མར་ཀུ། 8

8
ལེའུ་བརྒྱད་པ།
མི་​བཞི་སྟོང་​ཚོད་གྲོད་པ་​འགྲང་​དུ་​བཅུག་པ།
1དུས་དེ་རྒྱ་མི་ཚོགས་​མང་པོ་​ཞིག་ཡང་དང་​དེ་རུ་འཛོམས་འོངས་པི་དིག ཡང་མི་ཚོགས་དེ་ཀྱ་ས་ཆ་དེ་རུ་སླེབས་ཏེ་ཉིན་ཁ་ཤས་བུད་ཚར་རི་མ་ཟད། ཁོང་ཀྱ་ལེ་ཟ་​རྒྱུ་​ཟང་མེད་​ཕེན། ཡེ་ཤུས་​རང་གི་​སློབ་མ་​ཀྱ་​ཚུར་ཤོག་​སྨྲས་​ཏེ། 2མི་ཚོགས་​འདི་​ཀྱ་​ངའི་སྐྱེན་ལེ་ཞག་པོ་​གསུམ་​ཚོད་བསྡད་དི་དིག ད་ལྟ་​མི་​འདི་ཀྱ་​ལེ་ཟ་མ་​ཅི་​གང་​མེད་​ཕེན་མི་ཀྱ་ལེ་ང་སྙིང་རྗེ་འདུག 3མི་​འདི་ཀྱ་​ནང་​ནས་​ཁ་ཤས་ནི་ཐག་​རིང་པོ་​ནས་ངའི་སྐྱེན་ལེ་​འོངས་པི་དིག ད་ངས་​མི་འདི་ཀྱ་​གྲོད་པ་​སྟོང་པ་​ལེ་​ལོག་ཏུ་བཅུག་​པི་ཡིན་ནི། ཁོང་​ཀྱ་​ལམ་​ལེ་​ལྟོགས་ཏེ་དྲན་མེད་ཤོར་རི་ཉེན་ཁ་འོད་དིག་​ཟིན་གསུངས་​པི་​དིག 4དེ་ནས་​སློབ་མ་​ཀྱ་​ཀྱིས་​ཡེ་ཤུ་ལེ་ས་ཆ་དབེན་སྟོང་​འདི་རུ་​མི་འདི་ཀྱ་ལེ་འ​གྲང་ཐུབ་རྒྱུ་སྒོར་ཕྱེ་​ཞིག་​ག་ན་ནས་འབྱོར་​རྒྱུ་ཟིན་​ཞུས་ཕེན། 5ཡེ་ཤུས་ཁྱེད་​ཀྱ་​ལེ་​སྒོར་ཕྱེ་ཙམ་​འོད་​དོ་​ཟིན་དྲིས་ཏེ། ཉེད་​ལེ་​སྒོར་ཕྱེ་བདུན་​འོད་​ཞུས་པི་​དིག 6དེ་ནས་​ཡེ་ཤུས་​མི་ཚོགས་​དེ་ཀྱ་​ས་​ལེ་​སྡོད་ཟིན་བཀའ་གནང་པི་དིག ཡང་ཁོང་​གིས་​སྒོར་ཕྱེ་​བདུན་པོ་​འདི་​ཕྱག་ལེ་​བསྣམས་​ཏེ། དཀོན་མཆོག་​ལེ་​བཀའ་དྲིན་​ཆེ་ཞུས་པའི་རྗེས་​ལེ། སྒོར་ཕྱེ་​དེ་​ཕྱེད་ཀ་བཏང་​སྟེ། མི་ཚོགས་དེ་ཀྱ་ལེ་གཏོད་​ཟིན་སློབ་མ་ཀྱ་ལེ་གཏད་དི་དིག ཡང་སློབ་མ་​ཀྱ་​ཀྱིས་​ཟང་​སྒོར་ཕྱེ་དེ་མི་ཚོགས་ཀྱ་​ལེ་​བགོས་​ཏེ་​གཏད་དི་​དིག 7ཡང་​ཁོང་ཀྱ་ལེ་ཉ་ཤ་ཆུང་མ་ཁ་ཤས་འོད་ཕེན། ཡེ་ཤུས་ཉ་ཤ་འདི་དཀོན་མཆོག་​ལེ་​བཀའ་དྲིན་ཆེ་​ཟིན་ཞུས་​ཏེ་མི་ཚོགས་ཀྱ་ལེ་བགོས་ཤིག་ཟིན་སློབ་མ་ཀྱ་ལེ་བཀའ་​གནང་​པི་​དིག 8-10དེ་ནས་འདི་རུ་འོད་ཡོད་མི་​ཚོགས་ཡེ་རེས་གྲོད་པ་འགྲངས་​འགྲངས་བཟས་​པི་མ་ཟད། སློབ་མ་​ཀྱ་​ཀྱིས་​ཟས་ལྷག་བསྡུས་ཏེ་རྐོན་པ་བདུན་བཀང་པི་དིག