Chapa ya Youversion
Ikoni ya Utafutaji

ཡོ་ཧ་ནན། 4

4
ལེའུ་བཞི་པ།
ཡེ་ཤུ་དིང་སཱ་མར་ཡཱ་ཡུལ་གྱི་བུ་མའ་ཞིག་གི་སྐོར།
1དེའི་རྗེས་ལེ་ཡེ་ཤུས་སློབ་མ་བསྐོས་ཏེ། ཁྲུས་གསོལ་ལེན་དུ་འགྲོ་མཁན་ཀྱ་ནི། ཡོ་ཧ་ནན་གྱི་དྲུང་དུ་ཁྲུས་གསོལ་ལེན་དུ་འགྲོ་མཁན་ཀྱ་ལས་ཟང་མང་ང་འོད་དི་སྐད་ཆ་དེ་ནི། ཕཱ་རུ་ཤི་བའི་ཕྱོགས་ཁག་གིས་ཐོས་པི་དེ་ཡེ་ཤུས་ཧ་གོ་པི་དིག 2ཡིན་ནའང་། དོན་ངོ་ཐོག་བྱས་ནི། ཡེ་ཤུས་མི་ཀྱ་ལེ་ཁྲུས་གསོལ་མ་བྱས་པི་དིག ཁོང་གི་སློབ་མ་ཀྱ་ཀྱིས་མི་ཀྱ་ལེ་ཁྲུས་གསོལ་བྱས་པི་དིག 3དེའི་རྗེས་ལེ། ཡེ་ཤུ་ཁོང་རང་ཡ་ཧུ་དཱ་ལུང་པ་དིང་ཁ་བྲལ་ཏེ་ཚུར་ག་ལིལ་ལུང་པ་ལེ་རང་འཇགས་ཕེབས་པི་དིག 4དེ་རྒྱ་ཁོང་རང་སཱ་མར་ཡཱ་ལུང་པའི་བརྒྱུད་ནས་ཕེབས་དགོས་འོད་ཕེན། 5ཁོང་རང་སཱ་མར་ཡཱ་ལུང་པའི་རྒྱལ་ས་སི་གར་ཟེར་རི་དེ་རུ་སླེབས་པི་དིག རྒྱལ་ས་དེ་སྔོན་མ་ཡ་ཧུ་དཱ་པའི་མེས་མེས་ཡ་ཀོབ་ཀྱིས་རང་གི་བི་ས་ཡོ་སེབ་ལེ་བྱིན་དི་ས་ཆ་དེ་རིང་ཉེ་མོ་འོད་དིག 6ས་ཆ་དེ་རུ་མེས་མེས་ཡ་ཀོབ་ཀྱིས་བཟོས་པའི་ཁྲོན་པ་ཞིག་ཟང་འོད་དིག ཡང་ཡེ་ཤུ་སྐུ་ཐང་ཆད་དེ་ཁྲོན་པ་དེའི་རྩ་ལེ་མར་བཞུགས་ཏེ་ངལ་གསོ་བརྒྱབ་པི་མ་ཟད། ཡང་དུས་ཚོད་དེ་ནི་ཉིན་གུང་ཚོད་ཡིན་དིག 7-8དེ་རྒྱ་ཁོང་གི་སློབ་མ་ཀྱ་རྒྱལ་ས་དེའི་ནང་ལེ་ཟ་མ་ཉོ་རུ་བུད་དི་དིག དེ་ནས་སཱ་མར་ཡཱའི་བུ་མའ་ཞིག་ཁྲོན་པ་ལེ་ཆུ་ལེན་དུ་འོང་ཕེན། ཡེ་ཤུས་བུ་མའ་དེ་ལེ། ང་ལེ་འཐུང་ཆུང་གཏི་གཏི་ཞིག་སྦྱིན་དང་ཟིན་གསུངས་པི་དིག 9དེ་ནས་བུ་མའ་མོས་ཁོང་ལེ། ཁྱེད་ནི་ཡ་ཧུ་དཱ་པ་ཞིག་ཡིན་དིག སཱ་མར་ཡཱའི་བུ་མའ་ང་འདྲ་པོ་ཞིག་ལེ་ཆུ་སློང་གི་ཡིན་དས་ཟིན་ཞུས་པི་དིག