མར་ཀུ། 9
9
ལེའུ་དགུ་པ།
1དེ་ནས་ཡང་ཡེ་ཤུས་སློབ་མ་ཀྱ་ལེ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། འདི་རུ་ལངས་བསྡད་འོད་ཡོད་མི་ཀྱ་ནང་ནས་ཁ་ཤས་ཀྱིས་མཐུ་སྟོབས་ཅན་གྱི་དཀོན་མཆོག་གི་རྒྱལ་ཁབ་དེ་སླེབས་འོང་གི་མ་མཐོང་བར་དུ་ཤི་གྱི་མ་དིག་ཟིན་གསུངས་པི་དིག
ཡེ་ཤུའི་སྐུ་གཟུགས་ཀྱི་རྣམ་པ་འགྱུར་བ།
2ཡང་ཉིན་མ་དྲུག་འགོར་རི་རྗེས་ལེ། ཡེ་ཤུས་རང་གི་སློབ་མ་པེ་ཏྲོ་དིང་ཡ་ཀོབ། ཡོ་ཧ་ནན་ཁོ་གསུམ་པོ་ཁྲིད་གནང་སྟེ་རི་དབེན་པོ་ཞིག་ལེ་ཕེབས་པི་དིག དེ་ནས་ཡང་ཁོང་ཀྱ་ཀྱི་མདུན་དུ་ཡེ་ཤུའི་སྐུ་གཟུགས་ཀྱི་རྣམ་པ་འགྱུར་རི་དིང་། 3ཁོང་གི་ནམ་བཟའ་དེ་ནི་འཇིག་རྟེན་འདིའི་ནང་ལེ་མི་སུས་ཟང་ཚོན་མདོག་དཀར་པོ་ཁ་ཅོག་འདྲ་བཟོ་ཐུབ་རྒྱུ་མེད་མེད་འོད་མདངས་ཅན་གྱི་དཀར་པོ་ཞིག་ལེ་འགྱུར་རི་དིག 4ཡང་དུས་དེ་རྒྱ་སྔར་དང་པོའི་ལུང་སྟོན་པ་ཨེ་ལི་ཡཱ་དིང་མོ་ཤེ་ཁོང་གཉིས་མངོན་སུམ་ཕེབས་གནང་སྟེ། ཡེ་ཤུ་དིང་སྐྱེན་ལེ་བཀའ་མོལ་གནང་པི་དིག 5-6དེ་ནས་སློབ་མ་གསུམ་པོ་དེ་ཀྱ་སེམས་འཇུ་གུ་ཚབས་ཕེན། པེ་ཏྲོས་ཅི་ཟེར་འདི་ཟེར་མ་ཤེས་ཏེ། ཡེ་ཤུ་ལེ། སློབ་དཔོན། འོ་རང་ཀྱ་འདི་རུ་བསྡད་ནི་དགའ་མོ་འདུག འོ་རང་ཀྱ་སྡོད་ས་བསིལ་གཡབ་རེ་རེ་བཟོ་བོའོ། ཁྱེད་ལེ་གཅིག་དིང་། མོ་ཤེ་ལེ་གཅིག ཨེ་ལི་ཡཱ་ལེ་གཅིག་བགྱིད་རོ་ཟིན་ཞུས་པི་དིག 7དེ་ནས་སྤྲིན་གྱིས་ཁོང་ཀྱ་ལེ་བསྒྲིབས་པི་མ་ཟད། སྤྲིན་གྱི་ནང་ནས་འདི་ནི་ངའི་སྙིང་གི་བི་ས་ཡིན། ཁོའི་ཁ་ལེ་ཉོན་ཅིག་ཟིན་གསུངས་སྐད་ཞིག་ཐོས་ལོང་མེད། 8སློབ་མ་ཀྱ་ཀྱིས་ཕར་ཚུར་བལྟས་ནའང་ཡེ་ཤུ་གཅིག་རང་མ་གཏོགས་གཞན་སུ་ཟང་མ་མཐོང་པི་དིག 