YouVersion logo
Ikona pretraživanja

མཛད་པ། 5

5
ཨ་ནན་ཡཱ་དང་སབ་ཕི་རཱ།
1ཡིན་ནའང་ཨ་ནན་ཡཱ་སྨྲ་མཁན་མི་གཅིག་དང་ཁོའི་སྐྱེས་དམན་སབ་ཕི་རཱ་ཡིས་ཁོ་རི་ས་ཀྱ་ནས་དུམ་བུ་གཅིག་བཙོངས་བ་ལགས། 2འོ་དེ་ནས་འོངས་བ་ཨ་ལེ་གོ་ནས་ཁོ་རང་གཉིས་བོ་གྲོས་བྱས་རེ། ཏི་ཏེ་གཅིག་ཁོ་རང་མུ་ལ་བཞག་ཏེ་ལྷག་མ་གོ་སྐུ་ཚབ་ཀྱ་ལ་ཕུལ་བ་ལགས། 3དེ་ནས་པེ་ཏྲོ་ཡིས་སྨྲས་བ་ལགས། ཨ་ནན་ཡཱ། ཁྱེད་རི་སེམས་བདུད་ཀྱི་དབང་ཆ་ལ་སྟེར་ཏེ། དམ་པའི་ཐུགས་ཉིད་མུ་ལ་གི་བྱས་རེ་ཟོག་བཤད་ད། ས་བཙོངས་ཙ་ནས་ཨ་ལེ་ཏི་ཏེ་གཅིག་ཁྱོད་རི་མུ་ལ་གི་བྱས་རེ་སྦས་རེ་བཞག་བ། 4འོ་དེ་ས་མ་བཙོངས་གང་ལ་འོ་དེ་ཁྱོད་རི་རང་ལགས། དེ་ནས་བཙོངས་རེ་འོ་དེ་ནས་འོངས་བ་ཨ་ལེ་གོའང་ཁྱེད་ཀྱི་རང་ལགས། འོ་དེ་ནས་ཁྱོད་རི་འཐད་ཀྱིན་གོ་སྟེར་ན་སྒྲིག་ཡས་འོད་ད་ལགས། གང་གི་བྱས་རེ་རང་གི་སེམས་ལ་འོ་རེ་ཟོག་བཤད་ཡས་ཀྱི་བསམ་བློ་ཁོར་སོ། ཁྱེད་ཀྱ་ཡིས་མིའི་མུ་ལ་མ་ལགས། ཡིན་ནའང་དཀོན་མཆོག་མུ་ལ་ཟོག་བཤད་པ་ལགས། 5འོ་དེ་ལབ་མཉན་ལུང་མེད་ད་ལ། ཨ་ནན་ཡཱ་ས་ལ་འགྱེལ་རེ་དེ་ནས་ཁོས་དབུགས་ཆད་པ་ལགས། དེ་ལབ་མཉན་མཁན་གི་རི་དམི་ཅིག་གི་འཇིགས་པ་ལགས། 6དེ་ནས་ཁྱོག་ཐོང་ཀྱ་འོངས་རེ་རོ་གོ་རས་ཀྱིས་དཀྲིས་བ་ལགས། དེ་ནས་ཕི་ད་ལ་ཁྱེར་ཏེ་སོང་རེ་སའི་འོག་ལ་བསྐུངས་བ་ལགས།
7ཆུ་ཚོད་གསུམ་གྱི་གཤམ་ལ་ཨ་ནན་ཡཱ་ཡི་སྐྱེས་དམན་འོ་དུ་རུ་འོངས་བ་ལགས། ཡིན་ནའང་མོ་ལ་མོ་རི་ཁྱོ་ག་ཤི་ཚར་ས་ལབ་གོ་ཆ་མ་བྱུང་བ་ལགས། 8པེ་ཏྲོ་ཡིས་མོ་ལ་དྲིས་བ་ལགས། ས་དེ་འོ་ཚོད་གོང་ལ་རང་བཙོངས་བ་ལེ། ང་ལ་སྨྲོས་དང་།
དེ་ནས་མོས་འོ་ཚོད་ལ་རང་བཙོངས་བའི་སྨྲས་རེ་སྨྲས་བ་ལགས།