དེ་​རྒྱ་ཟ་མ་​བཟའ་​མཁན་​མི་​བཞི་སྟོང་​ཚོད་​འོད་དིག ཡང་ཡེ་ཤུས་​མི་ཚོགས་​འདི་ཀྱ་རང་སོ་སོའི་ཁྱིམ་ལེ་​ལོག་​བརྫངས་​ལོང་མེད། ཁོང་རང་​སློབ་མ་ཀྱ་​དིང་སྐྱེན་ལེ་​གྲུ་ལེ་བཞོན་དེ་དཱལ་མ་​ནུ་ཐ་​ཟེར་​རི་​ལུང་པ་​ལེ་​ཕེབས་​པི་​དིག
ཕཱ་རུ་ཤི་པ་ཀྱ་ཀྱིས་ཡེ་ཤུ་ལེ་ཉམས་ཚོད་བླངས་པ།
11ཡང་ཕཱ་རུ་ཤི་པ་​ཀྱ་​ཡེ་ཤུ་​ལེ་​རྩོད་གླེང་བགྱིད་​དུ་​འོངས་ཏེ་ཁོང་ལེ། ཁྱོད་རང་དཀོན་མཆོག་​ནས་ཡིན་དི་​ཡ་མཚན་གྱི་རྟགས་ཞིག་​ཉེད་ཀྱ་ལེ་སྟོན་དང་​ཟིན་​ཉམས་ཚོད་​བྱས་​ཕེན། 12-13ཡེ་ཤུས་​དབུགས་​རིང་ཞིག་​སྟོན་​ཏེ། ད་ལྟའི་​མི་རབས་​འདི་​ཀྱ་​ཀྱིས་​ཅིའི་​ཆེད་དུ་རྟགས་​ཤིག་པ་རྐྱང་​འཚོལ་ལི་​ཡིན་ནེ། ང་​ཁྱེད་​ཀྱ་​ལེ་​བདེན་པ་​ཟེར་​རོ། མི་རབས་​འདི་​ལེ་​ཡ་མཚན་​གྱི་​རྟགས་​སྟོན་​རྒྱུ་​མན་ཟིན་​གསུངས་​པི་དིག དེ་ནས་ཁོང་​གིས་ཕཱ་རུ་ཤི་པ་དེ་ཀྱ་​ལེ་ཁ་ཡ་​མ་​བྱས་ཏེ། ཁོང་རང་ཡང་དང་སློབ་མ་ཀྱ་དིང་སྐྱེན་ལེ་གྲུ་ལེ་​བཞོན་​ཏེ་​མཚོ་​ཕར་ཀན་​ལེ་​ཕེབས་​པི་​དིག
ཕཱ་རུ་ཤི་པ་​དིང་​ཧེ་རོ་དཱེ་ལེ་དོགས་ཟོན་​བགྱིད་​དགོས་པའི་སྐོར།
14དེ་ནས་སློབ་མ་​ཀྱ་​གྲུ་བཞོན་ཏེ་འགྲོ་​རྒྱ། རྒྱགས་བེ་​འཁྱེར་​རྒྱུ་​དྲན་པ་བརྗེད་​ཕེན། ཁོང་ཀྱ་ལེ་སྒོར་ཕྱེ་གཅིག་​མ་གཏོགས་མེད་དིག 15དེ་ནས་ཡེ་ཤུས་​རང་གི་སློབ་མ་ཀྱ་ལེ་སྐྱུར་རྩི་ཞིག་ལེ་དཔེ་བསྟན་གནང་སྟེ། ཁྱེད་ཀྱ་ཀྱིས་བློ་རིག་པ་​བསྒྲིམས་ཏེ་ཕཱ་རུ་ཤི་པ་​དིང་​ཧེ་རོ་དཱེའི་སྐྱུར་རྩི་ནང་​ལེ་​མི་​ཚུབས་བའི་​ཆེད་དུ་​དོགས་​ཟོན་​གྱིས་​ཤིག་​ཟིན་ཉེན་བརྡ་བཏང་​པི་དིག