9དེ་ནས་ཡེ་ཤུ་དིང་སློབ་མ་གསུམ་པོ་ཀྱ་རི་ནས་མར་ལེ་འོང་རྒྱ། ཁོང་གིས་སློབ་མ་གསུམ་པོ་ལེ་མིའི་བི་ས་ཤི་ནས་ཡང་དང་གསོན་པོ་མ་ལང་བར་དུ། ཁྱེད་ཀྱ་ཅི་མཐོང་པི་དེ་མི་སུ་གཅིག་ལེ་ཟང་མ་ཟེར་ཅིག་ཟིན་ནན་ཏན་བྱས་ཏེ་བཀའ་གནང་པི་དིག 10ཡང་སློབ་མ་གསུམ་པོ་དེ་ཀྱ་ཀྱིས་ཟང་ཁོང་གིས་གསུངས་པི་འདི་རང་གི་སེམས་ནང་ལེ་བོར་ནའང་། ཤི་ནས་ཡང་དང་གསོན་གྱི་ཡིན་ཟེར་རི་དོན་དེའི་སྐོར་ལེ་ཧ་མ་གོ་ཕེན། གཅིག་གིས་གཅིག་ལེ་ཅི་ཟེར་རི་ཡིན་ནེ་ཟིན་ལབ་གླེང་བགྱིད་འོད་དིག 11སློབ་མ་ཀྱ་ཀྱིས་ཁོང་ལེ། ཆོས་ཁྲིམས་མཁས་པ་ཀྱ་ཀྱིས་ལུང་སྟོན་པ་ཨེ་ལི་ཡཱ་ཁོང་རང་ནི། སྐྱབས་མགོན་གྱི་སྔོན་ལེ་ཕེབས་འོང་གྱི་དིག་ཟེར་རི་དོན་དེ་ཅི་ཟེར་རི་ཡིན་གོ་ཟིན་ཞུས་ཏེ། 12ཁོང་གིས་ལུང་སྟོན་པ་ཨེ་ལི་ཡཱ་མངོན་སུམ་དུ་སྔོན་ལེ་ཕེབས་ཏེ་ཡེ་རེ་བསྐྱར་གསོ་གནང་གྱི་དིག ཡིན་ནའང་། དཀོན་མཆོག་གི་གསུང་རབ་ནང་ལེ། མིའི་བི་ས་ལེ་དཀའ་སྡུག་མང་པོ་མྱང་དགོས་པི་མ་ཟད། ཡང་མི་ཀྱ་ཀྱིས་ཟང་ཁོང་ལེ་མཐོང་ཆུང་བགྱིད་ཀྱི་དིག་ཟིན་ཅི་ལེ་བྲིས་པི་གོ། 13ཡིན་ནའང་། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། གསུང་རབ་ཀྱི་མདོ་ནང་ལེ་ལུང་སྟོན་པ་ཨེ་ལི་ཡཱའི་སྐོར་ལེ་ལུང་བསྟན་པི་ཅོག་འདྲ། ཁོང་རང་ཕེབས་ཚར་འོད་དིག མི་ཀྱ་ཀྱིས་ཁོང་ལེ་རང་གི་འདོད་པ་ཅི་འོད་ཡོད་ཅོག་འདྲ་བྱས་པི་དིག་ཟིན་གསུངས་པི་དིག
གདོན་འདྲེ་ཞུགས་པའི་བི་ས་གཅིག་དྲག་དུ་བཅུག་པ།
14དེ་ནས་ཡེ་ཤུ་དིང་སློབ་མ་གསུམ་པོ་དེ་ཀྱ། སློབ་མ་གཞན་མ་འོད་ས་ལེ་ལོག་འོང་རྒྱ། མི་ཚོགས་མང་པོ་ཞིག་གིས་སློབ་མ་གཞན་མ་ཀྱ་ཀྱི་མཐའ་བསྐོར་འོད་དེ་མ་ཟད། ཆོས་ཁྲིམས་མཁས་པའི་མི་ཁ་ཤས་ཞིག་གི་སྐྱེན་ལེ་རྩོད་གླེང་བགྱིད་འོད་དི་ཡེ་ཤུས་གཟིགས་པི་དིག 15དེ་ནས་མི་ཚོགས་དེ་ཀྱ་ཀྱིས་ཡེ་ཤུ་ཕེབས་འོང་གི་མཐོང་ལོང་མེད་ཧ་ལས་ངང་ནས་ཁོང་ལེ་མཇལ་དུ་རྒྱུགས་པི་དིག 