9པེ་ཏྲོ་ཡིས་མོ་ལ་སྨྲས་བ་ལགས། གཙོ་བོ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་ཚོད་ལྟ་བྱེད་ཡས་ལ། ཁྱེད་གཉིས་བོ་ཡིས་གང་བྱས་རེ་གྲོས་བྱས་བ། ལྟོས་དང་། ཁྱོའི་ཁྱོ་ག་ལ་སྦས་རེ་འོངས་མཁན་མི་ཀྱ་ད་ལྟ་རང་སྒོ་ཡི་ཕི་ལ་སླེབས་འདུག ཁོང་ཀྱ་ཡིས་ཁྱེད་ལ་འོ་བྱས་རེ་རང་འཁྱེར་ཏེ་འགྲོ་གི་ལགས། 10དེ་ནས་ལམ་སང་མོ་ཁོའི་རྐང་པ་བོ་ལོག་ཏུ་འགྱེལ་རེ་མོའི་དབུགས་ཆད་པ་ལགས། དེ་ནས་ཁྱོག་ཐོང་ཀྱ་ནང་ལ་འོངས་རེ་མོ་ཤི་གིན་མཐོང་རེ་ཕི་ལ་ཁྱེར་པ་ལགས། དེ་ནས་མོའི་ཁྱོ་ག་བོ་ལོག་ཏུ་བསྐུངས་བ་ལགས། 11དེ་ནས་ཆོས་ཚོགས་ཀྱི་མི་གི་རི་དང་དེ་ལབ་ཧ་གོ་གིན་གི་རི་ལ་དམི་ཅིག་གི་འཇིགས་སྐྲག་བྱུང་བ་ལགས།
སྐུ་ཚབ་ཀྱ་ནས་ན་ཚ་བཅོས་ག
12ད་མི་ཀྱ་ཡི་ཁོག་ཏུ་དམི་ཅིག་གི་ཧང་སང་གིན་ལས་ཀ་ཀྱ་དང་རྟགས་ཀྱ་སྐུ་ཚབ་ཀྱ་ནས་བྱུང་བའི་འོད་ད་ལགས། དེ་ནས་དད་པ་བྱེད་མཁན་གི་རི་སོ་ལོ་མོན་གྱི་གཡབ་ཀུ་རུ་འཛོམས་མ་ལགས། 13དད་པ་མི་བྱེད་མཁན་ཀྱ་ཁོང་ཀྱ་མུ་ལ་ཐུག་ཡས་ལ་འཇིགས་སྐྲག་བྱེད་ད་ལགས། གི་ཡིན་ན་ཁོང་ཀྱ་ཡིས་དད་པ་བྱེད་མཁན་ཀྱ་ལ་གུས་ཞབས་བྱེད་ད་ལགས། 14དེ་ནས་གཙོ་བོ་ལ་དད་པ་བྱེད་མཁན་སྐྱེས་བའི་བུ་དང་བུ་མོ་གཉིས་ཀ་ར་ཡོལ་ལེ་མང་དུ་སོང་བ་ལགས། 15དེ་ནས་པེ་ཏྲོ་འགྲོའི་གང་ལ་ཁོའི་གྲིབ་ཇག་གཅིག་ཀ་ཕོག་ན་དྲག་འོང་སྨྲས་རེ་ཁོང་ཀྱ་ཡིས་རེ་བ་བྱས་རེ། མི་ཀྱ་ཡིས་ནད་པ་ཀྱ་ལ་ཉལ་ཆས་མུ་ལ་རང་ཁྱེར་ཏེ་འོངས་རེ་སྲང་གག་ལ་ཉལ་རེ་བཞག་བ་ལགས། 16དེ་ནས་ཡེ་རུ་ཤ་ལེམ་གྱི་གཡས་གཡོན་གྱི་རྒྱལ་ས་ཀྱ་ནས་འང་མི་དམི་ཅིག་གི་མང་ང་ཡིས། ནད་པ་ཀྱ་དང་གནོད་པ་འཛུལ་ཛ་མི་ཀྱ་གི་རི་ཁྲིད་ཏེ་འོངས་བ་ལགས། དེ་ནས་འོ་དེ་གི་རི་བཅོས་ག་བྱུང་བ་ལགས།
སྐུ་ཚབ་ཀྱ་ལ་སྡུག་པོ་བཏང་བ།