16ཡིན་ནའང་​། སློབ་མ་​ཀྱ་​ཕན་ཚུན་གཅིག་གིས་གཅིག་ལེ། འུ་ཀྱ་ཀྱིས་སྒོར་ཕྱེ་མ་འཁྱེར་འོད་ཕེན། དེའི་སྐོར་ལེ་གསུང་གནང་པི་ཡིན་འདྲོ་ཟིན་གོ་བ་ནོར་ཕེན། 17ཡེ་ཤུས་ཁོང་ཀྱ་ཀྱི་​བསམ་ཚུལ་​དེ་མཁྱེན་​ཏེ། ཁྱེད་​ཀྱ་​ཅི་ལེ་​ཟ་​རྒྱུ་​སྐོར་​ལེ་ལབ་གླེང་​བགྱིད་​དི་​ཡིན་དོ། ཁྱེད་​ཀྱ་​ད་རུང་​ཟང་​ཧ་​མི་​གོ་​འདུག་​གས། ཁྱེད་​ཀྱ་​ཀྱི་​སེམས་​ད་རུང་ཟང་གྱོང་པོ་ཡིན་གས། 18ཁྱེད་ཀྱ་​ལེ་​མིག་འོད་ནའང་མི་མཐོང་འདུག་གས། རྣ་མཆོག་འོད་ནའང་མི་ཐོས་འདུག་​དས། ཁྱེད་ཀྱ་ལེ་དྲན་པ་མི་​འདུག་​གས། 19ངས་​སྒོར་ཕྱེ་ལྔ་པོ་​དེ་མི་ལྔ་​སྟོང་ལེ་​ཕྱེད་ཀ་བཏང་​སྟེ་​གཏད་དི་ཡིན། ཡང་ཁྱེད་ཀྱ་ཀྱིས་​ཟང་​ཟས་ལྷག་རྐོན་པ་​ཙམ་​བསྡུས་​པོ་ཟིན་​དྲིས་​ཏེ། ཉེད་ཀྱ་ཀྱིས་​རྐོན་པ་​བཅུ་གཉིས་​བསྡུས་པི་​ཡིན་​ཞུས་​པི་​དིག 20ཡང་སྒོར་ཕྱེ་​བདུན་པོ་​དེ་​ངས་​མི་​བཞི་སྟོང་ལེ་​ཕྱེད་ཀ་​བཏང་​སྟེ་​བྱིན་​དི་མ་ཟད། ཁྱེད་ཀྱ་ཀྱིས་​ཟང་​ཟས་ལྷག་​རྐོན་པ་​ཙམ་​བསྡུས་པོ་​ཟིན་​དྲིས་​ཏེ། ཉེད་ཀྱ་ཀྱིས་རྐོན་པ་​བདུན་​བསྡུས་པི་​ཡིན་​ཞུས་​པི་​དིག 21ཡེ་ཤུས་ཁྱེད་​ཀྱ་ཀྱིས་​ད་རུང་​ཟང་​ཧ་​མི་​གོ་​འདུག་གས་ཟིན་གསུངས་​པི་​དིག
པེ་སད་དཱ་​ཡུལ་གྱི་​མི་​ཞ་ར་​ཞིག་མཐོང་རྒྱུ་འོད་ཡོད་བྱུང་བ།
22དེ་ནས་​ཁོང་​ཀྱ་​པེ་སད་དཱ་​ཟེར་​རི་​ཡུལ་​ལེ་​སླེབས་​ཕེན། མི་​ཁ་ཤས་​ཀྱིས་མི་​ཞ་ར་​ཞིག་​ཡེ་ཤུ་དྲུ​ང་​དུ་​ཁྲིད་​འོངས་ཏེ། ཁོང་ལེ་ཕྱག་དབང་​གནང་​རོགས་​ཟིན་ཞུ་བ་ཕུལ་ཕེན། 23ཡེ་ཤུས་​མི་ཞ་ར་​ཁོའི་​ལག་ག་ནས་​འཇུས་ཏེ་ཡུལ་​གྱི་​ཕྱི་ལེ་ཁྲིད་​དི་མ་ཟད། ཁོང་​གིས་​ཞ་རའི་​མིག་​ལེ་​མཆིལ་མ་​གཏོར་​རི་དིང་། ཡང་ལུས་ལྟག་ག་ལེ་​ཕྱག་​བོར་​ཏེ། ད་ཁྱོད་ཀྱིས་ཅི་ཞིག་མཐོང་​གི་འདུག་ཟིན་དྲིས་​པི་དིག 24ཡང་​ཞ་ར་​ཁོས་མིག་ཡར་བལྟས་ཏེ། ངས་མི་ཀྱ་མཐོང་གི་འདུག ཡིན་ནའང་། ངས་ཧྲིབ་ཧྲིབ་མ་གཏོགས་གསལ་པོ་མི་མཐོང་འདུག མི་དེ་ཀྱ་ནི་སྡོང་པོ་ཅོག་འདྲ་མཐོང་གི་འདུག་ཟིན་ཞུས་པི་དིག 25དེ་ནས་​ཡེ་ཤུས་​ཡང་དང་ཞ་ར་ཁོའི་མིག་​ལེ་​ཕྱག་​བོར་ཕེན། ཁོའི་མིག་​གིས་ཡེ་རེ་གསལ་པོ་​མཐོང་​རྒྱུ་འོད་ཡོད་​བྱུང་​པི་དིག 26ཡང་ཡེ་ཤུས་​མི་​ཁོ་​ལེ། ད་ཁྱོད་རང་ཤར་རེ་རང་གི་ཁྱིམ་ལེ་ལོག་རྒྱུགས། ཡུལ་​འདིའི་​ནང་ལེ་མ་འགྲོ་ཟིན་​བཀའ་​གནང་​པི་​དིག
