རང་ཡ་ཧུ་དཱ་པའི་ལུང་པ་ལེ་ཕེབས་འདོད་མི་གནང་འོད་དིག ཅི་ལེ་ཟེར་ནི། ཡ་ཧུ་དཱ་པའི་དཔོན་རིགས་ཀྱ་ཀྱིས་ཁོང་དགྲོང་རྒྱུ་ཆེད་དུ་གོ་སྐབས་འཚོལ་གྱོ་འོད་དིག 2ཡང་དེ་རྒྱ་ཡ་ཧུ་དཱ་པའི་གུར་གྱི་དུས་ཆེན་དེ་སླེབས་ལྷག་འོད་ཕེན།#7.2 གུར་ཟེར་རི་དུས་ཆེན་གྱི་དོན་ནི། སྔོན་མ་ཡ་ཧུ་དཱ་པའི་མི་ཀྱ་ཨེ་ཇེབ་ལུང་པ་ནས་ཐོན་པའི་རྗེས་ལེ། ཁོང་ཀྱ་མི་མེད་ལུང་སྟོང་གི་ས་ཆ་ཞིག་ལེ་ལོ་བཞི་བཅུ་བར་གུར་ཕུབ་སྟེ་སྡོད་རྒྱ། དཀོན་མཆོག་གིས་ཁོང་ཀྱ་ལེ་གཟི་སྐྱོང་གནང་བའི་སྐོར་ལེ་དྲན་གསོལ་བགྱིད་རྒྱུ་ཆེད་དུ། ཁོང་ཀྱ་ལོ་རེ་རེ་ནང་ལེ་ཡ་ཧུ་དཱ་གནས་ས་ཆེ་ཤོས་ཡེ་རུ་སཱ་གླིང་ལེ་དུས་ཆེན་དེ་བརྩི་ཚུལ་འོད་དིག ཡང་སྲོག་ཐར་རི་དུས་ཆེན་ཟེར་རི་དེ་ནུས་ཏེ་ཟླ་བ་དྲུག་གི་རྗེས་ལེ། གུར་གྱི་དུས་ཆེན་དེ་སླེབས་གྱོ་འོད་དིག 3ཡེ་ཤུའི་སྐུ་མཆེད་ཀྱ་ཀྱིས་ཁོང་ལེ། ད་ཁྱོད་ཀྱི་རྗེས་ལེ་འབྲང་མཁན་ཀྱ་ཀྱིས་ཁྱོད་ཀྱིས་བྱས་པའི་ལས་དེ་ཀྱ་མཐོང་རྒྱུ་ཆེད་དུ། ས་ཆ་འདི་རིང་ཁ་འབྲལ་ཏེ་ཡ་ཧུ་དཱ་ལུང་པ་ལེ་རྒྱུགས་དང་། 4མི་སུ་ཞིག་གིས་རང་སྙན་གྲགས་ཅན་ཞིག་འོང་འདོད་ནི། དོན་ཅི་ཞིག་ཡིན་ནའང་མི་ཀྱ་ཀྱིས་མི་མཐོང་ས་ལེ་མི་བགྱིད་འོད་དིག གལ་སྲིད་ཁྱེད་ཀྱིས་ལས་འདི་ཀྱ་བགྱིད་འདོད་འོད་ནི། འཇིག་རྟེན་ཀུན་གྱིས་མཐོང་ས་ལེ་བགྱིད་དགོས་འོད་དིག་སྨྲས་པི་དིག 5ཅི་ལེ་ཟེར་ནི། ཁོང་གི་སྐུ་མཆེད་ཀྱ་ཀྱིས་ཟང་ཁོང་ལེ་དད་པ་མ་བྱས་པི་དིག 6འོ་དེ་ལེ་བརྟེན་ཏེ། ཡེ་ཤུས་རང་གི་སྐུ་མཆེད་ཀྱ་ལེ། ཁྱེད་ཀྱ་ལེ་དུས་རྒྱུན་དུ་གོ་སྐབས་འོད་ནའང་། ངའི་དུས་དེ་ད་རུང་མ་སླེབས་འདུག 7འཇིག་རྟེན་གྱི་མི་ཀྱ་ཀྱིས་ཁྱེད་ཀྱ་ལེ་དགྲ་སྡང་པོ་བགྱིད་དགོས་པའི་རྒྱུ་མཚན་ཅི་གང་མེད་དིག