ཅི་ལེ་ཟེར་ནི། ཡ་ཧུ་དཱ་པའི་མི་རིགས་ཀྱ་ཀྱིས་སཱ་མར་ཡཱའི་མི་ཀྱ་ལེ་འབྲེལ་བ་མི་བགྱིད་འོད་དིག 10དེ་ནས་ཡེ་ཤུས་བུ་མའ་མོ་ལེ། གལ་སྲིད་ཁྱོད་ཀྱིས་དཀོན་མཆོག་གི་ཅི་གནང་རྒྱུ་ཡིན་དི་དིང་། ཁྱོད་ལེ་ཆུ་སྟེར་རོགས་ཟེར་མཁན་དེ་སུ་ཡིན་དི་ཧ་གོ་ནི། ཁྱོད་ཀྱིས་ཁོང་ལེ་ཞུ་བ་འབུལ་ལི་མ་ཟད། ཁོང་གིས་ཟང་སྔོན་མ་ནས་ཁྱོད་ལེ་ཚེ་སྲོག་གི་ཆུ་དེ་སྟེར་གྱི་དིག་ཟིན་གསུངས་པི་དིག 11དེ་ནས་བུ་མའ་མོས་ཁོང་ལེ། རྒན། ཁྲོན་པ་འདི་ནི་གཏིང་རིང་པོ་འོད་དི་མ་ཟད། ཁྱེད་ལེ་ཆུ་ལེན་རྒྱུ་སྣོད་ཅི་གང་མི་འདུག ཚེ་སྲོག་གི་ཆུ་དེ་ཅི་གི་བྱས་ཏེ་ལེན་གྱི་དོ། 12ཉེད་ཀྱ་ཀྱི་མེས་མེས་ཡ་ཀོབ་ཀྱིས་ཁྲོན་པ་འདི་ཉེད་ལེ་གནང་ཕེན། ཁོང་དིང་ཁོང་གི་བི་ས་ཀྱ་དིང་། དུད་འགྲོ་སེམས་ཅན་ཡེ་རེ་ཟང་ཁྲོན་པ་འདི་ནས་ཆུ་འཐུང་གྱོ་འོད་དིག ཡིན་ནའང་། ཁྱེད་རང་ཡ་ཀོབ་ལས་ཟང་ལྷག་ཚོད་མི་ཆེ་བ་ཞིག་ཡིན་དས་ཟིན་དྲིས་པི་དིག 13དེ་ནས་ཡེ་ཤུས་མོ་ལེ། ཆུ་འདི་ནས་འཐུང་མཁན་མི་སུ་ཞིག་ཡིན་ནའང་། ཡང་དང་སྐོམ་གྱི་དིག 14ཡིན་ནའང་། མི་སུ་ཞིག་གིས་ངས་བྱིན་དི་ཆུ་འདི་འཐུང་ནི། དུས་ནམ་ཡིན་ནའང་ཁ་སྐོམ་གྱི་མ་དིག ངས་བྱིན་དི་ཆུ་འདི་མིའི་སེམས་ནང་ལེ་ཆུ་མིག་ཅོག་འདྲ་བྱུང་སྟེ། མཐའ་མེད་པའི་ཚེ་སྲོག་འཐོབ་ཀྱི་དིག་ཟིན་གསུངས་པི་དིག 15དེ་ནས་བུ་མའ་མོས་ཁོང་ལེ། རྒན། ཆུ་དེ་ང་ལེ་སྟེར་རོགས། ངས་ཆུ་དེ་འཐུངས་པི་ཡིན་ནི་ང་རང་ཡང་ཁ་སྐོམ་གྱི་མ་དིག ཡང་དང་ཆུ་ལེན་དུ་འགྲོ་དགོས་ཟང་འོང་གྱི་མ་དིག་ཟིན་ཞུས་པི་དིག 16དེ་ནས་ཡེ་ཤུས་མོ་ལེ། ད་ཁྱོད་རང་རྒྱུགས་རང་གི་ཁྱོ་ག་འདི་རུ་ཁྲིད་ལེད་ཟིན་གསུངས་ཕེན། 17མོས་ང་ལེ་ཁྱོ་ག་མེད་ཞུས་པི་དིག ཡང་ཡེ་ཤུས་མོ་ལེ། ཁྱོད་ལེ་ཁྱོ་ག་མེད་ཟེར་རི་དེ་བདེན་པ་ཡིན་དིག 