པེ་ཏྲེས་ཡེ་ཤུ་ནི་སྐྱབས་མགོན་ཡིན་དི་ཁས་བླངས་པ།
27ཡང་ཡེ་ཤུ་དིང་​སློབ་མ་​ཀྱ་​སྐྱེན་ལེ། ཀེ་སར་ཡཱ་​ཕི་ལིབ་ཕེ་​ཟེར་​རི་​རྒྱལ་སའི་​ཉེ་འཁོར་​གྱི་​ཡུལ་​ལེ་​ཕེབས་​རྒྱ། ཁོང་གིས་སློབ་མ་​ཀྱ་​ལེ། མི་​ཀྱ་​ཀྱིས་​ང་​སུ་​ཡིན་དིག་​ཟིན་​འདུག་​གོ་​ཟིན་​དྲིས་​ཕེན། 28སློབ་མ​་ཀྱ་​ཀྱིས་ཡེ་ཤུ་ལེ། མི་​ལ་ལས་ཁྱེད་རང་ནི་​ཁྲུས་གསོལ་​བགྱིད་​མཁན་​ཡོ་ཧ་ནན་​ཡིན་​གྱི་​དིག་​ཟིན་​འདུག ཡང་​མི་ལ་ལས་​ལུང་སྟོན་པ་ཨེ་ལི་ཡཱ་​ཡིན་​གྱི་​དིག་ཟིན་འདུག ཡང་​ནི། ལུང་སྟོན་པ་ཀྱ་​ནང་​ནས་​གཅིག་​ཡིན་​གྱི་​དིག་​ཟིན་​འདུག་​ཟིན་ཞུས་པི་དིག 29འོ་ནེ། ཁྱེད་​ཀྱ་ཀྱིས་​ང་​སུ་​ཡིན་དིག་​ཟིན་འོད་དོ་​ཟིན་དྲིས་​ཏེ། པེ་ཏྲོས་​ཁྱེད་​རང་ནི་​སྐྱབས་མགོན་​ཡིན་དིག་​ཟིན་ཞུས་​པི་​དིག 30ཡིན་ནའང་། ཡེ་ཤུས་ཁོང་ཀྱ་ལེ་ང་སུ་ཡིན་མིན་འདི་མི་​སུ་​ལེ་​ཟང་མ་​ཟེར་​ཅིག་​ཟིན་​ནན་ཏན་​བྱས་​ཏེ་​བཀའ་​གནང་​པི་​དིག
ཡེ་ཤུས་རང་དགྲོང་​རྒྱུ་​ཡིན་​དི་སྐོར་ལེ་ལུང་བསྟན་པ།
31དེ་ནས་​ཡང་​ཡེ་ཤུས་​རང་གི་སློབ་མ་​ཀྱ་​ལེ། མིའི་བི་ས་​ལེ་​བཀའ་སྡུག་མང་པོ་​མྱོང་​དགོས་འོང་རྒྱུ་ཡིན་དི་དིང་​། ཡང་​ཡ་ཧུ་དཱ་པའི་​རྒན་མི་​ཀྱ་​དིང་​། མཆོད་པ་འབུལ་མཁན་ཀྱ་དིང་​། ཆོས་ཁྲིམས་​མཁས་པ་​ཀྱ་​ཀྱིས་​ཁོ་ལེ་ཁས་ལེན་​མ་​བྱས་ཏེ་རུབ་སྟེ་​ཁོ་གསོད་​ཀྱི་​དིག ཡང་ཞག་​མ་གསུམ་​ནང་​ལེ་​ཡང་དང་ཁོང་རང་གསོན་པོ་ལངས་ཀྱི་​དིག་​ཟིན་གསུངས་པི་​དིག 32ཡང་ཁོང་​གིས་རང་གི་​སྐོར་​ལེ་​ཅི་​འོང་​རྒྱུ་ཡིན་དི་དོན་དེ་​གསལ་པོ་​བྱས་​ཏེ་​གསུང་​ཕེན། པེ་ཏྲོས་​ཡེ་ཤུ་​ཟུར་​ལེ་​ཁྲིད་​ཏེ་​ཁོང་​ལེ་འདི་གི་​འོང་​སྲིད་ལོད་མེད་​ཟིན་​ཁོང་​ལེ་​འཁྲུག་པ་​བཙལ་​ལི་​དིག 