མར་ཀུ། 5

5
ལེའུ་ལྔ་པ།
ཡེ་ཤུས་​གདོན་འདྲེ་ཞུགས་པའི་མི་ཞིག་​དྲག་​ཏུ་བཅུག་པ།
1དེ་ནས་​ཁོང་​དིང་​སློབ་མ་​ཀྱ་​ག་ལིལ་​ལུང་པའི་མཚོ་​ཕར་ཀན་​ལེ་འོད་ཡོད་​གེ་ར་སཱ་​ལུང་པ་​ལེ་​ཕེབས་​ཏེ​། 2ཁོང་རང་གྲུ་ནས་​བབས་​ལོང་​མེད། དུར་ཁྲོད་​ནས་​གདོན་འདྲེ་ཞུགས་པའི་མི་​ཞིག་​ཁོང་​ལེ་མཇལ་​དུ་​འོངས་​པི་དིག 3མི་​དེ་​ནམ་རྒྱུན་​དུ་​དུར་ཁྲོད་​ལེ་​སྡོད་​དི་​མ་ཟད། མི་​སུ་ཞིག་གིས་ཟང་​ཁོ་ཟིན་ཏེ་​ལྕགས་ཐག་​གིས་​བཀྱིགས་​མི་​ནུས་​འོད་དིག 4ཅི་​ལེ་​ཟེར་​ནི། ལུང་པ་​དེའི་མི་​ཀྱ་​ཀྱིས་​ལེན་མ་​མང་པོ་​མི་​དེ་ལེ་​ལྕགས་ཐག་​གིས་​རྐང་ལག་​བཀྱིགས་​པི་དིག ཡིན་ནའང་། ཁོས་​ལྕགས་ཐག་​འཐེན་​ཏེ་​དུམ་བུ་​དུམ་བུ་​བཏང་​ཕེན། མི་​སུ་ཞིག་གིས་​ཟང་​བཏུལ་མ་ཐུབ་པི་དིག 5ཁོ་​ཉིན་མཚན་​མེད་​དུར་ཁྲོད་དིང་​། རི་ཁྲོད་​ལེ་​སྐད་བརྒྱབ་ཏེ​། རང་གི་​གཟུགས་པོ་​ལེ་​རྡོ་​རྒྱག་གྱོ་འོད་དིག 6དེ་ནས་​ཁོས་རྒྱང་རིང་པོ་ནས་ཡེ་ཤུ་​མཐོང་​ཕེན། ཁོང་གི་མདུན་ལེ་རྒྱུགས་​འོངས་ཏེ་ཡེ་ཤུ་​ལེ་​བརྐྱངས་ཕྱག་​འཚལ་​ལི་དིག 7-8ཡེ་ཤུས་​གདོན་འདྲེ་​ཁོ་​ལེ་​ཁྱོད་​མིའི་ལུས་ནས་​ཕྱི་ལེ་​ཐོན་​ལེད་​ཟིན་​བཀའ་​གནང་​ཕེན། གདོན་འདྲེ་དེ་སྐད་​ཆེན་པོས་​ངང་​བླ་ན་མེད་པའི་​དཀོན་མཆོག་​གི་​སྲས་​ཡེ་ཤུ། ཁྱེད་དིང་​ང་​བར་ལེ་འབྲེལ་བ་​ཅི་​འོད་​དོ། དཀོན་མཆོག་གི་མཚན་ནང་དུ་ངས་ཁྱེད་ལེ་ཞུ་བ་འབུལ་གྱོ་འོད། ཁྱེད་​ཀྱིས་​ང་​ལེ་​མནར་གཅོད་​མ་​བཏོང་​རོགས་​གནང་ཟིན་ཞུས་པི་དིག 