17དེ་ནས་གཙོ་མཆོད་དཔོན་དང་ཁོའི་མུ་ལ་འོད་མཁན་སཱ་དུ་ཀི་པ་གི་རི་ཡིས་སྐུ་ཚབ་ཀྱ་ལ་ཕྲག་དོག་བྱས་བ་ལགས། 18དེ་ནས་ཁོང་ཀྱ་ལ་ཟིམ་ཏེ་ཨ་ཏྲ་ལ་འདགས་པ་ལགས། 19ཡིན་ནའང་གཙོ་བོའི་བང་ཆེན་གཅིག་མཚོན་མོ་ཕེབས་ཏེ་ཨ་ཏྲ་ཡི་སྒོ་གོ་པེ་བ་ལགས། དེ་ནས་སྐུ་ཚབ་ཀྱ་ལ་ཕི་ལ་བཏོན་ཏེ་གསུངས་བ་ལགས། 20མཆོད་ཁང་ཀྱ་ལ་སོང་རེ་མི་ཀྱ་ལ་འདི་མི་ཚེ་གསར་པ་ཡི་ལབ་གི་རི་ཤོད། 21སྐུ་ཚབ་ཀྱ་ཡིས་འོ་དེ་ལབ་མཉན་ཏེ་སྔ་རོག་སྔ་ཏི་མཆོད་ཁང་ནང་དུ་སོང་རེ་ཆོས་བཤད་པ་ལགས།
དེ་ནས་གཙོ་མཆོད་དཔོན་དང་ཁོའི་རོགས་བ་ཡིས་ར་ཨེལ་པ་ཀྱ་ཡི་འགོ་ཁྲིད་གི་རི་ལ་ཚོགས་པ་ཆེ་རུ་བོས་བ་ལགས། དེ་ནས་ཁོང་ཀྱ་ཡིས་སྐུ་ཚབ་ཀྱ་ལ་ཨ་ཏྲ་ནས་འཁྲིད་དེ་འོངས་ཡས་ལ་མི་ཀྱ་བརྫངས་བ་ལགས། 22ཡིན་ནའང་འོ་དེ་མི་ཀྱ་ཡིས་ཁོང་ཀྱ་ལ་ཨ་ཏྲ་ནང་དུ་མ་རྙེད་པ་ལགས། དེ་ནས་ལོག་སྟེ་འོངས་རེ་སྨྲས་བ་ལགས། 23འེ་ཀྱ་ཡིས་ཨ་ཏྲ་ཡི་སྒོ་ལ་སྒོ་ལྕགས་བརྒྱབ་ཀྱ་དང་སྒོ་སྲེ་ཀྱ་འོ་དུ་རུ་ལངས་རེ་བསྡད་ད་མཐོང་སོང་། ཡིན་ནའང་སྒོ་པེ་རེ་བལྟས་གང་ལ་ནང་དུ་སུའང་མ་རྙེད་སོང་། 24ལབ་དེ་གོ་སྟེ་མཆོད་ཁང་གི་སྒོ་སྲེ་ཀྱ་ཡི་གཙོ་དང་མཆོད་དཔོན་ཆེ་ཀྱ་མགོ་འཐོམས་པ་ལགས། དེ་ནས་གི་བྱུང་བ་ཡིན་གྲོ་སྨྲས་རེ་ཧ་ལས་བ་ལགས།
25ཡིན་ནའང་མི་གཅིག་འོངས་རེ་ཁོང་ཀྱ་ལ་སྨྲས་བ་ལགས། ལྟོས་དང་། ཁྱེད་རང་ཀྱ་ཡིས་ཨ་ཏྲ་ལ་འདགས་ད་མི་ཀྱ་ནི་མཆོད་ཁང་ནང་དུ་ལངས་རེ་མི་ཀྱ་ལ་ཆོས་བཤད་དེ་བསྡད་འདུག 26དེ་ནས་དམག་མི་ཀྱ་མུ་ལ་བརྒྱ་དཔོན་ཀྱ་སོང་རེ་ཁོང་ཀྱ་ལ་གིན་ད་མ་བྱས་བ་ཁྲིད་དེ་འོངས་བ་ལགས། གི་བྱས་རེ་སྨྲ་ན་མི་ཀྱ་ཡིས་ཁོང་ཀྱ་ལ་རྡོ་གོང་གཞུ་གྲོ་སྨྲས་རེ་ཁོང་ཀྱ་འཇིགས་པ་ལགས།
