མར་ཀུ། 6
6
ལེའུ་དྲུག་པ།
ནཱ་ཙ་རེལ་ཡུལ་མི་ཀྱ་ཀྱིས་ཡེ་ཤུ་ལེ་བརྩི་བཀུར་མ་བྱས་པ།
1དེ་ནས་ཡང་ཡེ་ཤུ་ས་ཆ་དེ་ནས་ཐོན་ཏེ། རང་གི་ཡུལ་ལེ་ཕེབས་པི་དིང་། སློབ་མ་ཀྱ་ཟང་ཁོང་གི་རྗེས་ལེ་འབྲངས་བུད་དི་དིག 2ངལ་གསོ་བའི་ཉིན་མ་དེ་སླེབས་ཕེན། ཡེ་ཤུས་ཡ་ཧུ་དཱ་པའི་ཚོགས་ཁང་དུ་མི་ཚོགས་ཀྱ་ལེ་ཆོས་བསྟན་གནང་པི་དིག ཡང་ཆོས་ལེ་ཉན་མཁན་ཀྱ་ནང་ནས་མི་མང་པོ་ཞིག་ཧ་ལས་པི་མ་ཟད། མི་ཁ་ཤས་ཀྱིས་མི་འདི་ལེ་ཆོས་སྟོན་སྟངས་མཁས་པ་འོ་འདི་གི་ག་ནས་བྱུང་པི་ཡིན་ནེ། ཁོ་ལེ་གནང་བའི་ཤེས་རབ་དིང་། ཁོས་བྱས་པའི་ཡ་མཚན་གྱི་ཕྱག་ལས་དེ་ཅི་གི་ཞིག་ཡིན་ནེ། 3མི་འདི་ཤིང་བཟོ་བ་མ་གས། ཁོའི་ཨ་མ་ནི་མིར་ཡམ་ཡིན་དི་མ་ཟད། ཁོའི་ནུ་བོ་ནི་ཡ་ཀོབ་དིང་། ཡོ་སེ། ཡུ་དཱ། སི་མོན། ཟེར་མཁན་ཀྱ་མ་གས། ཁོའི་སྤུན་བུ་མོ་ཀྱ་ཟང་འུ་ཀྱ་ཀྱི་སྐྱེན་ལེ་བསྡད་འོད་དི་མ་གས་ཟིན་ཡེ་ཤུ་ལེ་བརྩི་བཀུར་མ་བྱས་པི་དིག 4དེ་ནས་ཡེ་ཤུས་མི་འདི་ཀྱ་ལེ། ལུང་སྟོན་པ་ལེ། མི་གཞན་མ་ཡེ་རེས་བརྩི་བཀུར་བགྱིད་འོད་དིག ཡིན་ནའང་། རང་གི་ཡུལ་མི་དིང་། གཉེན་ཚན། རང་གི་ནང་མི་ཀྱ་ཀྱིས་བརྩི་བཀུར་བགྱིད་ཀྱི་མ་དིག་ཟིན་གསུངས་པི་རྗེས་ལེ། 5ཁོང་གིས་དེ་རུ་འོད་ཡོད་ནད་པ་ཁ་ཤས་ཀྱི་ལུས་ལྟག་ག་ལེ་ཕྱག་བོར་ཏེ་ན་ཚ་དྲག་དུ་བཅུག་པི་མ་གཏོགས་ཞིག་ལེ། ཁོང་གིས་ངོ་མཚར་གྱི་ཕྱག་ལས་སྟོན་གནང་རྒྱུ་མན་དི་ཐག་གཅོད་བྱས་པི་དིག 6མི་འདི་ཀྱ་ཀྱིས་ཁོང་ལེ་ཟང་དད་པ་མེད་ཕེན། ཁོང་ཡ་མཚན་སྐྱེས་ཏེ། རང་གི་མཐའ་འཁོར་གྱི་ཡུལ་ཀྱ་ལེ་ཆོས་གསུང་དུ་ཕེབས་པི་དིག
སློབ་མ་བཅུ་གཉིས་ཀྱ་ཡུལ་གཞན་ལེ་བརྫངས་པ།