9དེ་ནས་​ཁོང་​གིས་​ཁྱོད་ཀྱི་མིང་​ལེ་​ཅི་​ཟིན་​འོད་​དོ་​ཟིན་​དྲིས་​ཏེ། ངའི་​མིང་​ལེ་​དམག་ཁྱུ་​ཟིན་​འོད། ཅི་ལེ་​ཟེར་​ནི། ཉེད་​ཀྱ་​ཁྱུ་​མང་པོ་​འོད། 10ཉེད་​ཀྱ་​འདི་ནས་ལུང་པ་​གཞན་ལེ་མ་བུད་རོགས་​གནང་ཟིན་​ཁོང་​ལེ་​ཞུ་བ་​ཡང་​ཡང་​ཕུལ་​ལི་​དིག 11དེ་རྒྱ་ཕག་རྫི་​ཞིག་​གིས་​ཕག་ཁྱུ་​ཆེན་པོ་​ཞིག་​རི་ཁྲོད་​ལེ་​འཚོ་​འོད་​དི་​དིང་​། 12གདོན་འདྲེ་དེ་​ཀྱ་​ཀྱིས་​ཡེ་ཤུ་​ལེ། ཉེད་​ཀྱ་​ཕག་ཁྱུའི་​ནང་ལེ་འགྲོ་རུ་འཇུག་རོགས་​གནང་​ཟིན་​ཞུ་བ་​ཕུལ་ལི་དིག 13དེ་ནས་ཁོང་​གིས་​ཟང་​གདོན་འདྲེ་དེ​་ཀྱ་​ཀྱིས་​སྨྲས་པའི་​ཅོག་འདྲ་​ཆོག་མཆན་​གནང་​སྟེ། གདོན་འདྲེ་​དེ་ཀྱ་​མིའི་​ལུས་ནས་​ཐོན་​ཏེ་​ཕག་​གི་​ནང་​ལེ་འཛུལ་​ལི་དིག ཕག་གཉིས་​སྟོང་​ཚོད་​འོད་ཡོད་​ཀྱ་​བྲེལ་འཚུབ་འཚུབ་​ངང་​ནས་​གཡང་​ནས་​མཆོངས་​ཏེ་​མཚོའི་​ནང་​ལེ་ཐིམ་སྟེ་ཤི་​པི་​དིག 14དེ་ནས་​ཕག་རྫི་​དེ་ཡུལ་​ལེ་​བྲོས་​ཏེ་ཡུལ་མི་​ཀྱ་​ལེ་​གནས་ཚུལ་​དེ་བཤད་​ཕེན། ཡུལ་མི་​ཀྱ་​ཟང་​ཅི་​བྱས་​འོད་​མེད་​ལྟ་​རུ་​འོངས་པི་དིག 15དེ་ནས་དེ་སྔོན་དམག་ཁྱུ་ཟེར་རི་གདོན་འདྲེ་ཞུགས་པའི་མི་​དེ་ནི་དྲན་པ་གསོས་ཏེ་འོད་དི་མ་ཟད། ལུས་ལེ་གོས་གྱོན་ཏེ་​ཡེ་ཤུའི་སྐྱེན་ལེ་བསྡད་​འོད་​དི་​མཐོང་​ཕེན། མི་​དེ་ཀྱ་​འཁྱར་​སྣང་ཆེན་པོ་བྱུང་པི་​དིག 16དེ་ནས་གནས་ཚུལ་​འདི་​མཐོང་​མཁན་མི་​ཀྱ་​ཀྱིས་​གདོན་འདྲེ་ཞུགས་པའི་​མི་​དེའི་སྐོར་དིང་། ཡང་​ཕག་ཁྱུ་​ལེ་​བྱུང་​པའི་​གནས་ཚུལ་​དེ་མི་​ཚོགས་ཀྱ་​ལེ་​བཤད་​ཕེན། 17ཡུལ་མི་​ཀྱ་ཀྱིས་​ཡེ་ཤུ་​ལེ། ཁྱེད་ཀྱ་​ལུང་པ་​འདི་རུ་​མ་​སྡོད་​རོགས། ས་ཆ་​གཞན་མ་​ལེ་​ཕེབས་​རོགས་ཟིན་ཞུ་བ་ཕུལ་ལི་​དིག 