ཡིན་ནའང་། ངས་མི་ཀྱ་ཀྱིས་ལས་ངན་པ་བྱས་པི་དེ་ལེ་དཔང་པོ་བྱས་ཕེན། ང་ལེ་དགྲ་སྡོང་པོ་བགྱིད་འོད་དིག 8ཁྱེད་ཀྱ་དུས་ཆེན་ལེ་རྒྱུགས་དང་། ངའི་དུས་དེ་ད་རུང་མ་སླེབས་འདུག ང་ནི་དུས་ཆེན་འདི་ལེ་ད་ལྟ་འགྲོ་གྱི་མན་ཟིན་གསུངས་ཏེ། 9ཁོང་རང་སྔོན་མ་ཅོག་འདྲ་ག་ལིལ་ལུང་པ་ལེ་བཞུགས་པི་དིག 10ཡིན་ནའང་། ཁོང་གི་སྐུ་མཆེད་ཀྱ་དུས་ཆེན་དེ་ལེ་བུད་དི་རྗེས་ལེ། ཁོང་རང་ཟང་མངོན་སུམ་དུ་མ་ཕེབས་ཏེ། གསང་བའི་ངང་ནས་དུས་ཆེན་དེ་ལེ་ཕེབས་གནང་པི་དིག 11ཡ་ཧུ་དཱ་པའི་དཔོན་རིགས་ཀྱ་ཀྱིས་དུས་ཆེན་གཏོང་ས་ལེ་ཁོང་བཙལ་ཏེ། ཁོ་ག་ན་འོད་དི་གོ་སྨྲས་པི་དིག 12མི་ཚོགས་ཀྱི་ནང་ནས་ཁོང་གི་སྐོར་ལེ་རྒྱབ་བཤད་རྒྱག་གི་མ་ཟད། ཁ་ཤས་ཀྱིས་ཁོང་མི་བཟང་པོ་ཞིག་ཡིན་དིག་ཟིན་འོད་དི་དིང་། ཡང་ཁ་ཤས་ཀྱིས་འོ་འདི་གི་མ་དིག ཁོ་མི་མང་པོ་ལེ་མགོ་སྐོར་གཏོང་མཁན་ཞིག་ཡིན་དིག་ཟིན་བཟང་ངན་གྱི་ལབ་གླེང་སྣ་ཚོགས་བཤད་དི་དིག 13ཡིན་ནའང་། ཡ་ཧུ་དཱ་པའི་དཔོན་རིགས་ལེ་འཇིགས་ཏེ། མི་སུ་ཞིག་གིས་ཟང་མངོན་སུམ་དུ་ཁོང་གི་སྐོར་ལེ་ལབ་གླེང་བགྱིད་མ་ཕོད་པི་དིག
ཡེ་ཤུས་གུར་གྱི་དུས་ཆེན་ལེ་ཆོས་གསུངས་པ།
14དེ་ནས་དུས་ཆེན་གྱི་དཀྱིལ་མ་ཚོད་ལེ། ཡེ་ཤུས་མཆོད་ཁང་ཆེན་མོའི་སྒོར་རའི་ནང་ལེ་ཕེབས་འོང་སྟེ། ཆོས་གསུང་རྒྱུ་འགོ་བཙུགས་གནང་པི་དིག 15དེ་ནས་ཡ་ཧུ་དཱ་པའི་དཔོན་རིགས་ཀྱ་ཡ་མཚན་སྐྱེས་ཏེ། མི་འདིས་དུས་ནམ་ཟང་ཆོས་བསླབས་མྱོང་མེད་ནའང་། ཅི་གི་བྱས་ཏེ་ཆོས་མཁས་པ་བྱུང་པི་ཡིན་གོ་ཟིན་འོད་དིག 16དེ་ནས་ཡེ་ཤུས་མི་དེ་ཀྱ་ལེ། ངས་བསྟན་པའི་ཆོས་འདི་ནི་ང་རང་གི་བརྒྱུད་བསྟན་པི་མ་དིག