7དེ་ནས་ཡེ་ཤུས་སློབ་མ་བཅུ་གཉིས་ཀྱ་རང་གི་མདུན་དུ་ཤོག་སྨྲས་ཏེ། ཁོང་ཀྱ་ལེ་གདོན་འདྲེ་བཏུལ་རྒྱུ་དབང་ཆ་གནང་སྟེ། མི་གཉིས་གཉིས་བྱས་ཏེ་བརྫངས་པི་དིག 8-9ཡང་ལམ་ལེ་འགྲོ་རྒྱ་འཁར་རྒྱུག རྒྱགས་ཕྱེ་དིང་། དངུལ། ལུས་ལེ་གྱོན་པའི་གོས་དིང་། རྐང་པ་ལེ་གྱོན་པའི་ཟོམ་པ་དེ་རང་མ་གཏོགས། གོས་སྤོས་རྒྱུ་ཡར་རན་མ་འཁྱེར་རི་རྒྱུགས་ཤིག་ཟིན་བཀའ་གནང་པི་དིག 10ཡང་ཁོང་གིས་སློབ་མ་ཀྱ་ལེ། ཁྱེད་ཡུལ་ག་ན་ལེ་སླེབས་ནའང་། མིའི་ཁྱིམ་ལེ་གནས་ཚང་གཡར་ཏེ་སྡོད་ཅིག ས་ཆ་གཞན་མ་ལེ་མ་བུད་བར་དུ་གནས་ཚང་གཅིག་རང་གི་ནང་ལེ་སྡོད་ཅིག 11ཡུལ་མི་སུས་གནས་ཚང་མི་གཡོར་རི་དིང་། ཁྱེད་ཀྱིས་ཆོས་བསྟན་པའི་དེ་ལེ་མི་ཉན་འོད་ནི། ཁྱེད་ཀྱ་ས་ཆ་དེ་ནས་ཐོན་ཏེ་འགྲོ་རྒྱ། མི་དེ་ཀྱ་ལེ་དཀོན་མཆོག་གི་ཉེས་པ་ཕོག་རྒྱུ་ཡིན་དི་བདེན་དཔང་བགྱིད་རྒྱུ་ཆེད་དུ། ཁྱེད་ཀྱ་ཀྱིས་རང་གི་རྐང་པ་ལེ་འགོས་བའི་ཐལ་བ་དེ་སྤྲུགས་སྤྲུགས་ཐོང་ཞིག་ཟིན་གསུངས་པི་དིག 12དེ་ནས་སློབ་མ་ཀྱ་ས་ཕྱོགས་ཡེ་རེ་ལེ་ཕྱིན་ཏེ་མི་ཀྱ་ལེ་རང་གི་སྤྱོད་པ་ངན་པ་དེ་ཀྱ་སྤངས་ཏེ་འགྱོད་བཤགས་གྱིས་ཟིན་ཆོས་བཤད་དི་མ་ཟད། 13ཡང་མི་སུ་ལེ་གདོན་འདྲེ་ཞུགས་འོད་ནི་དེ་ཀྱ་བཏུལ་ལི་དིག ཡང་ནད་པ་ཀྱ་ལེ་སྣུམ་གྱི་ཡར་བརྒྱབ་སྟེ་ན་ཚ་དྲག་ཏུ་བཅུག་པི་དིག
ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་བསད་པ།
14དེ་ནས་ཡེ་ཤུའི་མཚན་སྙན་གྲགས་དེ་ཡུལ་ལུང་ཀུན་ལེ་ཁྱབ་པི་མ་ཟད། རྒྱལ་པོ་ཧེ་རོ་དཱེ་ཟེར་མཁན་གྱིས་ཟང་མཚན་སྙན་གྲགས་དེ་ཐོས་པི་དིག ཡང་མི་ལ་ལས་ཡེ་ཤུ་ནི་ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་ཤི་རེ་ཡང་དང་གསོན་པོ་ལེ་ལངས་ཏེ། ཁོས་ངོ་མཚར་ཀྱི་ལས་བྱས་པི་ཡིན་གྱི་དིག་ཟེར་རི་དིང་། 15ཡང་མི་ལ་ལས་ཡེ་ཤུ་ནི་ལུང་སྟོན་པ་ཨེ་ལི་ཡཱ་ཡིན་གྱི་དིག་ཟེར་རི་མ་ཟད། ཡང་མི་ལ་ལས་ཡེ་ཤུ་ནི། ལུང་སྟོན་པ་ཞིག་ཡིན་གྱི་དིག ཡང་ནི་སྔར་སྔ་མོའི་ལུང་སྟོན་པའི་ནང་ནས་ཞིག་ཡིན་གྱི་དིག་ཟིན་འོད་དིག 