18དེ་སྔོན་ཁྱོད་ལེ་ཁྱོ་ག་ལྔ་འོད་དིག ད་ལྟ་ཁྱོད་ཀྱི་སྐྱེན་ལེ་འོད་ཡོད་ཁྱོ་ག་དེ་ཟང་ཁྱོད་ཀྱི་མ་དིག ཁྱོད་ཀྱིས་ལབ་བདེན་པ་སྨྲས་བྱུང་ཟིན་གསུངས་པི་དིག 19ཡང་མོས་ཁོང་ལེ། རྒན། ཁྱེད་རང་ནི་ལུང་སྟོན་པ་ངོ་ཐོག་ཞིག་ཡིན་དི་ངས་ཧ་གོ་བྱུང་། 20ཉེད་ཀྱ་ཀྱི་མེས་མེས་ཀྱིས་དེའུ་འདིའི་ལྟག་ག་ལེ་དཀོན་མཆོག་ལེ་བསྙེན་བཀུར་བྱས་པི་དིག#4.20 ཡ་ཀོབ་ཀྱིས་བཟོས་པའི་ཁྲོན་པ་དེ་ནི་དེའུ་འདིའི་རྩ་ལེ་འོད་དི་མ་ཟད། ཡང་ཁྲོན་པ་དེ་ནི་ཡུལ་ཁྲོད་ཀྱི་ཕྱི་ལེ་འོད་དིག ཡིན་ནའང་། ཁྱེད་ཡ་ཧུ་དཱ་པ་ཀྱ་ཀྱིས་དཀོན་མཆོག་ལེ་བསྙེན་བཀུར་བགྱིད་དགོས་འོད་དིག་ཟེར་རི་གནས་ས་དེ་ནི། ཡེ་རུ་ས་གླིང་རྒྱལ་ས་དེ་ཡིན་དིག་ཟིན་ཞུས་པི་དིག 21དེ་ནས་ཡེ་ཤུས་མོ་ལེ། བུ་མའ་ཁྱོད་རང་ང་ལེ་ཡིད་ཆེས་གྱིས་དང་། དེའུ་འདི་རིང་། ཡང་ནི་ཡེ་རུ་ས་གླིང་རྒྱལ་ས་ལེ་ཁྱེད་ཀྱ་ཀྱིས་བསྙེན་བཀུར་བགྱིད་མ་དིག ཡིན་ནའང་། ཡབ་ཁོང་རང་ལེ་བསྙེན་བཀུར་བགྱིད་དི་དུས་ཞིག་སླེབས་འོང་གྱི་དིག 22སཱ་མར་ཡཱ་ལུང་པའི་མི་ཁྱེད་ཀྱ་ཀྱིས་ཆ་རྒྱུས་མེད་མེད་དེ་ལེ་བསྙེན་བཀུར་བྱས་པི་དིག ཉེད་ཀྱ་ཀྱིས་ཆ་རྒྱུས་འོད་ཡོད་དེ་ལེ་བསྙེན་བཀུར་བགྱིད་འོད། ཅི་ལེ་ཟེར་ནི། ཐར་བ་ནི་ཡ་ཧུ་དཱ་པ་ནས་བྱུང་པི་ཡིན་དིག#4.22 ཆ་རྒྱུས་མེད་མེད་ཟེར་རི་དོན་ནི། སཱ་མར་ཡཱ་ལུང་པའི་མི་ཀྱ་ཀྱིས་སྔོན་མ་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་དེ་རང་མ་གཏོགས། ལུང་སྟོན་པ་གཞན་མ་ཀྱ་ཀྱིས་བྲིས་མདོ་དེ་ལེ་ཁས་ལེན་མི་བགྱིད་འོད་ཕེན། ཁོང་གིས་འོ་དེ་གི་གསུངས་གནང་པི་དིག 23ཡིན་ནའང་། ཡབ་ལེ་བསྙེན་བཀུར་བགྱིད་དི་དུས་ཞིག་སླེབས་འོང་གི་དིང་། དུས་དེ་ད་ལྟ་ཡིན་དི་མ་ཟད། བསྙེན་བཀུར་རྣམ་དག་བགྱིད་མཁན་ཀྱ་ཀྱིས་ཁོང་གི་དམ་པའི་ཐུགས་ཉིད་དིང་བདེན་པའི་བརྒྱུད་ནས་ཡབ་ལེ་བསྙེན་བཀུར་བགྱིད་འོད་དིག