མར་ཀུ། 7

7
ལེའུ་བདུན་པ།
གཙང་མ་དིང་མི་གཙང་བའི་སྐོར།
1ཡང་​ཉིན་མ་​གཅིག་ཕཱ་རུ་ཤི་པ་​དིང་​། ཡེ་རུ་ས་གླིང་​རྒྱལ་ས་ནས་​འོངས་པའི་​ཆོས་​ཁྲིམས་​མཁས་པ་འོད་ཡོད་མི་​ཁ་ཤས་​ཡེ་ཤུའི་​དྲུང་​དུ་​འཛོམས་འོངས་པི་དིག 2དེ་ནས་མི་དེ་ཀྱ་ཀྱིས་ཡེ་ཤུའི་​སློབ་མ་​ནང་​ནས་​ཁ་ཤས་ཆོས་​ཀྱི་​ལུགས་སྲོལ་ཅོག་འདྲ་ལག་ག་​མ་​བཀྲུས་​ཏེ་​བཟའ་འཐུང་བགྱིད་འོད་དི་​མཐོང་​པི་དིག 3ཅི་​ལེ་​ཟེར་​ནི། ཡ་ཧུ་དཱ་པ་དིང་། ཡ་ཧུ་དཱ་པའི་ཁོངས་གཏོགས་ལེ་འོད་ཡོད་ཕཱ་རུ་ཤི་པ་​ཀྱ་ཀྱིས་​རང་གི་མེས་མེས་ཀྱ་ཀྱི་​ལུགས་སྲོལ་​ཅོག་འདྲ་ལག་ག་​མ་​བཀྲུས་ཏེ་​ཟ་མ་​མི་བཟའ་འོད་དིག 4ཡང་​ཁྲོམ་​ལེ་​ཕྱིན་​ཏེ་​ལོག་​འོང་རྒྱ​། གཙང་སྦྲ་​མ་​བྱས་ཏེ་​ཟ་མ་​མི་​བཟའ་​འོད་དིག ཡང་ད་རུང་ལུགས་སྲོལ་​གཞན་ཟང་མང་པོ་​འོད་དིག ཡིན་ནའང་​། ལུགས་སྲོལ་​ཞིག་​ལེ་​ཁོང་ཀྱ་ཀྱི་མི་རབས་​ནས་​མི་རབས་​བར་དུ། ཕོར་རུ། བུམ་པ། ཟངས་སྣོད་དེ་བཀྲུས་ཏེ་ཆབ་​རྒྱག་​རྒྱུ་​ལུགས་སྲོལ་​འོད་དིག 5དེ་ནས་ཕཱ་རུ་ཤི་པ་​དིང་​། ཆོས་​ཁྲིམས་​མཁས་པ་​ཀྱ་​ཀྱིས་​ཡེ་ཤུ་​ལེ། ཁྱོད་ཀྱི་​སློབ་མ་​ཀྱ་​ཀྱིས་མེས་མེས་ཀྱ་ཀྱི་ལུགས་སྲོལ་​ཅོག་འདྲ། ལག་ག་​མ་​བཀྲུས་ཏེ་​ཅི་ལེ་​བཟའ་འཐུང་བགྱིད་དི་ཡིན་གོ་​སྨྲས་​པི་དིག 6དེ་ནས་​ཡེ་ཤུས་​མི་དེ་ཀྱ་ལེ། ཁ་ཡོད་ལག་མེད་​མི་​ཁྱེད་​ཀྱ་​ཀྱི་​སྐོར་ལེ། ལུང་སྟོན་པ་ཡེ་ཤ་ཡཱས་​བྲིས་པའི་དེ་བདེན་པ་​ཡིན་དིག
མི་​དེ་​ཀྱ་​ཀྱིས་ང་​ལེ་​བརྩི་བཀུར་​བྱས་ནའང་། །
མི་དེ་ཀྱ་ཀྱི་སེམས་ནི་ང་དིང་བྲལ་ལི་དིག །
7མིས་བརྩམས་པའི་བསླབ་བྱ་རང་ལེ་སྟོན། །
འོ་དེ་གི་བསྙེན་བཀུར་​ང་​ལེ་​དགོས་པ་མེད། །
