མད་ཐཱ། འགོ་བརྗོད།
འགོ་བརྗོད།
རྩོམ་པ་པོ། སྐུ་ཚབ་མད་ཐཱ། ཁོང་ནི་ཁྲལ་སྡུད་མཁན་ཞིག་ཡིན་ཏེ་གཙོ་བོ་ཡེ་ཤུའི་ཉེ་གནས་སུ་གྱུར། ལེ་ཝི་ཡང་ཟེར།
རྩོམ་དུས། སྤྱི་ལོའི་དུས་རབས་དང་པོའི་སྨད་ཆར་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། འཕྲིན་བཟང༌།
ཐོག་མའི་ཀློག་མཁན། གྷི་རིག་སྐད་སྨྲ་བའི་ཡ་ཧུ་དཱ་པ་རྣམས།
ནང་དོན་གཙོ་བོ། སྐུ་ཚབ་མད་ཐཱ་ཡིས་བྲིས་པའི་འཕྲིན་བཟང་ལ་ནང་དོན་གཙོ་བོ་གཉིས་ཏེ། གཅིག་ནི་གཙོ་བོ་ཡེ་ཤུ་དཀོན་མཆོག་གིས་ཉིད་ཀྱི་མི་རྣམས་ལ་གནང་རྒྱུ་ཡིན་པའི་སྐྱབས་མགོན་ཡིན་པ་དང༌། གཉིས་ནི་ཁོང་གི་སྐུ་ཚེ་དང་འཕྲིན་ལས་ཀྱིས་ཞལ་ཆད་རྙིང་པའི་ལུང་བསྟན་སྒྲུབ་པ་དེ་ཡིན། མད་ཐཱ་ཡིས་བྲིས་པའི་འཕྲིན་བཟང་གི་ཐོག་མར་གཙོ་བོ་ཡེ་ཤུ་འཁྲུངས་པ་དང༌། ཁྲུས་གསོལ་ལེན་པ། ཉམས་ཚོད་མྱོང་བའི་ལོ་རྒྱུས་ཡོད། དེའི་རྗེས་སུ་ཁོང་གིས་ག་ལིལ་ཡུལ་དུ་ཆོས་གསུངས་པ། འཕྲིན་བཟང་བསྒྲགས་པ། ནད་རིགས་ཀུན་སེལ་བར་མཛད་པ། རྒྱལ་ས་ཡེ་རུ་ཤ་ལེམ་ལ་ཕེབས་པ། རྒྱང་ཤིང་སྒང་ལ་བཀྲོངས་ཏེ་སླར་གསོན་པོར་གྱུར་བའི་ལོ་རྒྱུས་བཅས་ཡོད། འཕྲིན་བཟང་འདིའི་མཐའ་མར་གཙོ་བོ་ཡེ་ཤུས་ཉེ་གནས་རྣམས་ལ་མི་རིགས་ཐམས་ཅད་སློབ་མར་འཇུག་དགོས་པའི་བཀའ་གནང༌།
നിലവിൽ തിരഞ്ഞെടുത്തിരിക്കുന്നു:
མད་ཐཱ། འགོ་བརྗོད།: CTB
ഹൈലൈറ്റ് ചെയ്യുക
പങ്ക് വെക്കു
പകർത്തുക
നിങ്ങളുടെ എല്ലാ ഉപകരണങ്ങളിലും ഹൈലൈറ്റുകൾ സംരക്ഷിക്കാൻ ആഗ്രഹിക്കുന്നുണ്ടോ? സൈൻ അപ്പ് ചെയ്യുക അല്ലെങ്കിൽ സൈൻ ഇൻ ചെയ്യുക
©2009-2022 Central Asia Publishing, gSungrab.