16ཡང་ཡེ་ཤུས་མི་དེ་ཀྱ་ལེ་ཁྱེད་ཀྱ་ཅིའི་ཆེད་དུ་རྩོད་གླེང་བགྱིད་དི་ཡིན་དོ་ཟིན་དྲིས་ཕེན། 17མི་ཚོགས་དེ་ཀྱ་ཀྱི་ནང་ནས་མི་གཅིག་གིས་ཁོང་ལེ། སློབ་དཔོན། ངས་བི་ས་འདི་ཁྱེད་ཀྱི་སྐུ་མདུན་དུ་ཁྲིད་འོངས་པི་ཡིན། བི་ས་འདི་ལེ་གདོན་འདྲེ་ཞུགས་ཕེན་ལྐུགས་པ་བྱུང་སོང་། 18གདོན་འདྲེ་དེས་ངའི་བི་ས་ལེ་འགྱེལ་དུ་བཅུག་པི་མ་ཟད། ཁོའི་ཁ་ནས་ལྦུ་བ་འཐོན་འོང་གི་དིང་། སོ་ཁྲིག་ཁྲིག་བགྱིད་འདུག ཡང་གཟུགས་པོ་རེངས་ཏེ་འགུལ་རྒྱུ་མེད་མེད་བྱུང་སོང་། ངས་ཁྱེད་ཀྱི་སློབ་མ་ཀྱ་ལེ་གདོན་འདྲེ་དེ་བི་སའི་ཁོག་ནས་ཕྱི་ལེ་ཐོན་རོགས་སྨྲས་པི་ཡིན། ཡིན་ནའང་། ཁོང་ཀྱ་ཀྱིས་འདོན་མ་ནུས་སོང་ཟིན་ཞུས་པི་དིག 19དེ་ནས་ཡེ་ཤུས་དད་པ་མེད་མེད་མི་རབས་ཁྱེད་ཀྱ་སྐྱེན་ལེ་ང་ཙམ་སྡོད་རྒྱུ། ངས་ཙམ་ཞིག་བཟོད་སྒོམ་བགྱིད་རྒྱུ། བི་ས་འདི་རུ་ཁྲིད་ལེད་ཟིན་གསུངས་ཕེན། 20མི་ཀྱ་ཀྱིས་བི་ས་དེ་ཡེ་ཤུའི་མདུན་ལེ་ཁྲིད་འོངས་པི་དིག དེ་ནས་གདོན་འདྲེ་དེས་ཡེ་ཤུ་མཐོང་ལོང་མེད། བི་ས་དེ་ལེ་འཛེན་ཤུགས་ཆེ་རུ་སྤྲུགས་ཏེ་ས་ལེ་བརྡབས་ཕེན། ས་ལེ་འགྱེལ་ཏེ་འགྲེ་ལོག་བརྒྱབ་པི་མ་ཟད། ཁ་ནས་ལྦུ་བ་ཐོན་འོངས་པི་དིག 21དེ་ནས་ཡེ་ཤུས་བི་སའི་ཨ་ཀྱི་ལེ། དུས་ནམ་ནས་ཕེན་ཁོ་ལེ་འོ་འདི་གི་བྱུང་པི་གོ་ཟིན་དྲིས་ཏེ། ཁོ་ཆུང་མ་ནས་ཕེན་འོ་འདི་གི་བྱུང་པི་དིག 22གདོན་འདྲེ་དེས་ངས་བི་ས་གསོད་རྒྱུ་ཆེད་དུ། མེ་རིང་ཆུའི་ནང་ལེ་ལན་མ་མང་པོ་ཡུགས་སོང་། ཁྱེད་ཀྱི་ཅི་ཞིག་བགྱིད་ནུས་ནའང་། ཉེད་ཀྱ་ལེ་སྙིང་རྗེ་གནང་རོགས་ཟིན་ཞུ་བ་ཕུལ་ལི་དིག 