ཟིན་གསུངས་འོད་དིག#7.7 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 29 ཨང་ 13 ནང་ལེ་གཟིགས་རོགས། 8ཁྱེད་​ཀྱ་​ཀྱིས་​དཀོན་མཆོག་​གི་​ཆོས་ཁྲིམས་​སྤངས་​ཏེ། མིས་​བཟོས་པའི་​ལུགས་སྲོལ་དེ་སྲུང་​གྱོ་​འོད་དིག་​ཟིན་གསུངས་​པི་​དིག 9ཡང་དང་ཁོང་​གིས་མི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱིས་​རང་གི་བརྩམས་​པའི་​ལུགས་སྲོལ་​དེ་​སྲུང་​རྒྱུ་ཆེད་དུ། དཀོན་མཆོག་​གི་​བཀའ་​དེ་​རིམ་པ་​བཞིན་​དུ་​སྤངས་​པི་​དིག 10དཔེར་ན་​སྔོན་མ་​ལུང་སྟོན་པ་མོ་ཤེས་​ཁོས་ཟང་། རང་གི་ཕ་མ་​ལེ་​བརྩི་བཀུར་​གྱིས་དང་​། ཡང་ཕ་མ་​ལེ་​ཚིག་ངན་ཟེར་མཁན་​དེ་སྲོག་ཐོག་​གཏོང་​དགོས་འོད་དིག་​སྨྲས་པི་དིག 11ཡིན་ནའང་​། གལ་སྲིད་​མི་​ཞིག་གིས་​རང་གི་​ཕ་མ་​ལེ། ཁྱེད་ལེ་ཕན་ཐོགས་འོང་རྒྱུ་འདི་ནི། ངས་དཀོན་མཆོག་ལེ་ཕུལ་ཚར་རི་ཡིན་སྨྲས་ནི།#7.11 ཡ་ཧུ་དཱ་པའི་སྐད་ནང་ལེ་ཁཱོར་པན་ཟིན་འོད་དིག ཁཱོར་པན་ཟེར་དོན་དེ་ནི། དཀོན་མཆོག་ལེ་འབུལ་ལི་ཡིན་ཟེར་རི་དིག 12-13ཁྱེད་​ཀྱ་​ཀྱིས་​མི་​དེ་ལེ་རང་གི་ཕ་མ་​ལེ་བཟོས་​སྐྱོང་​བགྱིད་​དུ་​མི་འཇུག་འོད་དི་མ་ཟད། ཁྱེད་ཀྱ་ཀྱིས་རང་གི་ལུགས་སྲོལ་དེ་པ་རྐྱང་བསྲུང་རྒྱུ་ཆེད་དུ། དཀོན་མཆོག་​གི་​བཀའ་དེ་རིམ་པ་བཞིན་དུ་རྩིས་མེད་བཏང་པི་དིག ཡང་ཁྱེད་ཀྱ་ཀྱིས་ལས་ངན་​དེ་ཅོག་འདྲ་གཞན་མང་པོ་​བགྱིད་​འོད་དིག་ཟིན་གསུངས་པི་དིག 14དེ་ནས་ཡང་ཡེ་ཤུས་​མི་ཚོགས་དེ་ཀྱ་ཡེ་རེ་​རང་གི་མདུན་​དུ་​འཛོམས་​དུ་​བཅུག་​སྟེ། ཁྱེད་ཡེ་རེས་ངས་​ཅི་​ཟེར་​དེ་ལེ་​ཉོན་​དང་​། ངས་​ཅི་​སྨྲས་​པའི་ལབ་​དེ་​ཁྱེད་​ཀྱ་​ཀྱིས་​ཧ་གོ་ཐུབ་བར་གྱིས་ཤིག 15ཕྱི་ནས་ཁོག་ལེ་འཛུལ་ལི་ཟས་རིགས་དེས་མི་​ལེ་མི་གཙང་བར་བཟོ་​མི་​ཐུབ་​འོད་དིག ཡིན་ནའང་​། མིའི་​ཁོག་​ནས་​ཕྱི་​ལེ་​ཅི་​ཐོན་པི་དེས་མི་ལེ་​མི་གཙང་བར་བཟོ་འོད་དིག 