16ཡིན་ནའང་། ཧེ་རོ་དཱེ་ཁོས་ལབ་དེ་ཐོས་ཕེན། དེ་སྔོན་ངས་བཀའ་བཏང་སྟེ་མགོ་གཅོད་དུ་བཅུག་པའི་ཡོ་ཧ་ནན་དེ་ཡང་དང་གསོན་པོ་ལངས་པི་ཡིན་དིག་སྨྲས་པི་དིག 17-18དེ་སྔོན་ཧེ་རོ་དཱེ་ཁོས་རང་གི་ནུ་བོ་ཕི་ལིབ་ཀྱི་བུད་མེད་ཧེ་རོད་ཡཱ་ཟེར་མཁན་མོ་མནའ་མ་བླངས་པའི་རྐྱེན་གྱིས་ཡོ་ཧ་ནན་གྱིས་རྒྱལ་པོ་ཧེ་རོ་དཱེ་ཁོ་ལེ། དཀོན་མཆོག་གི་ཆོས་ཁྲིམས་ཅོག་འདྲ་བྱས་ནི། རང་གི་ནུ་བོའི་བུད་མེད་དེ་ཁྱེད་ཀྱིས་མནའ་མ་ལེན་མི་ཆོག་འོད་དིག་སྨྲས་པི་དིག དུས་དེ་ནས་ཕེན། རྒྱལ་པོ་ཧེ་རོ་དཱེ་ཁོས་ཆུང་མ་ཧེ་རོད་ཡཱ་མོའི་ཕྱོགས་བྱས་པི་མ་ཟད། ཁོས་ཡོ་ཧ་ནན་འཛིན་བཟུང་བྱས་ཏེ་བཙོན་ལེ་བཅུག་ཟིན་བཀའ་གནང་པི་དིག 19ཡང་ཧེ་རོད་ཡཱ་མོས་ཟང་ཡོ་ཧ་ནན་ལེ་སྙིང་ནད་ཟིན་ཏེ་གསོད་འདོད་བྱུང་ནའང་གསོད་མ་ཐུབ་པི་དིག 20ཅི་ལེ་ཟེར་ནི། རྒྱལ་པོ་ཧེ་རོ་དཱེ་ཁོས་ཡོ་ཧ་ནན་ནི་སྐྱེས་བུ་དྲང་པོ་དིང་དམ་པ་ཞིག་ཡིན་དི་ཧ་གོ་སྟེ། ཁོ་ལེ་བརྩི་བཀུར་བགྱིད་འོད་དི་མ་ཟད། ཁོ་ལེ་གནོད་སྐྱོན་མི་འོང་བའི་ཆེད་དུ་བསྲུངས་པི་དིག རྒྱལ་པོ་ཧེ་རོ་དཱེ་ཁོང་རང་ཟང་ཡོ་ཧ་ནན་གྱི་བསླབ་བྱ་ལེ་ཉན་རྒྱ། དོན་དག་གསལ་པོ་ཞིག་ཧ་མི་གོ་འོད་ནའང་། ཉན་རྒྱུ་ལེ་དགའ་རི་བགྱིད་འོད་དིག 21དེ་ནས་ཉིན་མ་ཞིག་རྒྱལ་པོ་ཧེ་རོ་དཱེའི་འཁྲུང་སྐར་སླེབས་ཕེན། འཁྲུང་སྐར་དེ་ལེ་བློན་ཆེན་དིང་། དམག་དཔོན། ག་ལིལ་ལུང་པའི་མི་མཐོང་ཆེ་བ་ཀྱ་མགྲོན་པོ་ལེ་བོས་ཏེ་དགའ་སྟོན་གྱི་ཕོ་ལེ་བཤམས་པི་དིག 22ཡང་ཧེ་རོད་ཡཱ་མོའི་བུ་མོ་དེ་ཟང་འཁྲུང་སྐར་ལེ་འོངས་ཏེ། མོས་ཞབས་བྲོ་བརྒྱབ་ཕེན། རྒྱལ་པོ་དིང་མགྲོན་པོ་ཀྱ་ལྟད་མོ་ཆེན་པོ་བྱུང་པི་དིག དེ་ནས་རྒྱལ་པོས་བུ་མོ་ལེ། ཁྱོད་ལེ་རྔན་པ་ཅི་དགོས་པ་འདུག་གོ་ང་ལེ་སྨྲོས་དང་། ཅི་དགོས་པ་འོད་ནའང་ངས་ཁྱོད་ལེ་སྟེར་རོ། 