23དེ་ནས་ཡེ་ཤུས་ཁོ་ལེ། ཁྱོད་ཀྱིས་ང་ལེ་ཅི་ཞིག་བགྱིད་ནུས་ནའང་ཟིན་ཅི་ལེ་ཟེར་རི་དོ། གལ་སྲིད་མི་སུས་ང་ལེ་དད་པ་བྱས་པི་ཡིན་ནི། མི་དེ་ཀྱ་ཀྱི་རེ་དོན་དེ་ངས་སྒྲུབ་མི་ནུས་པར་གཅིག་གང་མེད་ཟིན་གསུངས་ཕེན། 24དེ་ལོང་མེད་བི་སའི་ཨ་ཀྱིས་སྐད་ཆེན་པོས་ངང་ནས་ང་དད་པ་འོད་ཆེ། ཡིན་ནའང་། ངའི་དད་པ་དེ་ཆེན་པོ་མེད། ཁྱེད་ཀྱིས་ང་ལེ་དད་པ་ཤུགས་ཆེན་པོ་སྐྱེ་ཐུབ་པའི་ནུས་པ་གནང་རོགས་ཟིན་ཞུས་ཏེ། 25ཡེ་ཤུས་མི་ཚོགས་མང་པོ་ཞིག་རང་གི་མདུན་དུ་རྒྱུགས་འོངས་པི་གཟིགས་ཕེན། མི་ལྐུགས་པ་བཟོ་མཁན་གདོན་འདྲེ་དེ་ལེ། ཁྱོད་རང་བི་ས་དེའི་ཁོག་ནས་ཐོན་རྒྱུགས་ཤིག དུས་ད་ནས་ཕྱིན་ཆད་བི་ས་འདིའི་ལུས་ལེ་ཡང་དང་འཛུལ་ལས་མ་བགྱིད་ཅིག་ཟིན་བཀའ་བཀྱོན་གནང་སྟེ། 26གདོན་འདྲེ་དེས་ངར་སྐད་ཆེན་པོ་བརྒྱབ་སྟེ་བི་ས་དེ་ལེ་ཡང་དང་ཤུགས་ཆེ་རུ་སྤྲུགས་སྤྲུགས་བཏང་སྟེ་ཕྱི་ལེ་ཐོན་བུད་ཕེན། བི་ས་དེ་ཤི་རོ་ཅོག་འདྲ་བྱུང་པི་དིག དེ་ནས་མི་ཚོགས་ཀྱ་ཟང་ད་བི་ས་དེ་ཤི་ཚར་རི་ཡིན་གྱི་དིག་ཟིན་འོད་དིག 27ཡིན་ནའང་། ཡེ་ཤུས་བི་སའི་ལག་ག་ནས་བསྐྱོར་ཕེན། བི་ས་འདི་ཡར་ལེ་ལངས་པི་དིག 28དེ་ནས་ཡེ་ཤུ་ཁང་པའི་ནང་ལེ་འཛུལ་ཕེན། མི་སུ་ཞིག་ཟང་མེད་རྒྱ་སློབ་མ་ཀྱ་ཀྱིས་ཁོང་ལེ། ཉེད་ཀྱ་ཀྱིས་གདོན་འདྲེ་དེ་ཅི་ལེ་འདོན་མི་ནུས་པི་ཡིན་གོ་ཟིན་ཞུས་ཏེ། 29ཁོང་གིས་སློབ་མ་ཀྱ་ལེ། གདོན་འདྲེ་དེའི་རིགས་དཀོན་མཆོག་ལེ་གསོལ་བ་སྨོན་ལམ་གྱི་བརྒྱུད་ནས་མ་གཏོགས་གཞན་ཐབས་ཤེས་ཅི་གི་ཞིག་བརྒྱུད་ནས་ཟང་ཕྱི་ལེ་འདོན་མི་ནུས་འོད་དིག་ཟིན་གསུངས་པི་དིག
ཡེ་ཤུས་རང་དགྲོང་རྒྱུ་ཡིན་དི་སྐོར་ལེ་ཡང་དང་ལུང་བསྟན་པ།