ང་རྫོང་མཁན་དཀོན་མཆོག་ནས་བྱུང་པི་དིག 17མི་སུ་ཟང་དཀོན་མཆོག་གི་ཐུགས་དགོངས་ཅོག་འདྲ་སྒྲུབ་འདོད་འོད་ནི། ངའི་བསྟན་པའི་ཆོས་འདི་ནི་དཀོན་མཆོག་ནས་བྱུང་པི་ཡིན་མིན་དིང་། ཡང་ནི་ངས་ང་རང་གི་བརྒྱུད་ནས་བསྟན་པི་ཡིན་མིན་ཧ་གོ་ཐུབ་ཀྱི་དིག 18རང་གི་བརྒྱུད་ནས་གཏམ་བཤད་ནི། དེས་རང་ལེ་སྙན་གྲགས་འཚོལ་གྱོ་འོད་དིག ཡིན་ནའང་། ང་རང་རྫོང་མཁན་གྱི་གཟི་བརྗིད་འཚོལ་མཁན་དེ་ནི། མི་དྲང་བདེན་ཅན་ཞིག་ཡིན་དི་མ་ཟད། ཁོའི་སེམས་ནང་ལེ་གཡོ་ཁྲམ་པ་ཅི་གང་མེད་དིག 19ལུང་སྟོན་པ་མོ་ཤེས་ཁྱེད་ཀྱ་ལེ་ཆོས་ཁྲིམས་གནང་འོད་དི་མ་གས། ཁྱེད་ཀྱ་ཀྱི་ནང་ནས་མི་གཅིག་གིས་ཟང་ཆོས་ཁྲིམས་དེ་མི་སྲུང་འོད་དིག ཁྱེད་ཀྱ་ཀྱིས་ཅི་ལེ་ང་གསོད་རྒྱུ་ལེ་གོ་སྐབས་འཚོལ་ལི་ཡིན་དོ་ཟིན་གསུངས་པི་དིག 20དེ་ནས་མི་ཚོགས་ཀྱིས་ཁོང་ལེ། ཁྱོད་རང་ལེ་གདོན་འདྲེ་ཞིག་ཞུགས་འདུག མི་སུ་ཞིག་གིས་ཁྱོད་ལེ་གསོད་འདོད་བགྱིད་འདུག་གོ་ཟིན་སྨྲས་པི་དིག 21ཡང་ཡེ་ཤུས་མི་ཚོགས་དེ་ཀྱ་ལེ། ངས་ངོ་མཚར་ཆེ་བའི་ལས་ཤིག་བྱས་ཕེན། ཁྱེད་ཡེ་རེ་དེ་ལེ་ཡ་མཚན་སྐྱེས་པི་དིག 22ལུང་སྟོན་པ་མོ་ཤེས་ཁྱེད་ཀྱ་ལེ་དཀོན་མཆོག་གིས་གནང་བའི་ཞལ་ཆད་དེ་སྲུང་བོའི་རྟགས་རྒྱག་རྒྱུ་ཆོས་ཁྲིམས་གནང་འོད་ཕེན། ངལ་གསོ་བའི་ཉིན་མ་ལེ་ཟང་ཁྱེད་ཀྱ་ཀྱིས་རང་གི་བི་ས་ལེ་རྟགས་རྒྱག་རྒྱུ་ལུགས་སྲོལ་དེ་བསྲུངས་པི་དིག ཡིན་ནའང་། དོན་ངོ་ཐོག་བྱས་ནི། ལུགས་སྲོལ་དེ་ནི་མོ་ཤེ་ཁོང་རང་ནས་བྱུང་པི་མ་དིག མེས་མེས་ཀྱ་ཀྱི་དུས་ནས་བྱུང་པི་ཡིན་དིག#7.22 རྟགས་འདི་ནི་ཕོ་མཚན་གྱི་རྩེ་ལྤགས་གཅོད་རྒྱུ་དེ་ཡིན་དིག 