23ཁྱོད་ཀྱིས་བདམས་ཏེ་ཅི་དགོས་པ་འོད་ནའང་ང་ལེ་སྨྲོས་དང་། ངའི་རྒྱལ་ཁབ་ཕྱེད་ཀ་སྟེར་དགོས་བྱུང་ནའང་། ཁྱོད་ལེ་ངས་སྟེར་རོ་ཟིན་མནའ་བསྐྱལ་ལི་དིག 24དེ་ནས་བུ་མོ་དེས་ཨ་མ་ལེ། ངས་རྔན་པ་ཅི་སློང་རྒྱུ་ཟིན་སྐད་ཆ་དྲིས་ཕེན། ཨ་མ་མོས་ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་གྱི་མགོ་འཁྱེར་ལེད་སྨྲོས་ཤིག་སྨྲས་པི་དིག 25དེ་ནས་བུ་མོ་དེས་རྒྱལ་པོའི་མདུན་དུ་འོངས་ཏེ། ང་ལེ་ད་ལྟ་རང་ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་གྱི་མགོ་སྡེར་མའི་ནང་ལེ་བོར་ཏེ་སྟེར་རོགས་གནང་ཟིན་ཞུས་པི་དིག 26དེ་ནས་རྒྱལ་པོ་ཁོ་རང་སེམས་སྡུག་ཆེན་པོ་བྱུང་ནའང་། མགྲོན་པོ་ཀྱ་ཀྱི་མདུན་དུ་མནའ་བསྐྱལ་འོད་ཕེན། མན་ཟེར་མ་ཐུབ་པི་དིག 27དེ་ལོང་མེད་རྒྱལ་པོ་ཁོས་དམག་མི་བརྫངས་ཏེ་ཡོ་ཧ་ནན་གྱི་མགོ་བཅད་དེ་ཁྱེར་ལེད་ཟིན་བཀའ་གནང་ཕེན། དམག་མི་ཀྱ་ཟང་བཙོན་ལེ་ཕྱིན་ཏེ་ཡོ་ཧ་ནན་གྱི་མགོ་བཅད་དེ། 28སྡེར་མའི་ནང་ལེ་ཁྱེར་འོངས་ཏེ་བུ་མོ་དེ་ལེ་གཏད་ཕེན། ཡང་མོས་ཟང་མགོ་དེ་ཨ་མ་ལེ་གཏད་དི་དིག 29དེ་ནས་ཡོ་ཧ་ནན་གྱི་སློབ་མ་ཀྱ་ཀྱིས་ལབ་དེ་ཐོས་ལོང་མེད་རྒྱུགས་འོངས་ཏེ་ཡོ་ཧ་ནན་གྱི་སྐུ་ཕུང་དུར་ཁྲོད་ལེ་བསྐུངས་པི་དིག
མི་ལྔ་སྟོང་གྲོད་པ་འགྲང་དུ་བཅུག་པ།
30དེ་ནས་སློབ་མ་བཅུ་གཉིས་ཀྱ་ཕྱོགས་ཡེ་རེ་ལེ་ཕྱིན་ཏེ་ཡེ་ཤུའི་དྲུང་དུ་ལོག་འོངས་ཏེ། ཁོང་ཀྱ་ཀྱིས་ལས་ཅི་བྱས་པི་དིང་ཆོས་ཅི་བསྟན་པའི་གནས་ཚུལ་ཡེ་རེ་ཁོང་ལེ་ཞུས་པི་དིག 31ཡང་དེ་རྒྱ་ཁོང་ལེ་ཐུག་རྒྱུ་ཆེད་དུ་མི་མང་པོ་ཕར་འགྲོ་ཚུར་འགྲོ་བགྱིད་འོད་དིག ཡང་ཁོང་ཀྱ་ཟ་མ་ཟ་ལོང་ཟང་མ་བྱུང་ཕེན། ཡེ་ཤུས་སློབ་མ་ཀྱ་ལེ། ད་འོ་རང་ཀྱ་ས་དབེན་པོ་ཞིག་ལེ་ཅུང་མ་ཞིག་ངལ་གསོ་རུ་འགྲོ་ཟིན་གསུངས་ཏེ། 