27ཁོང་ཀྱ་ཡིས་སྐུ་ཚབ་ཀྱ་ལ་ཚོགས་པ་ཆེའི་གདོང་དུ་ལངས་རེ་གཙོ་མཆོད་དཔོན་གྱིས་ཁོང་ཀྱ་ལ་དྲིས་བ་ལགས། 28འེ་ཀྱ་ཡིས་ཁྱེད་ཀྱ་ལ་ཡེ་ཤུ་ཡི་མིང་ནས་ཆོས་མ་བཤད་སྨྲས་རེ་བཀའ་སྟེར་པ་མ་ལེ། ཡིན་ནའང་ཁྱེད་ཀྱ་ཡིས་ཁྱེད་རི་ཆོས་ཀྱ་ཡེ་རུ་ཤ་ལེམ་གི་རི་ལ་བཀྲམ་ཚར་འདུག དེ་ནས་འོ་དེ་མིའི་ཁྲག་གི་སྐྱོན་གོ་འེ་ལ་བཙུགས་ཡས་བྱེད་འདིག།
29དེ་ནས་པེ་ཏྲོ་དང་སྐུ་ཚབ་ཀྱ་ཡིས་སྨྲས་བ་ལགས། འེ་ཀྱ་མི་ཀྱ་ཡི་མ་ལགས། ཡིན་ནའང་དཀོན་མཆོག་གི་བཀའ་བརྩིས་ལ་ལགས། 30ཁྱེད་རང་ཀྱ་ཡིས་རྒྱང་ཤིང་ཁར་ལ་གཟེར་བརྒྱབ་སྟེ་བསད་ས་ཡེ་ཤུ་ལ། འི་ཀི་དང་པོའི་ཕ་མ་ཀྱ་ཡིས་བརྩིས་ཀྱིན་དཀོན་མཆོག་གིས་ཡང་གསོན་པོ་བཞེངས་མཛད་པ་ལགས། 31ཡིས་ར་ཨེལ་གྱི་མི་རིགས་ཀྱ་ཡིས་རང་གི་སྡིག་པ་སྤངས་རེ་སེམས་སྒྱུར་བ་བཏང་ཡས་དང་། ཁོང་ཀྱ་ཡི་སྡིག་པ་ཀྱ་ལ་དགོངས་ཡངས་གནང་ཡས་ཀྱི་ཕྱིར་ལ། དཀོན་མཆོག་གིས་ཁོང་ལ་འགོ་ཁྲིད་དང་སྐྱབས་མགོན་བཀོད་བ་མཛད་དེ་རང་གི་ཕྱག་གཡས་ཕྱོགས་ལ་བཞག་མཛད་པ་ལགས། 32འེ་ཀྱ་དེ་ལབ་ཀྱ་ཡི་དཔང་པོ་ཡིན། དེ་ནས་དཀོན་མཆོག་གིས་རང་གི་བཀའ་ལ་ཉན་མཁན་ཀྱ་ལ་གནང་ན་དམ་པའི་ཐུགས་ཉིད་ཀྱིས་འང་དེ་ལབ་ཀྱ་ཡི་དཔང་པོ་སྟོན་ད་མཛད་འདུག
33དེ་ནས་དེ་ལབ་གོ་མཉན་ཏེ་འོ་དུ་རུ་འཛོམས་ཛ་འགོ་ཁྲིད་ཀྱ་དམི་ཅིག་གི་ཞེ་སྡང་ལངས་རེ་སྐུ་ཚབ་ཀྱ་ལ་བསད་ཉིད་འདོད་པ་ལགས། 34ཡིན་ནའང་གཱ་མ་ལི་ཨེལ་སྨྲ་མཁན་ཕཱ་རུ་ཤི་པ་མི་གཅིག་ཚོགས་པ་གུང་དུ་ལངས་རེ་སྐུ་ཚབ་ཀྱ་ལ་ཏི་ཏེ་གཅིག་ཕི་ལ་བརྫངས་བ་ལགས། ཁོ་མི་གི་རི་ཡིས་རྩི་གིན་ཆོས་ཁྲིམས་ཀྱི་སློབ་དཔོན་ལགས། 35དེ་ནས་ཁོས་འོ་དུ་རུ་འོད་མཁན་ཀྱ་ལ་སྨྲས་བ་ལགས། ཡིས་ར་ཨེལ་པ་ཀྱ་བོ། ཁྱེད་རང་ཀྱ་ཡིས་ཁོང་ཀྱ་ལ་གི་བྱེད་ན། འོ་དེ་ལ་སྤྱང་ཛེ་བྱེད། 