23ད་མོ་ཤེའི་ཆོས་ཁྲིམས་དིང་མི་འགལ་བའི་ཆེད་དུ། ངལ་གསོ་བའི་ཉིན་མ་ལེ། མི་ཞིག་ལེ་དཀོན་མཆོག་གིས་གནང་བའི་ཞལ་ཆད་དེ་སྲུང་བའི་རྟགས་དེ་ལེན་ནི། ངས་ངལ་གསོ་བའི་ཉིན་མ་ལེ། མི་ཞིག་གི་ན་ཚ་ཡེ་རེ་དྲག་ཏུ་བཅུག་པི་དེ་ལེ་ཁྱེད་ཀྱ་ང་ལེ་ཁྲོས་པི་ཡིན་དས། 24མིའི་ངོ་ལེ་བལྟས་ཏེ་ཁྲིམས་གཅོད་མ་བགྱིད། དྲང་བདེན་ལེ་བལྟས་ཏེ་ཁྲིམས་གཅོད་བགྱིད་དགོས་འོད་དིག་ཟིན་གསུངས་པི་དིག
ཡེ་ཤུ་ནི་སྐྱབས་མགོན་ཡིན་མིན་གྱི་སྐོར།
25དེ་རྒྱ་ཡེ་རུ་ས་གླིང་གི་མི་ཁ་ཤས་ཀྱ་ཀྱིས། མི་འདི་ནི་དཔོན་རིགས་ཀྱ་ཀྱིས་གསོད་རྒྱུ་ཐབས་ཤེས་བགྱིད་ས་དེ་མ་གས། 26ད་ལྟོས་དང་། ཁོང་གིས་མངོན་གསལ་ངང་ནས་ཆོས་གསུངས་ནའང་། མི་དེ་ཀྱ་ཀྱིས་ཁོ་ལེ་ཅི་གང་མི་ཟེར་རི་ཅི་ཡིན་ནེ། དཔོན་རིགས་ཀྱ་ཀྱིས་མི་འདི་ངོ་ཐོག་སྐྱབས་མགོན་ཡིན་དི་ཧ་གོ་པི་གས་ཟིན་འོད་དིག 27ཉེད་ཀྱ་ཀྱིས་མི་འདི་ག་ན་ནས་བྱུང་པི་ཡིན་དི་ཧ་མི་གོ་འོད། ཡིན་ནའང་། སྐྱབས་མགོན་ཕེབས་གནང་བའི་དུས་དིང་། ཁོང་ག་ནས་ཕེབས་པའི་སྐོར་མི་སུ་ཞིག་གིས་ཟང་མི་ཤེས་འོད་དིག་སྨྲས་པི་དིག 28མཆོད་ཁང་ཆེན་མོ་ནང་ལེ་ཡེ་ཤུས་ཆོས་གསུངས་གནང་རྒྱ། ཁོང་གིས་གསུངས་སྐད་ཆེན་པོས་ངང་ནས། ཁྱེད་ཀྱ་ཀྱིས་ང་སུ་ཡིན་མིན་དིང་གང་ནས་བྱུང་པི་ཡིན་དི་ཟང་མི་ཤེས་འོད་དིག ངས་ང་རང་ལེ་བརྟེན་ཏེ་འོངས་པི་མན། ང་རྫོང་མཁན་དཀོན་མཆོག་ཁོང་རང་ནི་བདེན་པ་ཡིན་དིག ཡང་ཁྱེད་ཀྱ་ཀྱིས་ཁོང་ངོ་མི་ཤེས་འོད་དིག 29ངས་ཁོང་ངོ་ཤེས་གྱོ་འོད། ཅི་ལེ་ཟེར་ནི། ང་ཁོང་ནས་འོངས་པི་ཡིན། ཁོང་གིས་ང་འདི་རུ་བརྫངས་པི་དིག་ཟིན་གསུངས་པི་དིག 