32ཁོང་ཀྱ་གྲུ་ལེ་བཞོན་ཏེ་ས་དབེན་པོ་ཞིག་ལེ་ཕེབས་གནང་པི་དིག 33ཡིན་ནའང་། མི་ཚོགས་ཀྱ་ཀྱིས་ཟང་ཁོང་ཀྱ་ཕེབས་འགྲོ་བ་མཐོང་པི་མ་ཟད། ས་ཆ་དེའི་ཡུལ་མི་ཡེ་རེས་ཟང་ཁོང་ངོ་ཤེས་གྱོ་འོད་ཕེན། ཁོང་ཀྱ་མ་སླེབས་པའི་སྔོན་ལེ་ཡུལ་མི་ཀྱ་རྒྱུགས་ཤར་བཏང་སྟེ་གྲུ་འབོར་ས་རུ་སླེབས་པི་དིག 34ཡང་ཡེ་ཤུ་གྲུ་ནས་མར་ལེ་འབབ་རྒྱ། མི་དེ་ཀྱ་ནི་རྫི་བོ་མེད་མེད་ལུག་ཅོག་འདྲ་ཡིན་དི་གཟིགས་ཕེན། བྱམས་དིང་སྙིང་རྗེ་ངང་ནས་མི་དེ་ཀྱ་ལེ་ཡེ་ཤུས་ཆོས་མང་པོ་གསུངས་པི་དིག 35ཡང་ཉི་མ་མ་ནུབ་ཚོད་ལེ་སློབ་མ་ཀྱ་ཁོང་གི་དྲུང་དུ་འོངས་ཏེ། ད་ནམ་ལ་ཟང་ཕྱི་མོ་འཇུ་གུ་སླེབས་འདུག དེ་མ་ཟད་ས་ཆ་འདི་ནི་དབེན་སྟོང་ཞིག་ཡིན་དིག 36ད་མི་འདི་ཀྱ་ཉེ་འགྲམ་གྱི་ཡུལ་ལེ་རང་སོ་སོའོ་ཆེད་དུ་ཟ་མ་ར་ཉོ་རུ་རྫོངས་དང་ཞུས་ཕེན། 37ཁོང་གིས་སློབ་མ་ཀྱ་ལེ། ཁྱེད་ཀྱ་ཀྱིས་མི་འདི་ཀྱ་ལེ་ཟོ་རྒྱུ་བྱིན་ཅིག་ཟིན་གསུངས་པི་དིག ཡིན་ནའང་། སློབ་མ་ཀྱ་ཀྱིས་ཁོང་ལེ། ཉེད་ཀྱ་ཀྱིས་ཉིན་མ་མང་པོ་ལས་ཀ་བྱས་པའི་གླ་ཆ་དངུལ་གྱི་སྒོར་མོ་ཉིས་བརྒྱ་དེས་སྒོར་ཕྱེ་ཉོས་ཏེ་མི་འདི་ཀྱ་ལེ་བྱིན་ནའང་ཚང་རྒྱུ་མ་དིག་ཞུས་པི་དིག#6.37 གེ་རིག་གི་སྐད་ལུགས་ནང་ལེ། སྒོར་མོ་མི་ཟེར་འོད་དིག དེ་ཎ་རི་ཟིན་འོད་དིག མི་གླ་ཀྱ་ལེ་ཉིན་མ་གཅིག་ལེ་དངུལ་གྱི་དེ་ཎ་རི་གཅིག་སྟེར་གྱོ་འོད་དིག 38ཡང་དང་ཁོང་གིས་སློབ་མ་ཀྱ་ལེ། ཁྱེད་ཀྱ་ལེ་སྒོར་ཕྱེ་མང་ལོད་འོད་མེད་ལྟོས་དང་ཟིན་གསུངས་ཕེན། སློབ་མ་ཀྱ་ཀྱིས་མང་ལོད་འོད་མེད་བལྟས་ཏེ། སྒོར་ཕྱེ་ལྔ་དིང་ཉ་གཉིས་མ་གཏོགས་མི་འདུག་ཟིན་ཞུས་པི་དིག 39དེ་ནས་ཡེ་ཤུས་སློབ་མ་ཀྱ་ལེ། མི་ཚོགས་འདི་ཡེ་རེ་སྤང་ཐང་ལེ་ཚོ་ཚོ་བྱས་ཏེ་སྡོད་དུ་བཅུག་ཟིན་བཀའ་གནང་ཕེན། 