ཅི་ལེ་ཟེར་ནི། ཡབ་དཀོན་མཆོག་གིས་བསྙེན་བཀུར་བགྱིད་མཁན་མི་དེ་ཅོག་འདྲ་ཀྱ་ལེ་འཚོལ་གྱོ་འོད་དིག 24དཀོན་མཆོག་ནི་ཐུགས་ཉིད་ཡིན་ཕེན། ཁོང་ལེ་བསྙེན་བཀུར་བགྱིད་མཁན་གྱིས་རང་སེམས་བདེན་པའི་བརྒྱུད་ནས་བསྙེན་བཀུར་བགྱིད་དགོས་འོད་དིག་ཟིན་གསུངས་པི་དིག 25དེ་ནས་བུ་མའ་མོས་ཁོང་ལེ། སྐྱབས་མགོན། ཡང་ནི། ཁི་རིའི་སི་ཐོ་ཟེར་མཁན་ཁོང་ཕེབས་རྒྱུ་ཡིན་དི་ངས་ཧ་གོ་འོད། ཁོང་ཕེབས་ཏེ་ཉེད་ཀྱ་ལེ་དོན་ཡེ་རེ་གསུང་གནང་གྱི་དིག་ཟིན་ཞུས་པི་དིག 26ཡང་ཡེ་ཤུས་མོ་ལེ། ཁྱོད་ཀྱིས་གཏམ་གླེང་བགྱིད་ས་མི་དེ་ནི་ང་ཡིན་ཟིན་གསུངས་པི་དིག
27དེ་ནས་སློབ་མ་ཀྱ་ཟ་མ་ཉོས་ཏེ་ཁོང་འོད་ས་ལེ་ལོག་འོང་རྒྱ། ཡེ་ཤུ་ནི་བུ་མའ་ཞིག་དིང་སྐྱེན་ལེ་བཀའ་མོལ་གནང་སྟེ་བཞུགས་འོད་དི་མཐོང་སྟེ་ཧ་ལས་པི་དིག#4.27 ཡ་ཧུ་དཱ་པའི་ལུགས་སྲོལ་ནང་ལེ་ཆོས་དཔོན་ཀྱ་ཀྱིས་ངོ་མི་ཤེས་མཁན་བུ་མའ་ཀྱ་སྐྱེན་ལེ་ལབ་གླེང་མི་བགྱིད་འོད་དིག འོ་དེ་བརྟེན་ཏེ། སློབ་མ་ཀྱ་ཧ་ལས་པི་དིག ཡིན་ནའང་། མི་སུ་ཞིག་གིས་ཟང་ཁོང་ལེ། ཁྱེད་ལེ་ཅི་དགོས་པ་འདུག་གོ། བུ་མའ་འདི་རིང་སྐྱེན་ལེ་བཀའ་མོལ་ཅི་ལེ་གནང་གི་ཡིན་དོ་ཟིན་སྐད་ཆ་འདྲི་མ་ཕོད་པི་དིག 28དེ་ནས་བུ་མའ་མོས་རང་གི་ཆུ་སྣོད་དེ་ཁྲོན་པའི་འགྲམ་དུ་གཡུགས་ཏེ། རྒྱལ་སའི་ནང་ལེ་ཕྱིན་ཏེ་མི་ཀྱ་ལེ། 29ཁྱེད་ཀྱ་ཕེབས་ལེད་དང་། འདི་རུ་མི་ཞིག་འདུག ལྟོས་དང་། ཁོང་གིས་ངས་བྱས་པའི་དོན་ཡེ་རེ་ང་ལེ་གསུངས་བྱུང་། ཁོང་རང་སྐྱབས་མགོན་དེ་ཡིན་སྲིད་ཀྱི་དིག་སྨྲས་པི་དིག 30དེ་ནས་མི་དེ་ཀྱ་ཟང་རྒྱལ་ས་ནས་ཁོང་གི་དྲུང་དུ་འོངས་པི་དིག