30དེ་ནས་ཡ་ཧུ་དཱ་པ་དེ་ཀྱ་ཀྱིས་ཡེ་ཤུ་འཛིན་བཟུང་བགྱིད་རྒྱུ་ལེ་ཇུས་བྱས་ནའང་། ཁོང་གི་དུས་ཚོད་དེ་ནི་ད་རུང་མ་སླེབས་འོད་ཕེན། མི་སུ་ཞིག་གིས་ཟང་ཁོང་ལེ་ལག་ག་མ་འཇུས་པི་དིག 31ཡིན་ནའང་། མི་ཚོགས་ཀྱི་ནང་ནས་མི་མང་པོ་ཞིག་གིས་ཡེ་ཤུ་ལེ་དད་པ་བྱས་པི་དིག ཡང་མི་དེ་ཀྱ་ཀྱིས་སྐྱབས་མགོན་ཕེབས་འོང་རྒྱ། མི་འདིས་བསྟན་པའི་རྟགས་ཀྱ་ལས་ལྷག་ཚོ་རྟགས་སྟོན་སྲིད་གྱོ་འོད་དི་གས་ཟིན་འོད་དིག
32དེ་ནས་ཕཱ་རུ་ཤི་པ་ཀྱ་ཀྱིས་མི་ཚོགས་ཀྱིས་ཁོང་གི་སྐོར་ལེ་གཏམ་སྣང་ཚོགས་བགྱིད་འོད་དི་ཐོས་ཏེ། ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། ཕཱ་རུ་ཤི་པ་ཀྱ་ཀྱིས་ཡེ་ཤུ་འཛིན་བཟུང་བགྱིད་རྒྱུ་ཆེད་དུ། མཆོད་ཁང་གི་སྲུང་དམག་ཀྱ་བརྫངས་པི་དིག 33དེ་ནས་ཡེ་ཤུས་ང་ཁྱེད་ཀྱ་ཀྱི་སྐྱེན་ལེ་དུས་ཐུང་མ་ཞིག་མ་གཏོགས་སྡོད་ལོང་མེད། དེའི་རྗེས་ལེ་ང་ནི་ང་རང་རྫོང་མཁན་ཁོང་གི་དྲུང་དུ་ལོག་འགྲོ་དགོས་འོད། 34དུས་དེ་རྒྱ་ཁྱེད་ཀྱ་ཀྱིས་ང་བཙལ་ནའང་རྙེད་ཀྱི་མ་དིག ང་ག་ན་ལེ་འོད་ས་དེ་རུ་ཁྱེད་ཀྱ་འོང་ཐུབ་ཀྱི་མ་དིག་ཟིན་གསུངས་པི་དིག 35དེ་ནས་ཡ་ཧུ་དཱ་པའི་དཔོན་རིགས་ཀྱ་ཀྱིས་ཕན་ཚུན་བར་ལེ། མི་འདི་འུ་ཀྱ་ཀྱིས་རྙེད་མི་ཐུབ་པའི་ས་ཆ་ག་ན་ཞིག་ལེ་འགྲོ་རྩི་ཡིན་ནེ། ཁོ་རང་ཕྱི་རྒྱལ་ལེ་ཕྱིན་ཏེ། ཕྱིའི་མི་ཀྱ་ལེ་ཆོས་གསུང་དུ་འགྲོ་བ་ཡིན་དི་མན་ནེ།#7.35 ཕྱིའི་མི་ཟེར་ནི། གེ་རིག་གི་མི་རིགས་ཡིན་དི་མ་ཟད། གེ་རིག་གི་མི་རིགས་མན་ནའང་། གེ་རིག་གི་སྐད་རྒྱག་མཁན་དིང་། གེ་རིག་གི་ལུགས་སྲོལ་སྲུང་མཁན་ཀྱ་ལེ་ཟང་ཟེར་རི་ཡིན་དིག 36ཁྱེད་ཀྱ་ཀྱིས་ང་རང་བཙལ་ནའང་རྙེད་མི་ཐུབ། ཡང་ང་ག་ན་འོད་ས་དེ་ལེ་ཁྱེད་ཀྱ་ཟང་འོང་མི་ཐུབ་ཟེར་རི་དོན་དག་དེ་ཅི་ཡིན་ནེ་ཟིན་འོད་དིག