36དུས་གཅིག་ལ་ཐེའུ་དཱ་སྨྲས་མཁན་མི་གཅིག་རང་རང་ལ་མི་ཁག་ཆེ་གཅིག་ཡིན་སྨྲས་རེ་འོངས་བ་ལགས། དེ་ནས་མི་བཞི་བརྒྱ་ཚོད་ཁོའི་གཤམ་པ་ལ་འབྲངས་བ་ལགས། ཡིན་ནའང་ཁོ་ལ་བསད་པ་ལགས། དེ་ནས་ཁོའི་གཤམ་ལ་འབྲངས་མཁན་གི་རི་ཕྲེ་འཐོར་རེ་སོང་རེ། ཁོའི་ལས་ཀ་གི་རི་མེད་ད་ལ་སོང་བ་ལགས། 37འོ་དེ་ཞུག་ལ་མི་འབོར་མཐོ་བརྒྱབ་བའི་གང་ལ། ག་ལིལ་གྱི་ཡུ་དཱ་སྨྲ་མཁན་མི་གཅིག་འོངས་བ་ལགས། ཁོའི་གཤམ་པ་ལ་མི་དམི་ཅིག་གི་མང་ང་འབྲངས་བ་ལགས། ཡིན་ནའང་ཁོའང་བསད་སོང་། དེ་ནས་ཁོའི་གཤམ་པ་ལ་འབྲངས་མཁན་ཀྱ་ཕྲེ་འཐོར་རེ་ལ་སོང་། 38འོ་བྱས་རེ་ད་ལྟ་ང་ཁྱེད་རང་ཀྱ་ལ་སྨྲ་ཡིན། དེ་མི་ཀྱ་ཡིས་ཇུས་གཏོགས་མི་བྱེད་ད་ཁོ་རང་ཀྱ་ཡི་ཚོད་ལ་བོར་ཞོག། དེ་ཀྱ་ཡི་ལས་ཀ་དེ་མི་ནི་ཡིན་ན་འོ་དེ་ལས་ཀ་འགྲུབ་ཀྱི་མ་ལགས། 39ཡིན་ནའང་དེ་ལས་ཀ་དེ་དཀོན་མཆོག་ནས་འོངས་བ་ཡིན་ན། ཁྱེད་རང་ཀྱ་ཡིས་ཁོང་ཀྱ་ལ་བཀག་ཐུབ་ཀྱི་མ་ལགས། ཡང་མིན་ན་ཁྱེད་རང་ཀྱ་རང་དཀོན་མཆོག་ལ་ངོ་ལོག་བྱེད་དགོས་ཐུབ་ཀྱི་ལགས།
40དེ་ནས་ཁོང་གི་རི་ཁོས་སྨྲ་གིན་ལ་མཉན་པ་ལགས། ཁོང་ཀྱ་ཡིས་སྐུ་ཚབ་ཀྱ་ལ་ནང་དུ་སྐད་བཏང་རི་རྟ་ལྕག་བཞུས་ཏེ། ཡེ་ཤུ་ཡི་མཚན་ནས་ལྡབ་ལེ་ལབ་ཀྱ་མ་བཤད་སྨྲས་རེ་བརྫངས་བ་ལགས། 41ཡེ་ཤུ་ཡི་མཚན་གྱི་ཕྱིར་ལ་སྡུག་པོ་མྱངས་རིན་ཁ་ཡས་འོད་ཀྱིན་དཀོན་མཆོག་གིས་ཁོང་ཀྱ་ལ་གནང་སོང་སྨྲས་རེ། ཉམ་མོ་དགའི་དགའི་ཁོང་ཀྱ་འོ་དེ་ཚོགས་པ་ཆེ་ནས་ལོག་སྟེ་སོང་བ་ལགས། 42འོ་དེ་གཤམ་ནས་ཁོང་ཀྱ་ཞག་མོ་དྲང་བའི་མཆོད་ཁང་ཀྱ་དང་། ནང་ནང་ལ་སོང་རེ་ཡེ་ཤུ་རང་མཱ་ཤི་ཀ་ཡིན་སྨྲ་གིན་གཏམ་བཟང་གོ་སློབ་ཡས་དང་བཤད་ཡས་ལ་ནམ་མའང་མཚམས་མ་བཞག་པ་ལགས།།

Trenutno odabrano:

མཛད་པ། 5: LOY

Istaknuto

Podijeli

Kopiraj

None

Želiš li svoje istaknute stihove spremiti na sve svoje uređaje? Prijavi se ili registriraj