18དེ་ནས་​ཡེ་ཤུ་​གྲུའི་​ནང་​ལེ་བཞུགས་​ཏེ་​ཕེབས་​འགྲོ་རྒྱ། གདོན་འདྲེ་ཞུགས་པའི་​མི་ཁོས་​ཁོང་​ལེ། ང་​ཟང་​ཁྱེད་ཀྱི་​སྐྱེན་ལེ་​འོང་དུ་འཇུག་​རོགས་​གནང་ཟིན་​ཞུ་བ་​ཕུལ་​ལི་དིག 19ཡིན་ནའང་། ཁོང་​གིས་​ཁས་ལེན་མ་བྱས་ཏེ། མི་​ཁོ་​ལེ། ཁྱོད་རང་​ནང་​ལེ་​ལོག་​རྒྱུགས་ཤིག དཀོན་མཆོག་​གིས་​ཁྱོད་​ལེ་​ཅི་གི་​བྱས་​ཏེ་​དྲག་​ཏུ་​བཅུག་པའི་སྐོར་དིང་​། ཅི་གི་​བྱས་​ཏེ་​སྙིང་རྗེ་​གནང་​པའི་​གནས་ཚུལ་དེ་​ཡེ་རེ་​རང་གི་ནང་མི་​དིང་​གཉེན་ཚན་​ཀྱ་​ལེ་​ཤོད་​ཅིག་​ཟིན་གསུངས་​པི་​དིག 20དེ་ནས་​མི་དེས་​ཡུལ་སྡེ་​བཅུ་ཟེར་​རི་​ལུང་པ་​ལེ་​ལོག་​སྟེ། རང་​ལེ་​ཡེ་ཤུས་ཅི་​མཛད་པའི་གནས་ཚུལ་​དེ་​རང་གི་ནང་མི་​དིང་​གཉེན་ཚན། ཡུལ་​ཕྱོགས་​ཀུན་​ལེ་​བཤད་​དི་མ་ཟད། ཐོས་​མཁན་​ཡེ་རེ་​ཟང་​ཧ་ལས་​པི་​དིག#5.20 གེ་རིག་སྐད་ལུགས་ནང་ལེ་གྲོང་སྡེ་བཅུ་ཟེར་རི་འདིའི་མིང་ལེ། དེ་ཁ་པོ་ལེ་ཟིན་འོད་དིག
ཤི་​ཚར་​བའི་བུ་མོ་​ཞིག་​ཡང་དང་​གསོན་དུ་བཅུག་པ།
21དེ་ནས་ཡང་ཡེ་ཤུ་​དིང་​སློབ་མ་​ཀྱ་​གྲུ་​ལེ་​བཞོན་​ཏེ་ཡང་དང་མཚོའི་​ཕར་ཀན་​ལེ་​ཕེབས་ཕེན​། མི་ཚོགས་​མང་པོ་​ཞིག་ཟང་ཁོང་​གི་​དྲུང་​དུ་​སླེབས་ཏེ། ཁོང་མཚོའི་འགྲམ་ལེ་བཞུགས་པི་དིག 22དེ་ནས་ཡ་ཧུ་དཱ་པའི་​ཚོགས་​ཁང་​གི་​འགོ་ཁྲིད་​མིང་ལེ་ཡ་ཨིར་​ཟེར་མཁན་​ཁོ་ཡེ་ཤུ་​དྲུང་དུ་འོངས་ཏེ། ཁོས་ཡེ་ཤུ་ལེ་བརྐྱངས་ཕྱག་འཚལ་ཏེ། 23ངའི་​བུ་མོ་​ཆུང་མ་​དེ་ཤི་​ལྷག་འདུག བུ་མོ་ནད་ནས་​ཐར་​རྒྱུ་ཆེད་དུ། ཁྱེད་ངའི་ནང་ལེ་ཕེབས་ཏེ་ཕྱག་དབང་​གནང་​རོགས་ཟིན་​ཞུས་པི་དིག 24དེ་ནས་ཡེ་ཤུ་ཟང་མི་​ཁོའི་སྐྱེན་ལེ་ཕེབས་​གནང་པི་མ་ཟད། མི་​ཚོགས་མང་པོ་​ཞིག་ཟང་ཁོང་གི་རྗེས་ལེ་འབྲངས་ཏེ་འཚང་ཁ་​བརྒྱབ་པི་དིག