40སློབ་མ་ཀྱ་ཀྱིས་ཟང་མི་ཚོགས་དེ་ཀྱ་ལྔ་བཅུ་ཚོད། བརྒྱ་ཚོད་ཚོ་ཚོ་བཟོས་ཏེ་སྡོད་དུ་བཅུག་པི་དིག 41དེ་ནས་ཡེ་ཤུས་སྒོར་ཕྱེ་ལྔ་དིང་ཉ་གཉིས་པོ་འདི་ཕྱག་ཏུ་བསྣམས་ཏེ་ནམ་མཁའ་ལེ་གཟིགས་ཏེ། དཀོན་མཆོག་ལེ་བཀའ་དྲིན་ཆེ་ཟིན་ཞུས་པི་རྗེས་ལེ། ཁོང་གིས་སྒོར་ཕྱེ་དེ་ཕྱེད་ཀ་བཏང་སྟེ་སློབ་མ་ཀྱ་ལེ་གཏད་ཕེན། སློབ་མ་ཀྱ་ཀྱིས་ཟང་སྒོར་ཕྱེ་དེ་མི་ཚོགས་དེ་ཀྱ་ལེ་བགོས་པི་དིག ཡང་ཁོང་གིས་སློབ་མ་ཀྱ་ལེ། ཉ་ཤ་གཉིས་བོ་དེ་ཟང་མི་ཚོགས་དེ་ཀྱ་ལེ་བགོས་ཤིག་ཟིན་གསུངས་པི་དིག 42ཡང་མི་ཚོགས་ཀྱ་ཀྱིས་ཟང་གྲོད་པ་འགྲངས་འགྲངས་བཟས་པི་མ་ཟད། 43སློབ་མ་ཀྱ་ཀྱིས་ཟང་སྒོར་ཕྱེ་དིང་ཉ་ཤ་ཟས་ལྷག་རྐོན་པ་བཅུ་གཉིས་བསྡུས་པི་དིག 44དེ་རྒྱ་སྒོར་ཕྱེ་བཟའ་མཁན་བུ་མའ་དིང་ཕྲུ་གུ་མ་བསྡོམས་ཏེ་སྐྱེས་པ་པ་རྐྱང་ལྔ་སྟོང་ཚོད་འོད་དིག
ཡེ་ཤུ་མཚོའི་ལྟག་ག་ལེ་གོམ་པ་བརྒྱབ་པ།
45དེ་ནས་དེ་ལོང་མེད་ཡེ་ཤུས་སློབ་མ་ཀྱ་ཁོང་རང་གི་སྔོན་ལེ་གྲུ་ནང་ལེ་བཞོན་དུ་བཅུག་སྟེ། མཚོའི་ཕར་ཀན་ལེ་འོད་ཡོད་པེ་སད་དཱ་ཟེར་རི་ཡུལ་དེ་ལེ་རྒྱུགས་ཤིག་ཟིན་གསུངས་པི་མ་ཟད། མི་ཚོགས་དེ་ཀྱ་ཕ་ལེ་འགྲོ་རུ་བཅུག་པི་དིག 46-47དེ་ནས་ཡེ་ཤུ་མི་ཚོགས་ཀྱ་དིང་ཁ་བྲལ་ལི་རྗེས་ལེ། ཁོང་རང་རི་ཞིག་གི་ལྟག་ག་ལེ་གསོལ་བ་འདེབས་དུ་ཕེབས་གནང་པི་དིག ཡང་སྲོད་མ་རུབ་ཚོད་ལེ། སློབ་མ་ཀྱ་བཞོན་སའི་གྲུ་དེ་མཚོའི་དཀྱིལ་ལེ་སླེབས་པི་དིག ཡིན་ནའང་། ཡེ་ཤུ་ཁོང་རང་ནི་ད་རུང་རིའི་ལྟག་ག་ལེ་བཞུགས་འོད་དིག 48ཡང་གྲུའི་མདུན་གྱི་ཕྱོགས་ནས་ཆར་རླུང་ཤུགས་ཆེན་པོ་ཞིག་བརྒྱབ་ཕེན། ཁོང་ཀྱ་གྲུ་གཏོང་རྒྱུ་ལེ་དཀའ་ལས་ཁག་པོ་འོད་དི་ཐག་རིང་པོ་ནས་གཟིགས་ཏེ། ནམ་ཐོ་རེངས་ཚོད་ལེ་ཡེ་ཤུ་མཚོའི་ལྟག་ག་ནས་གོམ་པ་བརྒྱབ་ཏེ། སློབ་མ་ཀྱ་ཀྱི་འགྲམ་ནས་བྱས་ཏེ་འགྲོ་དགོས་སེམས་ཏེ་རི་ནས་མར་ཕེབས་འོངས་པི་དིག 