31དེ་རྒྱ་སློབ་མ་ཀྱ་ཀྱིས་ཁོང་ལེ། རཱབ་བི། ཞལ་ལག་མཆོད་དང་ཞུས་ཕེན། 32ཁོང་གིས་སློབ་མ་ཀྱ་ལེ། ང་ལེ་ཟ་མ་འོད། ཡིན་ནའང་། ཁྱེད་ཀྱ་ཀྱིས་ཟ་མ་དེ་ཅི་ཡིན་མིན་ཧ་མི་གོ་འོད་དིག་ཟིན་གསུངས་པི་དིག 33དེ་ནས་སློབ་མ་ཀྱ་ཕན་ཚུན་གཅིག་གིས་གཅིག་ལེ། འུ་ཀྱ་མེད་དི་དུས་ལེ་མི་ཞིག་གིས་ཁོང་ལེ་ཟ་མ་ཞིག་བསྐྱལ་ལི་ཡིན་གྱི་དིག་ཟིན་འོད་དིག 34དེ་ནས་ཡེ་ཤུས་སློབ་མ་ཀྱ་ལེ། ང་རྫོང་མཁན་དཀོན་མཆོག་གི་ཐུགས་དགོངས་ཅོག་འདྲ་ལས་བགྱིད་རྒྱུ་དིང་། ཡང་ཁོང་གི་ཆོས་དོན་སྒྲུབ་རྒྱུ་དེ་ནི་ངའི་ཟ་མ་ཡིན་དིག 35དཔེར་ན། ཁྱེད་ཀྱ་ཀྱི་ཁ་དཔེ་ནང་ལེ། ཞིང་རྔ་རན་རྒྱུ་ལེ་ད་རུང་ཟླ་བ་བཞི་འདུག་ཟིན་འོད་དི་མ་གས། ཡིན་ནའང་། ང་ཁྱེད་ཀྱ་ལེ་ཟེར་རོ། ཁྱེད་ཀྱ་ཀྱིས་ཞིང་ལེ་ལྟོས་དང་། ད་ལྟ་ལོ་ཏོག་སྨིན་ཏེ་གསེར་གྱི་མདོག་ཅོག་འདྲ་བྱུང་སྟེ་རྔ་རན་འདུག 36ཡང་རྔ་མཁན་མི་ཀྱ་ལེ་གླ་ཆ་ཐོབ་ཚར་འོད་དི་དིང་། མཐའ་མེད་པའི་ཚེ་སྲོག་གི་ཆེད་དུ་འབྲས་བུ་བསྡུ་གསོག་རྒྱག་གྱོ་འོད་དིག འོ་དེ་ལེ་བརྟེན་ཏེ། ས་ངོན་འདེབས་མཁན་དིང་རྔ་མཁན་གཉིས་ཀ་སྐྱེན་ལེ་དགའ་སྤྲོ་བགྱིད་ཀྱི་དིག 37ཡང་མི་གཅིག་གིས་ས་ངོན་འདེབས། མི་གཅིག་གིས་རྔ་ཟེར་རི་ཁ་དཔེ་དེ་ཅོག་འདྲ་བདེན་པ་ཡིན་དིག 38ངས་ཁྱེད་ཀྱ་ཀྱིས་དཀའ་ལས་མ་བརྒྱབ་པའི་ཞིང་ལེ་ལོ་ཏོག་རྔ་རྒྱུ་ཆེད་དུ་བརྫངས་པི་ཡིན། མི་གཞན་གྱིས་དཀའ་ལས་བརྒྱབ་པི་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ལེ་ལས་དེའི་ཁེ་བཟང་ཐོབ་པི་དིག་ཟིན་གསུངས་པི་དིག
སཱ་མར་ཡཱའི་མི་མང་པོ་ཞིག་གིས་ཡེ་ཤུ་ལེ་དད་པ་བྱས་པ།