16རྣ་མཆོག་​འོད་ཡོད་​ཀྱ་​ཀྱིས་​ལབ་​འདི་​དགའ་མོ་​བྱས་​ཏེ་​ཉོན་​ཞིག་ཟིན་གསུངས་​པི་​དིག 17དེ་ནས་​ཁོང་​རང་མི་ཚོགས་དིང་​ཁ་​བྲལ་​ཏེ་​ཁང་པའི་​ནང་​ལེ་​འཛུལ་​ལི་​དིག དེ་རྒྱ་ཁོང་​ལེ་​སློབ་མ་​ཀྱ་​ཀྱིས་​དཔེ་​དེའི་​དོན་དག་​ཅི་ཟེར་རི་​གོ་​ཟིན་​དྲིས་​ཕེན། 18ཁོང་གིས་སློབ་མ་ཀྱ་ལེ། ཁྱེད་​ཀྱ་​ཀྱིས་དེའི་​སྐོར་ཟང་མི་​ཤེས་​འོད་​དས། ཕྱི་ནས་ཁོག་ལེ་འཛུལ་ལི་​ཟས་རིགས་​དེས་མི་​ལེ་མི་གཙང་བར་བཟོ་​མི་​ཐུབ་​འོད་​དི་​ཁྱེད་​ཀྱ་​ཀྱིས་ཧ་​མོ་གོ་འདུག་གས། 19ཅི་​ལེ་​ཟེར་​ནི། ཟས་རིགས་​དེ་ནི་​མིའི་​སེམས་​ཀྱི་​ནང་​ལེ་​མི་​འགྲོ་བའི་​གྲོད་པའི་​ནང་​ལེ་​འགྲོ་འོད་དིག དེ་ནས་ཕྱི་​ལེ་​འཐོན་​འོང་འོད་དིག་ཟིན་​གསུངས་​པི་​དིག དེའི་​དོན་​དག་ཅི་​ཡིན་དིག་​ཟེར་​ནི། དཀོན་མཆོག་​གི་​ཐུགས་​དགོངས་​ནང་​ལེ་​ཟས་​རིགས་ཡེ་རེ་​གཙང་​མ་​དིང་​ཅི་​ཟས་​ནའང་​སྐྱོན་​མེད་​གསུངས་པི་དིག 20ཡང་ཁོང་གིས་མིའི་​སེམས་​ནས་​ཅི་ཐོན་པི་དེས་མི་ལེ་​མི་གཙང་བར་བཟོ་འོད་དིག་​ཟིན་གསུངས་​པི་​དིག 21རྒྱུ་མཚན་​ནི། མིའི་​སེམས་​ནང་​ལེ་​གནོད་སེམས་​དིང་​། བྱི་བོ་དིང་བྱི་མོ​། དམེ་སྦྱོར་བ། རྐུན་མ། མིའི་​སྲོག་​གཅོད་རྒྱུ། བཟའ་ཚང་​ཁ་​འཐོར་​གྱི་ལས་​ངན་དིང་​། 22འདོད་རྔམ། སེར་སྣ། མགོ་སྐོར། འདོད་ཆགས། ཕྲག་དོག དམའ་འབེབ་​ཀྱིས་​ལས། ང་རྒྱལ། ཆོས་​སེམས་​མེད་​མེད། 23ངན་སེམས་​དེ་ཀྱ་​མིའི་ཁོག་ནས་ཕྱི་ལེ་འཐོན་ཏེ་མི་ལེ་མི་གཙང་བར་བཟོ་འོད་དིག་​ཟིན་གསུངས་​པི་​དིག
དད་སེམས་ཆེ་བའི་བུ་མའ་ཞིག་གི་སྐོར།