49-50ཡིན་ནའང་། སློབ་མ་ཀྱ་ཀྱིས་ཁོང་མཚོའི་ལྟག་ག་ནས་ཚུར་ཞབས་ཐང་ལེ་ཕེབས་འོང་གི་མཐོང་ཕེན། གདོན་འདྲེ་ཡིན་དིག་བསམས་ཏེ་འཁྱར་ཏེ་སྐད་ཆེན་པོ་ཤོར་རི་དིག དེ་ལོང་མེད་ཁོང་གིས་སློབ་མ་ཀྱ་ལེ། ཁྱེད་ཀྱ་འཁྱར་སྣང་ཅི་ལེ་བགྱིད་དི་དོ། སེམས་ལྷོད་ལྷོད་གྱིས་དང་། ང་ཡིན་ཟིན་གསུངས་པི་དིག 51དེ་ནས་ཁོང་རང་གྲུའི་ནང་ལེ་འཛུལ་ལོང་མེད་ཆར་རླུང་དེ་འཇམ་ཕེན། སློབ་མ་ཀྱ་ཟང་ཡ་མཚན་འཇུ་གུ་སྐྱེས་པི་དིག 52ཡང་སློབ་མ་ཀྱ་ཀྱིས་མི་ལྔ་སྟོང་ལེ་སྒོར་ཕྱེ་བྱིན་དི་དོན་དེ་ཟང་ཧ་མ་གོ་པི་དིག ཅི་ལེ་ཟེར་ནི། ཁོང་ཀྱ་ཀྱི་སེམས་པ་གྱོང་པོ་ཡིན་དིག
ཡེ་ཤུས་གན་ནེ་སཱ་རེལ་ལུང་པའི་ནང་ལེ་འོད་ཡོད་ནད་པ་ཀྱ་དྲག་ཏུ་བཅུག་པ།
53དེ་ནས་ཁོང་ཀྱ་གྲུ་ལེ་བཞོན་དེ་མཚོ་ག་ལིལ་བརྒལ་ཏེ་གན་ནེ་སཱ་རེལ་ཟེར་རི་ལུང་པ་ལེ་སླེབས་ཕེན། གྲུ་མཚོའི་འགྲམ་དུ་བཏགས་ཏེ། 54ཁོང་ཀྱ་གྲུ་ནས་བབས་ལོང་མེད། ལུང་པ་དེའི་མི་ཀྱ་ཀྱིས་ཡེ་ཤུ་ཡིན་དི་ངོ་ཤེས་པི་མ་ཟད། 55ཁོང་རང་ག་ན་ལེ་བཞུགས་འོད་མེད་ཐོས་ཕེན། མཐའ་འཁོར་གྱི་ཡུལ་ཀྱ་ལེ་རྒྱུགས་ཕྱིན་ཏེ། ནད་པ་ཀྱ་གདན་དིང་སྐྱེན་ལེ་ཁོང་གི་དྲུང་དུ་འཁྱེར་འོང་འོད་དིག 56ཡང་ཁོང་རྒྱལ་ས་དིང་། ཡུལ་ཆེ་ཆུང་ག་ན་ལེ་ཕེབས་ནའང་། མི་ཀྱ་ཀྱིས་ནད་པ་ཀྱ་ཁྲོམ་སྲང་ལེ་འཁྱེར་འོངས་ཏེ། ཁོང་གི་ན་བཟའི་ཟུར་ལེ་ལག་ག་ཐུག་ཏུ་འཇུག་རོགས་གནང་ཟིན་ཞུ་བ་འབུལ་གྱོ་འོད་དིག ཡང་དེ་མ་ཟད་ཁོང་གི་ནམ་བཟའ་ལེ་ལག་ག་ཐུག་མཁན་ནད་པ་ཡེ་རེའི་ན་ཚ་དེ་ཟང་དྲག་པི་དིག །
Tällä hetkellä valittuna:
མར་ཀུ། 6: DLPO
Korostus
Jaa
Kopioi

Haluatko, että korostuksesi tallennetaan kaikille laitteillesi? Rekisteröidy tai kirjaudu sisään
© 2023 Wycliffe Bible Translators, Inc. All rights reserved.