39བུ་མའ་མོས་ཁོང་གིས་ངས་ཅི་བྱས་ལས་ཡེ་རེ་ང་ལེ་གསུངས་བྱུང་ཟིན་དཔང་པོ་བྱས་པི་དེ་ལེ་བརྟེན་ཏེ། རྒྱལ་སའི་ནང་ལེ་སྡོད་མཁན་སཱ་མར་ཡཱའི་མི་མང་པོ་ཞིག་གིས་ཟང་ཡེ་ཤུ་ལེ་དད་པ་བྱས་པི་དིག 40དེ་ནས་སཱ་མར་ཡཱའི་མི་ཀྱ་ཡེ་ཤུ་དྲུང་དུ་འོངས་ཏེ། ཁྱེད་རང་ཉེད་ཀྱ་དིང་སྐྱེན་ལེ་བཞུགས་གནང་རོགས་ཟིན་ཞུས་ཕེན། མི་དེ་ཀྱ་ཀྱི་སྐྱེན་ལེ་ཁོང་རང་ཉིན་མ་གཉིས་བཞུགས་པི་དིག 41དེ་ནས་ཁོང་གིས་དེ་རུ་འོད་ཡོད་མི་ཀྱ་ལེ་ཆོས་གསུངས་གནང་ཕེན། སྔོན་མ་ལས་ལྷག་ཚོད་མི་མང་པོ་ཞིག་གིས་ཁོང་ལེ་དད་པ་བྱས་པི་དིག 42དེ་ནས་མི་དེ་ཀྱ་ཀྱིས་བུ་མའ་མོ་ལེ། ད་ལྟ་ཉེད་ཀྱ་ཀྱིས་དད་པ་བགྱིད་རྒྱུ་ནི། ཁྱོད་ཀྱིས་སྨྲས་པའི་ལབ་དེ་ཐོས་ཏེ་མ་དིག ཉེད་ཀྱ་ཀྱིས་རང་གི་རྣ་མཆོག་གིས་ཐོས་པི་དེ་ལེ་བརྟེན་ཏེ། ཁོང་ངོ་ཐོག་འཇིག་རྟེན་གྱི་སྐྱོབ་མཁན་དེ་ཡིན་དི་ཧ་གོ་བྱུང་སྨྲས་པི་དིག
ཡེ་ཤུས་རྒྱལ་པོའི་བློན་ཆེན་གྱི་བི་ས་ཞིག་དྲག་ཏུ་བཅུག་པ།
43དེ་ནས་ཡང་ཉིན་མ་གཉིས་ཀྱི་རྗེས་ལེ། ཡེ་ཤུ་ཁོང་རང་ས་ཆ་དེ་ནས་ཐོན་ཏེ། ག་ལིལ་ལུང་པ་ལེ་ཕེབས་གནང་པི་དིག 44ཅི་ལེ་ཟེར་ནི། ཡེ་ཤུས་སྔོན་མ་ནས་ལུང་སྟོན་པ་ཀྱ་ལེ་རང་གི་ཡུལ་ནས་བརྩི་བཀུར་བགྱིད་མཁན་མི་འབྱོར་འོད་དིག་ཟིན་བདེན་དཔང་བྱས་པི་དིག 45དེ་ནས་ཁོང་ཀྱ་ག་ལིལ་ལུང་པ་ལེ་སླེབས་ཕེན། མི་དེ་ཀྱ་ཀྱིས་ཁོང་ལེ་ཕེབས་བསུ་ཞུས་པི་དིག ཅི་ལེ་ཟེར་ནི། སྔོན་མ་ལུང་པ་དེའི་མི་ཀྱ་ཡེ་རུ་ས་གླིང་རྒྱལ་ས་ལེ་སྲོག་ཐར་རི་དུས་ཆེན་ལེ་ཕྱིན་ཏེ། ཁོང་གིས་མཛད་པའི་ངོ་མཚར་ཅན་གྱི་དོན་ཡེ་རེ་མི་དེ་ཀྱ་ཀྱིས་ཟང་མཐོང་མྱོང་འོད་དིག 46དེ་ནས་ཡེ་ཤུས་ཡང་དང་ཆུ་དེ་རྒུན་ཆང་ལེ་བསྒྱུར་མྱོང་འོད་ཡོད། ག་ལིལ་ལུང་པའི་རྒྱལ་ས་ཀ་ནཱ་ཟེར་རི་དེ་ལེ་ཕེབས་གནང་པི་དིག ཡང་རྒྱལ་ས་དེ་རུ་རྒྱལ་པོའི་བློན་ཆེན་ཞིག་འོད་དིག ཁོང་རང་ནི་ཀ་ཕར་ན་ཧུམ་རྒྱལ་ས་ལེ་སྡོད་གྱོ་འོད་དི་མ་ཟད། ཁོའི་བི་ས་དེ་ལེ་ན་ཚ་ཕོག་འོད་དིག 