25དེ་རྒྱ་ལོ་བཅུ་གཉིས་བར་དུ་ཟླ་ནད་​ཐོན་ཏེ་ནད་པ་བྱུང་བའི་བུ་མའ་ཞིག་འོད་དིག 26མོས་​ཨེམ་ཆི་མང་པོ་​ལེ་​བསྟན་​ནའང་། ཨེམ་ཆི་ཀྱ་ཀྱིས་མོ་ལེ་སྨན་བཅོས་མ་ཐུབ་ཕེན་སྡུག་བསྔལ་མང་པོ་མྱངས་པི་མ་ཟད། རང་ལེ་འོད་ཡོད་​རྒྱུ་ནོར་​ཡེ་རེ་​ཟང་​སྨན་བཅོས་​བྱས་ཏེ་རྫོགས་​པི་དིག ཡང་མོ་རང་འོད་ན་ཚ་དེ་ཟང་སྡུག་ཏུ་བུད་དིག 27-28མོས་​ཡེ་ཤུའི་སྐོར་ལེ་ཐོས་ཕེན། མོས་རང་གིས་རང་ལེ། གལ་སྲིད་​ངས་​ཁོང་​གི་​ནམ་བཟའ་​ལེ་​པ་རྐྱང་ལག་ག་ཐུག་​ཚོད་​ཞིག་​བྱས་པི་ཡིན་​ནི། ང་ན་ཚ་​འདི་​ནས་​ཐར་འཐུབ་ཀྱི་དིག་བསམས་ཕེན། མོ་མི་ཚོགས་ཀྱི་དཀྱིལ་ནས་​ཡེ་ཤུའི་རྒྱབ་ལེ་འོངས་ཏེ། ཁོང་​གི་​ནམ་བཟའ་​ལེ་​ལག་ག་​ཐུག་​ཚོད་​བྱས་​པི་དིག 29དེ་​ལོང་​མེད་ལུས་ནས་​ཁྲག་འཐོན་རྒྱུ་མཚམས་ཆད་​དི་མ་ཟད། མོ་རང་ན་ཚ་ནས་དྲག་པི་ཧ་གོ་པི་​དིག 30ཡང་དེ་ལོང་མེད་ཡེ་ཤུས་རང་གི་ནུས་མཐུ་དེས་ན་ཚ་དྲག་ཏུ་བཙུགས་པི་དེ་མཁྱེན་ཕེན། ཁོང་མི་ཚོགས་ཀྱི་དཀྱིལ་ལེ་​ཞལ་​ཚུར་​འཁོར་​ཏེ། མི་སུས་ངའི་གོས་ལེ་​ལག་ག་ཐུག་སོང་​ཟིན་​དྲིས་​ཕེན། 31ཁོང་གི་སློབ་མ་​ཀྱ་​ཀྱིས་ཁོང་ལེ། མི་ཚོགས་​མང་པོས་ཁྱེད་ཀྱི་མཐའ་བསྐོར་ཏེ་འཚང་ག་​གྱོ་འོད་དི་​ཁྱེད་​ཀྱིས་​གཟིགས་ནའང་། ད་རུང་མི་སུས་ང་ལེ་ཐུག་སོང་ཟེར་རི་ཡིན་དོ་ཞུས་པི་​དིག 32ཡིན་ནའང་​། ཁོང་​གིས་​རང་​ལེ་​ལག་ག་​ཐུག་མཁན་​དེ་སུ་​ཡིན་​མིན་​མཐའ་བསྐོར་​གྱི་​མི་​ཀྱ་​ལེ་​གཟིགས་​གནང་པི་དིག 