24དེ་ནས་​ཡེ་ཤུ་གལ་ལི་ལུང་པ་​ནས་ཐཱ་ཨེར་དིང་ཚི་དོན་ཟེར་རི་རྒྱལ་སའི་​ཉེ་འཁོར་​ལེ་​ཕེབས་​ཏེ། མི་​སུས་​ཟང་​ཧ་​མ་​གོ་བར་བྱས་ཏེ་རྒྱལ་ས་དེའི་མི་ཚང་ཞིག་ནང་ལེ་སྡོད་​དགོས་​བསམས་པི་དིག ཡིན་ནའང་། མི་​ཀྱ་​ཀྱིས་​ཁོང་​ག་ན་ལེ་​བཞུགས་​འོད་​མེད་​ལམ་ཟང་​ཧ་གོ་​པི་​དིག 25རྒྱལ་ས་​དེ་རུ་​བུ་མའ་ཞིག་འོད་དིག མོར་ང་ལེ་གདོན་འདྲེ་ཞུགས་པའི་བུ་མོ་ཆུང་མ་ཞིག་འོད་དིག དེ་ནས་བུ་མའ་མོས་ཡེ་ཤུའི་​སྐོར་​གྱི་​གནས་ཚུལ་​ཐོས་​ལོང་​མེད། ཁོང་​གི་​སྐུ་མདུན་​དུ་​འོངས་ཏེ། བརྐྱངས་ཕྱག་བཙལ་ལི་དིག 26(བུ་མའ་​དེ་ནི་​གེར་རིག་གི་མི་རིགས་ནས་ཡིན་དིག ཡིན་ནའང་། མོ་རང་སྐྱེས་ས་དེ་ནི། སིར་ཡཱ་ཕེ་ནི་ཀེ་​ཟེར་རི་ལུང་པ་ཡིན་དིག) དེ་ནས་བུ་མའ་མོས་ཡེ་ཤུ་ལེ། གདོན་འདྲེ་དེ་བུ་མོ་ནས་ཐོན་རོགས་ཟིན་ཞུ་བ་ཕུལ་ལི་དིག 27ཁོང་​གིས་​བུ་མའ་​མོ་​ལེ་​སྔོན་​དང་པོ་​རང་གི་​ཕྲུ་གུ་​ཀྱ་​གྲོད་པ་​འགྲང་​དུ་​ཆུག ཕྲུ་གུའི་​ཟས་​སྐལ་​ཁྱི་​ལེ་​སྟེར་​མི་ཆོག་ཟིན་གསུངས་པི་དིག 28དེ་ནས་​མོས་​འོ་ཀ་ཟེ། ཇོ་བོ་ཁྱེད་ཀྱིས་གསུངས་པི་དེ་བདེན་པ་​ཡིན་དིག་ཆེ། ཡིན་​ནའང་​། ཅོག་ཙེའི་​འོག་ལེ་ལུས་​འོད་ཡོད་ཕྲུ་གུའི་​ཟས་​ལྷག་དེ་​ཁྱི་ཀྱ་ཀྱིས་​ཟ་འོད་དིག་སྨྲས་པི་དིག 29དེ་ནས་​ཡེ་ཤུས་​བུ་མའ་​མོ་​ལེ། ཁྱོད་ཀྱིས་​ང་​ལེ་​ལབ་​འོ་འདི་གི་​སྨྲས་​ཕེན། ད་​ཁྱོད་ཀྱི་བུ་མོ་​ལེ་​ཞུགས་པའི་གདོན་འདྲེ་​དེ་​ཐོན་​ཚར་​ཏེ་​མེད་དིག ད་​ཁྱེད་རང་​ཕ་ལེ་​ལོག་​རྒྱུགས་​ཟིན་གསུངས་​པི་​དིག 30དེ་ནས་​བུ་མའ་​མོ་རང་ནང་​ལེ་སླེབས་​རྒྱ། ངོ་ཐོག་གདོན་འདྲེ་​དེ་བུ་མོའི་​ཁོག་​ནས་​ཐོན་​ཚར་​རི་​མ་ཟད། མོ་རང་ཉལ་ཁྲིའི་ལྟག་ག་ལེ་ཉལ་​བསྡད་​འོད་​དི་​མཐོང་​པི་​དིག
འོན་སངས་པ།
31དེ་ནས་​ཡེ་ཤུ་​ཐཱ་ཨེར་​རྒྱལ་ས་ནས་​ཚི་དོན་​རྒྱལ་ས་​དིང་​། ཡུལ་སྡེ་​བཅུ་​ཟེར་​རི་​ལུང་པའི་བརྒྱུད་​ནས་​བྱས་ཏེ་ག་ལིལ་​མཚོའི་ཉེ་འཁོར་ལེ་​ཕེབས་​གནང་པི་དིག#7.31 ཡང་གེ་རིག་གི་སྐད་ལུགས་ནང་ལེ་ཡུལ་སྡེ་བཅུ་དེའི་མིང་ལེ་དེ་ཁ་པོ་ལེ་ཟིན་འོད་དིག 