30དེ་ནས་ཁོང་དིང་སློབ་མ་ཀྱ་ས་ཆ་དེ་ནས་ཐོན་ཏེ། ག་ལིལ་ལུང་པ་བརྒྱུད་ནས་བྱས་ཏེ་ཕེབས་གནང་རྒྱ། ཁོང་རང་ག་ན་ལེ་འགྲོ་བ་ཡིན་དི་མི་གཞན་གྱིས་ཧ་མ་གོ་བ་བགྱིད་དགོས་བསམས་ཏེ། 31སློབ་མ་ཀྱ་ལེ་མིའི་བི་ས་ནི་དཔོན་པའི་ལག་ལེ་ཤོར་རི་དིང་། ཡང་མི་དེ་ཀྱ་ཀྱིས་ཁོ་རང་གསོད་རྒྱུ་ཡིན་དི་མ་ཟད། ཡང་ཞག་མ་གསུམ་པ་ལེ་ཁོང་རང་ཡང་དང་གསོན་པོ་ལང་འོང་གྱི་དིག་ཟིན་གསུངས་པི་དིག 32ཡིན་ནའང་། སློབ་མ་ཀྱ་ཀྱིས་ཁོང་གིས་ཅི་གསུངས་པའི་དོན་དེ་ཧ་མ་གོ་ཕེན། ཁོང་ལེ་དེའི་དོན་དག་སྐོར་ལེ་བཀའ་དྲི་ཞུ་མ་ཕོད་པི་དིག
སློབ་མ་ཀྱ་ནང་ལེ་སུ་གཙོ་ཆེ་ཡིན་མིན་གྱི་དོན་ལེ་རྩོད་གླེང་བྱུང་བ།
33དེ་ནས་ཁོང་ཀྱ་ཀ་ཕར་ན་ཧུམ་ཟེར་རི་ཡུལ་དུ་སླེབས་ཏེ། ཡེ་ཤུས་ཁྱིམ་ནང་ལེ་བཞུགས་རྒྱ། ཁོང་གིས་སློབ་མ་ཀྱ་ལེ། ཁྱེད་ཀྱ་ལམ་ལེ་འོང་རྒྱ་ཅིའི་སྐོར་ལེ་ལབ་གླེང་བགྱིད་དི་ཡིན་དོ་ཟིན་དྲིས་པི་དིག 34ཡིན་ནའང་། སློབ་མ་སུ་ཞིག་གིས་ཟང་ཁོང་ལེ་ལབ་ཟེར་མ་ཕོད་པི་དིག ཅི་ལེ་ཟེར་ནི། ཁོང་ཀྱ་ལམ་ལེ་འོང་རྒྱ། ཁོང་རང་ཀྱ་ནང་ནས་སུ་གཙོ་ཆེ་བ་ཡིན་མིན་གྱི་སྐོར་ལེ་རྩོད་གླེང་བྱས་པི་དིག 35ཡང་ཁོང་རང་མར་བཞུགས་ཏེ་སློབ་མ་བཅུ་གཉིས་ཀྱ་རང་གི་མདུན་དུ་ཤོག་སྨྲས་ཏེ། མི་སུ་ཞིག་ཡིན་ནའང་། རང་གཙོ་ཆེ་བ་བགྱིད་འདོད་འོད་ནི། མི་ཡེ་རེའི་རྗེས་ལེ་བསྡད་དེ་ཁོས་མི་ཀྱ་ལེ་ཞབས་ཕྱི་བགྱིད་དགོས་འོད་དིག་ཟིན་གསུངས་པི་དིག 36དེ་ནས་ཡེ་ཤུས་ཕྲུ་གུ་ཆུང་མ་ཞིག་ཁྲིད་འོངས་ཏེ། ཁོང་ཀྱ་ཀྱི་དཀྱིལ་ལེ་སྡོད་དུ་བཅུག་པི་མ་ཟད། ཕྲུ་གུ་འདི་ཁོང་རང་གི་པང་ལེ་བསྣམས་ཏེ། 37མི་སུ་ཞིག་གིས་ཕྲུ་གུ་ཆུང་མ་འདི་ཅོག་འདྲ་ཀྱ་ཀྱི་ནང་ནས་གཅིག་ལེ། ཉམ་ཆུང་བྱས་ཏེ་ངའི་མིང་བརྒྱུད་ནས་བསུས་པི་ཡིན་ནི། ངོ་ཐོག་ང་ལེ་བསུས་པི་དིང་ཁྱད་མེད། ཡང་མི་སུ་ཞིག་གིས་སེམས་ནང་ལེ་ང་ལེ་བསུས་པི་ཡིན་ནི། ངོ་ཐོག་ང་གཅིག་པོ་ལེ་བསུས་པི་མ་དིག ང་རྫོང་མཁན་དཀོན་མཆོག་ལེ་བསུས་པི་དིག་ཟིན་གསུངས་པི་དིག