ཚེ་སྲོག་གི་ཆུ་དིང་བདེན་པའི་གཙང་པོའི་སྐོར།
37དེ་ནས་གུར་གྱི་དུས་ཆེན་མཐའ་མའི་ཉིན་མ་གལ་ཆེ་ཤོས་དེ་ལེ། ཡེ་ཤུ་ཡར་བཞེངས་ཏེ་གསུང་སྐད་ཆེན་པོས་ངང་ནས། མི་སུ་སྐོམ་གྱོ་འོད་ནི། ངའི་མདུན་དུ་ཤོག་འཐུང་ཞིག 38མི་སུ་ཞིག་གིས་ང་ལེ་དད་པ་བྱས་འོད་ནི། དཀོན་མཆོག་གི་གསུང་རབ་ནང་ལེ། མི་དེའི་སྐོར་ལེ་གསུངས་པི་ཅོག་འདྲ། མི་དེའི་ནང་ལེ་ཚེ་སྲོག་གི་ཆུ་འོད་ཡོད་ཞིག་བྱུང་སྟེ། གཙང་ཆུ་རྒྱུག་འོང་གི་ཅོག་འདྲ་རྒྱུག་འོང་གྱི་དིག་ཟིན་གསུངས་པི་དིག 39དོན་དེ་ནི་ཡེ་ཤུ་ལེ་དད་པ་བགྱིད་མཁན་ཀྱ་དམ་པའི་ཐུགས་ཉིད་འཐོབ་རྒྱུ་དེ་ཡིན་དིག ཡིན་ནའང་། ཡེ་ཤུ་ལེ་གཟི་བརྗིད་མ་མངོན་འོད་དི་དིང་། དམ་པའི་ཐུགས་ཉིད་ད་རུང་གནང་མེད་དི་ཆེད་དུ་ཡིན་དིག 40ཁོང་གིས་གསུངས་པི་དེ་ཐོས་མཁན་མི་ཚོགས་ཀྱི་ནང་ནས་ལ་ལས། མི་འདི་ནི་ལུང་སྟོན་པ་ཟེར་མཁན་དེ་ངོ་ཐོག་ཡིན་ཤག་ཟིན་འོད་དི་དིང་། 41ཡང་མི་ལ་ལས་ཁོང་ནི་སྐྱབས་མགོན་ཡིན་དིག་ཟིན་འོད་དིག ཡིན་ནའང་། མི་ལ་ལས་ག་ལིལ་ལུང་པ་ནས་སྐྱབས་མགོན་ཞིག་འབྱུང་སྲིད་གྱོ་འོད་གས་ཟིན་འོད་དིག 42གསུང་རབ་ཀྱི་ནང་ལེ་སྐྱབས་མགོན་དེ་ནི། རྒྱལ་པོ་དཱ་བིད་ཀྱི་རིགས་རྒྱུད་དིང་། དཱ་བིད་ཀྱི་ཕ་ཡུལ་བེད་ལེ་ཧེམ་ནས་འབྱུང་འོང་ཟིན་གསུངས་འོད་དི་མ་གས་སྨྲས་པི་དིག 43འོ་དེ་ལེ་བརྟེན་ཏེ། མི་ཚོགས་ཀྱི་ནང་ནས་ཁོང་གི་སྐོར་ལེ་ལྟ་བ་མི་མཐུན་པའི་གནས་ཚུལ་ཞིག་བྱུང་པི་དིག 44མི་ཚོགས་ཀྱི་ནང་ནས་མི་ཁ་ཤས་ཀྱིས་ཡེ་ཤུ་ལེ་འཛིན་བཟུང་བགྱིད་འདོད་བྱས་ནའང་། མི་སུ་ཞིག་གིས་ཟང་ཁོང་ལེ་ལག་ག་འཇུས་མ་ཕོད་པི་དིག
ཡ་ཧུ་དཱ་པའི་དཔོན་རིགས་ཀྱིས་ཡེ་ཤུ་ལེ་དད་པ་མ་བྱས་པ།