32ས་ཆ་​དེ་​རུ་​རྣ་མཆོག་འོན་པ་དིང་​ལབ་ཟེར་མི་ཐུབ་མཁན་མི་​ཞིག་​འོད་དིག མི་​ཀྱ་​ཀྱིས་ཁོ་​ཡེ་ཤུའི་དྲུང་དུ​་​ཁྲིད་​འོངས་ཏེ། ཁྱེད་ཀྱིས་​མི་​འདི་​དྲག་​ཐུབ་​པའི་ཆེད་དུ་ཕྱག་དབང་​གནང་རོགས་ཟིན་ཞུ་བ་ཕུལ་ཕེན། 33ཡེ་ཤུས་ལྐུགས་པ་བྱུང་བའི་མི་དེ་མི་ཚོགས་ཀྱི་དཀྱིལ་ནས་ཟུར་ཞིག་ལེ་ཁྲིད་​གནང་སྟེ། ཁོང་​གིས་​རང་གི་མཛུག་གུ་ཁོའི་རྣ་མཆོག་​ནང་ལེ་​བཅུག་​པི་མ་ཟད། རང་གི་མཛུག་གུ་ལེ་​མཆིལ་མ་​གཏོར་​ཏེ། ཁོའི་​ལྕི་མོ་​ལེ་ཐུག་ཚོད་​བྱས་​པི་རྗེས་ལེ། 34ནམ་མཁའ་​ལེ་​གཟིགས་​ཏེ་​དབུགས་​རིང་​ཞིག་​བཏང་​སྟེ། མི་དེ་ལེ་ཨེ་ཕ་ཐ་​ཟིན་​གསུངས་​པི་​དིག འདིའི་དོན་​དག་དེ་ནི། འོན་​སངས་​ཟེར་​རི་ཡིན་​དིག#7.34 ཨེ་ཕ་ཐ་ཟེར་རི་དེ་ནི། ཨ་ར་མེའི་སྐད་ལུགས་ཡིན་དིག 35དེ་​ལོང་​མེད་​འོན་​སངས་​པི་​མི་ཟད། ལབ་ཟང་​སྒྲ་​དག་པོ་​ཟེར་​རྒྱུ་​འོད་ཡོད་​བྱུང་​པི་​དིག 36དེ་ནས་​ཡེ་ཤུས་​འདི་རུ་​འོད་ཡོད་​མི་​ཀྱ་​ལེ་​གནས་ཚུལ་​འདི་​མི་སུ་​ལེ་ཟང་​མ་​ཟེར་​ཟིན་​ནན་ཏན་​བྱས་​ཏེ་​བཀའ་​གནང་​པི་​དིག ཡིན་ནའང་། མི་​འདི་​ཀྱ་​ཀྱིས་​འཛེན་དེ་ལས་ལྷག་ཚོད་མི་​ཡེ་རེ་ལེ་ཁྱབ་གྲགས་​བྱས་​པི་དིག 37མི་ཀྱ་ཀྱིས་ཁོང་གིས་མཛད་པའི་ཕྱག་ལས་འདི་ལེ་​ཧ་ལས་​འཇུ་གུ་​བྱུང་​སྟེ། ཁོང་​གིས་མཛད་​པའི་ཕྱག་ལས་དེ་ངོ་ཐོག་ངོ་མཚར་ཞིག་ཡིན་དིག ལྟོས་དང་། ལྐུགས་པ་ཟང་ལབ་ཟེར་​རྒྱུ་​འོད་ཡོད་བྱུང་པི་དིང་​། ཡང་འོན་པ་ཟང་​ཐོས་ཐུབ་​རྒྱུ་འོད་ཡོད་བཟོས་གནང་སོང་ཟིན་​ཕན་ཚུན་བར་ལེ་ལབ་གླེང་བགྱིད་​འོད་དིག །

Tällä hetkellä valittuna:

མར་ཀུ། 7: DLPO

Korostus

Jaa

Kopioi

None

Haluatko, että korostuksesi tallennetaan kaikille laitteillesi? Rekisteröidy tai kirjaudu sisään