དགྲ་བོ་དིང་རང་གི་ཕྱོགས་ཀྱི་སྐོར།
38དེ་ནས་ཡོ་ཧ་ནན་གྱིས་ཡེ་ཤུ་ལེ། སློབ་དཔོན། མི་གཞན་གྱིས་ཁྱེད་ཀྱི་མིང་ནང་ལེ་གདོན་འདྲེ་ཀྱ་བཏུལ་ལི་ཉེད་ཀྱ་ཀྱིས་མཐོང་བྱུང་། ཡིན་ནའང་། མི་དེ་ཀྱ་ནི་འུའི་ཕྱོགས་མན་ཕེན། ཉེད་ཀྱ་ཀྱིས་ཁོ་ལེ་དོན་དེ་བགྱིད་དུ་མ་བཅུག་པི་ཡིན་ཞུས་ཏེ། 39ཡེ་ཤུས་ངའི་མིང་བརྒྱུད་ནས་ངོ་མཚར་གྱི་ལས་དོན་བགྱིད་མཁན་དེ་ལམ་སང་ང་ལེ་ཚིག་ངན་ཟེར་མི་ནུས་འོད་དིག ཁོ་ལེ་མ་འགེག་ཅིག 40འོ་རང་ལེ་དགྲ་མི་འཛིན་མཁན་དེ་ནི། འུའི་ཕྱོགས་ཡིན་དིག 41ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཁྱེད་ཀྱ་ནི་སྐྱབས་མགོན་གྱི་ཡིན་དི་ཆེད་དུ། མི་སུ་ཞིག་གིས་ཁྱེད་ཀྱ་ལེ་ཆུ་ཕོར་རུ་གང་བྱིན་ནི། མི་དེ་ལེ་འཐོབ་རྒྱུ་ཡིན་དི་བྱ་དགའ་དེ་ནི། དུས་ནམ་ཟང་སྟོང་པ་འགྲོ་གྱི་མ་དིག་ཟིན་གསུངས་པི་དིག
ཡེ་ཤུས་སྡིག་པའི་ལས་འགོག་དགོས་པའི་སྐོར་ལེ་ཆོས་གསུངས་པ།
42དེ་ནས་ཡེ་ཤུས་མི་སུ་ཞིག་གིས་ང་ལེ་དད་པ་བགྱིད་མཁན་ཕྲུ་གུ་ཆུང་མ་འདི་ཀྱ་ནང་ནས་གཅིག་ལེ་སྡིག་པ་བགྱིད་དུ་འཇུག་གྱོ་འོད་ནི། སྡིག་པ་བགྱིད་དུ་འཇུག་མཁན་མི་དེས་རང་གི་ཨོ་ལེ་ལེ་ཆུ་འཐག་གི་རྡོ་བཏགས་ཏེ་མཚོའི་ནང་ལེ་གཡུག་ནི་དགའ་ཤོས་འོད་དིག 43གལ་སྲིད་ཁྱོད་ཀྱི་ལག་གས་ཁྱོད་ལེ་སྡིག་པ་བགྱིད་དུ་འཇུག་གྱོ་འོད་ནི། ལག་ག་དེ་ཆོད་ཅིག ཤི་རྒྱུ་མེད་མེད་དམྱལ་བའི་མེའི་ནང་ལེ་ཁྱོད་རང་ལག་གཉིས་ཀ་མེད་དི་འཛུལ་ལི་ལས། ལག་རྡུམ་བྱུང་སྟེ་ཁྱོད་རང་མཐའ་མེད་པའི་ཚེ་སྲོག་ནང་ལེ་འཛུལ་ལི་དེ་དགའ་ཤོས་ཡིན་དིག 44#9.44 མར་ཀུས་བྲིས་གཏམ་བཟང་ཁ་ཤས་ནང་ལེ་ཨང་ 48 ནང་ལེ་བྲིས་པའི་ཚིགས་བཅད་དེ་ཀྱ། ཨང་ 44 ནང་ལེ་ཡང་དང་བྲིས་འོད་དིག 