33ཡིན་ནའང་། ཡེ་ཤུ་​ཞལ་​ཚུར་འཁོར་ཏེ་​སློབ་མ་​ཀྱ་​ལེ་​གཟིགས་​ཏེ། པེ་ཏྲོ་​ལེ་བཀའ་བཀྱོན་གནང་སྟེ། བདུད་​སཱ་ཏན་​ཁྱོད་​ཕ་​ལེ་​རྒྱུགས། ཁྱོད་ཀྱིས་དཀོན་མཆོག་​གི་དགོངས་པ་ཅོག་འདྲ་མ་བྱས་ཏེ། མིའི་འདོད་པ་ཅོག་འདྲ་བྱས་པི་དིག་ཟིན་གསུངས་པི་དིག 34དེ་ནས་ཁོང་​གིས་​མི་ཚོགས་དིང་​སློབ་མ་​ཀྱ་​རང་གི་མདུན་​དུ་སྐད་བཏང་སྟེ​། གལ་སྲིད་མི་​སུ་​ཞིག་ངའི་​རྗེས་​ལེ་​འབྲང་​འདོད་​འོད་​ནི། མི་དེ་ཀྱ་​ཀྱིས་ང་ཟེར་རི་ཚིག་དེ་​སྤངས་​ཏེ་​གདུང་མ་ཀུ་རུ་ཁ་འཁུར་ཏེ་ངའི་​རྗེས་​ལེ་​འབྲོངས་​ལེད། 35མི་​སུས་​རང་གི་སྲོག་​སྐྱོབ་​འདོད་མཁན་​དེས། རང་གི་​སྲོག་​ཤོར་​གྱི་​དིག ཡང་​ང་​རིང་ངའི་​གཏམ་བཟང་​གི་ཆེད་དུ། རང་སྲོག་​བོར་མཁན་​དེས་རང་སྲོག་​སྐྱོབ་​ཀྱི་​དིག 36མི་​སུ་​ཞིག་​ལེ་​འཇིག་རྟེན་གང་ཚང་ཐོབ་​ནའང་། རང་སྲོག་​ཤོར་ནི་ཅི་ཕན་ཐོགས་འདུག་​གོ། 37ཡང་ནི། མི་སུ་ཞིག་གིས་དཀོན་མཆོག་ལེ་རིན་ཆེན་པོ་གཏད་དེ་མཐའ་མེད་པའི་ཚེ་སྲོག་དེ་འཐོབ་སྲིད་གྱོ་འོད་དི་གས། རྩ་བ་ནས་འཐོབ་སྲིད་ཀྱི་མ་དིག 38བྱི་བོ་བྱི་མོ་བགྱིད་མཁན་དིང་སྡིག་ཅན་ད་ལྟའི་མི་རབས་འདི་ཀྱ་​ཀྱིས་ང་རིང་​ངས་​བསྟན་​པའི་​བསླབ་བྱ་​འདི་​ལེ། ཁས་ལེན་​མ་​བྱས་ཏེ་ངོ་ཚ་ཞིག་ལེ་བརྩིས་ནི། མིའི་བི་ས་ཟང་རང་གི་​ཡབ་​ཀྱི་​གཟི་བརྗིད་​ངང་​ནས་​དཀོན་མཆོག་​གི་ཕོ་ཉ་​དམ་པ་​ཀྱ་​དིང་སྐྱེན་​ལེ་​འོང་​རྒྱ། མི་​དེ་​ཀྱ་​ལེ་​ཁས་ལེན་​མ་བྱས་ཏེ་​ངོ་ཚ་​ཞིག་ལེ་བརྩི་གྱི་དིག་ཟིན་གསུངས་​པི་​དིག །

Tällä hetkellä valittuna:

མར་ཀུ། 8: DLPO

Korostus

Jaa

Kopioi

None

Haluatko, että korostuksesi tallennetaan kaikille laitteillesi? Rekisteröidy tai kirjaudu sisään