47དེ་ནས་བློན་ཆེན་ཁོས་ཡེ་ཤུ་ཡ་ཧུ་དཱ་ནས་ག་ལིལ་ལུང་པ་ལེ་ཕེབས་གནང་པི་ཐོས་ཕེན། ཁོང་རང་ཡེ་ཤུའི་དྲུང་དུ་འོངས་ཏེ། ངའི་བི་ས་ཤི་རྒྱུ་ལེ་ཉེན་ཁ་འདུག ཁྱེད་རང་ཕེབས་ཏེ་ངའི་བི་ས་དྲག་ཏུ་འཇུག་རོགས་ཟིན་ཞུ་བ་ཕུལ་ལི་དིག 48དེ་ནས་ཡེ་ཤུས་བློན་ཆེན་ཁོ་ལེ། ཁྱེད་ཀྱ་ཀྱིས་ངོ་མཚར་གྱི་རྟགས་ཤིག་མ་མཐོང་བར་དུ། ང་ལེ་དད་པ་མི་བགྱིད་འོད་དིག་ཟིན་གསུངས་པི་དིག 49དེ་ནས་བློན་ཆེན་ཁོས་ཡེ་ཤུ་ལེ། རྒན། ངའི་བི་ས་མ་ཤི་སྔོན་ལེ་ཁྱེད་རང་ཕེབས་རོགས་ཟིན་ཞུས་པི་དིག 50དེ་ནས་ཡེ་ཤུས་བློན་ཆེན་ཁོ་ལེ། ད་ཁྱོད་རང་ཕ་ལེ་ལོག་རྒྱུགས་ཤིག ཁྱོད་ཀྱི་བི་ས་དྲག་འོད་དིག་ཟིན་གསུངས་པི་དིག ཡང་བློན་ཆེན་ཁོས་ཟང་ཡེ་ཤུས་གསུངས་པའི་བཀའ་ལེ་ཡིད་ཆེས་བྱས་ཏེ་ཕ་ལེ་ལོག་འགྲོ་རྒྱ། 51ལམ་ལེ་བློན་ཆེན་གྱི་གཡོག་པོ་ཀྱ་ཀྱིས་བསུ་རུ་འོངས་ཏེ། ཁྱེད་ཀྱི་བི་ས་དྲག་སོང་ཞུས་པི་དིག 52དེ་ནས་བློན་ཆེན་ཁོས་བི་ས་ནམ་དྲག་སོང་ཟིན་དྲིས་ཏེ། གཡོག་པོ་ཀྱ་ཀྱིས་མདང་ཆུ་ཚོད་དང་པོ་ཚོད་ལེ་བི་སའི་ཚ་བ་དྲག་སོང་ཟིན་ཞུས་པི་དིག 53དེ་ནས་བློན་ཆེན་ཁོས་མདང་ཆུ་ཚོད་དང་པོ་ཚོད་ལེ་ཡེ་ཤུས་ཁྱོད་ཀྱི་བི་ས་དྲག་སོང་ཟིན་གསུངས་པའི་དུས་ཚོད་དེ་རང་ལེ་རང་གི་བི་ས་དྲག་གི་ཧ་གོ་ཕེན། བློན་ཆེན་ཁོང་རང་དིང་། ཡང་ཁོའི་ཁྱིམ་མི་ཡེ་རེ་ཟང་ཡེ་ཤུ་ལེ་དད་པ་བྱས་པི་དིག 54ངོ་མཚར་གྱི་དོན་དེ་ནི། ཡེ་ཤུ་ཁོང་རང་ཡ་ཧུ་དཱ་ལུང་པ་ནས་ག་ལིལ་ལུང་པ་ལེ་ཕེབས་ཏེ་མཛད་པའི་ངོ་མཚར་གྱི་རྟགས་གཉིས་པ་དེ་ཡིན་དིག །

Kuonyesha

Shirikisha

Nakili

None

Je, ungependa vivutio vyako vihifadhiwe kwenye vifaa vyako vyote? Jisajili au ingia