45དེ་ནས་མཆོད་ཁང་གི་སྲུང་དམག་ཀྱ་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། ཕཱ་རུ་ཤི་པ་ཀྱ་ཀྱི་དྲུང་དུ་ཚུར་ལོག་འོངས་ཕེན། མཆོད་པ་འབུལ་མཁན་དེ་ཀྱ་ཀྱིས་མི་ཀྱ་ལེ། མི་དེ་ཅི་ལེ་ཁྲིད་མི་འོང་གི་ཡིན་དོ་ཟིན་དྲིས་པི་དིག 46དེ་ནས་སྲུང་དམག་ཀྱ་ཀྱིས་མི་དེས་ཆོས་གསུངས་པའི་ཅོག་འདྲ་མི་སུ་ཞིག་གིས་ཟང་ཆོས་གསུངས་མྱོང་མེད་དིག་སྨྲས་ཕེན། 47ཕཱ་རུ་ཤི་པ་ཀྱ་ཀྱིས་མི་དེས་ཁྱེད་ཀྱ་ལེ་ཟང་མགོ་སྐོར་བཏང་བྱུང་གས། 48མི་དེ་ལེ། འགོ་ཁྲིད་ཀྱ་དིང་། ཕཱ་རུ་ཤི་པ་ནང་ནས་མི་སུ་ཞིག་གིས་དད་པ་བྱས་འོད་དི་གོ། 49ཡིན་ནའང་། ཆོས་ཁྲིམས་མི་ཤེས་པའི་མི་ཚོགས་དེ་ཀྱ་ནི། དམོད་མོ་ཕོག་པི་དིག་སྨྲས་པི་དིག 50-51དེ་སྔོན་ཡེ་ཤུ་མཇལ་མྱོང་འོད་ཡོད་ཕཱ་རུ་ཤི་པའི་ཕྱོགས་ཁག་ནང་ནས་ཡིན་དི་མིའི་མིང་ལེ་ནཱི་ཀོ་དེམ་ཟེར་མཁན་ཁོས་མི་དེ་ཀྱ་ལེ། འུ་ཀྱ་ཀྱིས་ཁྲིམས་ལུགས་ཅོག་འདྲ་མི་ཞིག་གིས་ལས་ཅི་བྱས་འོད་མེད་ཧ་མ་གོ་སྟེ། མི་དེ་ལེ་ཁྲིམས་གཅོད་བགྱིད་ཆོག་གྱོ་འོད་དི་གས་ཟིན་དྲིས་པི་དིག 52དེ་ནས་མི་དེ་ཀྱ་ཀྱིས་ཁོ་ལེ། ཁྱོད་རང་ཟང་ག་ལིལ་པ་ཞིག་ཡིན་དས། གསུང་རབ་ནང་ལེ་འཚོལ་ཞིབ་དགའ་མོ་གྱིས་ཤིག ག་ལིལ་ལུང་པ་ནས་ལུང་སྟོན་པ་འབྱུང་མི་སྲིད་ཟིན་འོད་དིག་སྨྲས་པི་དིག 53དེ་ནས་མི་དེ་ཀྱ་རང་སོ་སོའི་ཁྱིམ་ལེ་ལོག་བུད་དི་དིག །#7.53 ཡོ་ཧ་ནན་གྱིས་བྲིས་པའི་གཏམ་བཟང་གི་བཤུས་ཡིག་སྔ་ཤོས་དེའི་ནང་ལེ་ཨང་ 53 དིང་། ཡང་ལེའུ་ 8 ཨང་ 11 འདི་བྲིས་མེད་དིག

Kuonyesha

Shirikisha

Nakili

None

Je, ungependa vivutio vyako vihifadhiwe kwenye vifaa vyako vyote? Jisajili au ingia