45གལ་སྲིད་ཁྱོད་ཀྱི་རྐང་པས་ཁྱོད་ལེ་སྡིག་པ་བགྱིད་དུ་འཇུག་གྱོ་འོད་ནི། རྐང་པ་དེ་ཆོད་ཅིག ཤི་རྒྱུ་མེད་མེད་དམྱལ་བའི་མེའི་ནང་ལེ་ཁྱོད་རང་རྐང་པ་གཉིས་ཀ་མེད་དི་འཛུལ་ལི་ལས། རྐང་རྡུམ་བྱུང་སྟེ་ཁྱོད་རང་མཐའ་མེད་པའི་ཚེ་སྲོག་ནང་ལེ་འཛུལ་ལི་དེ་དགའ་ཤོས་ཡིན་དིག 46#9.46 མར་ཀུས་བྲིས་གཏམ་བཟང་ཁ་ཤས་ནང་ལེ་ཨང་ 48 ནང་ལེ་བྲིས་པའི་ཚིགས་བཅད་དེ་ཀྱ། ཨང་ 46 ནང་ལེ་ཡང་དང་བྲིས་འོད་དིག 47གལ་སྲིད་ཁྱོད་ཀྱི་མིག་གིས་ཁྱོད་ལེ་སྡིག་པ་བགྱིད་དུ་འཇུག་གྱོ་འོད་ནི། མིག་དེ་བྲུས་ཏེ་བཏོན་ཞིག ཤི་རྒྱུ་མེད་མེད་དམྱལ་བའི་མེའི་ནང་ལེ་ཁྱོད་རང་མིག་གཉིས་ཀ་མེད་དི་འཛུལ་ལི་ལས། ཁྱོད་རང་མིག་གཅིག་མེད་དི་དཀོན་མཆོག་གི་རྒྱལ་ཁབ་ནང་ལེ་འཛུལ་ལི་དེ་དགའ་ཤོས་ཡིན་དིག 48མི་དེ་ཀྱ་ལེ་ཤི་རྒྱུ་མེད་མེད་དམྱལ་བའི་མེས་ཚ་དྲོད་ཀྱིས་མནར་གཅོད་མྱང་དགོས་འོང་གི་མ་ཟད། ཡང་ཤ་འབུ་ཀྱ་ཀྱིས་ཟང་མི་དེ་ཀྱ་ཀྱི་ཤ་བཟས་ཏེ། དུས་ནམ་ཟང་ཤ་འབུ་དེ་ཀྱ་མི་ཤི་འོད་དིག#9.48 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 66 ཨང་ 24 ནང་ལེ་གཟིགས་རོགས། 49ཅི་ལེ་ཟེར་ནི། མི་རེ་རེ་ལེ་མེས་ཉམས་ཚོད་ལེན་དི་ཅོག་འདྲ། མི་རེ་རེ་ལེ་དཀའ་ངལ་གྱིས་ཉམས་ཚོད་ལེན་གྱི་དིག 50ཚྭ་ནི་དགའ་མོ་ཡིན་དིག ཡིན་ནའང་། ཚྭའི་བྲོ་བ་དེ་ཡལ་ནི། དེའི་བྲོ་བ་ཅི་གི་ཞིག་གིས་བཟོ་ཐུབ་རྒྱུ། ཁྱེད་ཀྱ་ཚྭ་ཅོག་འདྲ་བྱས་ཏེ་ཕན་ཚུན་བར་ལེ་མཐུན་པོའི་ངང་ལེ་སྡོད་ཅིག་ཟིན་གསུངས་པི་དིག །
Tällä hetkellä valittuna:
མར་ཀུ། 9: DLPO
Korostus
Jaa
Kopioi

Haluatko, että korostuksesi tallennetaan kaikille laitteillesi? Rekisteröidy tai kirjaudu sisään
© 2023 Wycliffe Bible Translators, Inc. All rights reserved.