33དེ་ནས་​བུ་མའ་མོས་​ཟང་​རང་གི་ལུས་​ལེ་​ཅི་​བྱུང་​པི་དི་​ཧ་གོ་​ཕེན། འཇིགས་ཏེ་འདར་​འཁྲུག་འཁྲུག་​ངང་​ནས་​ཁོང་​གི་​དྲུང་​དུ་བརྐྱངས་ཕྱག་འཚལ་ཏེ། མོས་ཅི་བྱས་པི་དེ་​ཡེ་རེ་ཁོང་​ལེ་​དྲང་པོ་ཞུས་​པི་​དིག 34ཡང་ཡེ་ཤུས་མོ་ལེ། བུ་མོ། ཁྱོད་ཀྱིས་ངས་དྲག་ཐུབ་པའི་ནུས་པ་འོད་དི་ཡིད་ཆེས་བྱས་ཕེན། ངས་ཁྱེད་རང་དྲག་ཏུ་བཅུགས་པི་ཡིན། ད་​ཁྱོད་རང་​བློ་​བདེ་མོའི་​ངང་​ནས་​ལོག་​རྒྱུགས། དུས་ད་​ནས་​ཕྱིན་ཆད། ཁྱོད་རང་​ན་ཚ་​ནས་དྲག་པི་​དིག་​ཟིན་གསུངས་པི་དིག 35ཁོང་གིས་འོ་དེ་གི་གསུང་གནང་རྒྱ། ཡ་ཧུ་དཱ་པའི་ཚོགས་ཁང་​གི་འགོ་ཁྲིད་ཁྱིམ་​ནས་​མི་​ཁ་ཤས་​འོངས་ཏེ། ཁྱོད་ཀྱི་བུ་མོ་​ཤི་​ཚར་སོང་། སློབ་དཔོན་ཁོང་ལེ་​འོ་བརྒྱལ་​ཅི་ལེ་བཟོས་​ཡིན་དོ་​སྨྲས་​པི་​དིག 36ཡིན་ནའང་​། ཡེ་ཤུས་​མི་​དེ་​ཀྱ་​ཀྱིས་​ལབ་​ལེ་​ཁ་ཡ་མ་གནང་སྟེ། འགོ་ཁྲིད་​ཁོ་ལེ་ཟང་​། ཁྱོད་རང་འཁྱར་སྣང་​མ་​བགྱིད། དད་པ་པ་རྐྱང་​གྱིས་ཤིག་​ཟིན་གསུངས་​པི་​དིག 37དེ་ནས་​ཁོང་གིས་​རང་གི་​སློབ་མ་​པེ་ཏྲོ་​དིང་​། ཡ་ཀོབ། ཡ་ཀོབ་​ཀྱི་​སྤུན་​ཡོ་ཧ་ནན་​དེ་གསུམ་པོ་​ཀྱ་མ་གཏོགས། ཁོང་​གི་སྐྱེན་ལེ་གཞན་མི་​སུ་​གཅིག་​ཟང་​འོང་དུ་​མ་​བཅུག་​པི་​དིག 38ཡང་​ཁོང་​ཀྱ་​འགོ་ཁྲིད་​ཀྱི་​ཁྱིམ་​ལེ་​ཕེབས་​གནང་རྒྱ། དེ་རུ་མི་​མིང་པོ་​ཅ་ཅོ་སྒྲ་དིང་​ངུ་སྐད་​འོད་​དི་​གཟིགས་​ཕེན། 39ཁོང་གིས་མི་འདི་ཀྱ་ལེ། ཁྱེད་​ཀྱ་ཀྱིས་ཅི་​ལེ་​ཅ་ཅོ་སྒྲ་དིང་ངུ་སྐད་རྒྱག་གི་ཡིན་​དོ། བུ་མོ་​མ་ཤི་འདུག གཉིད་​ཤོར་​བསྡད་འདུག་​ཟིན་གསུངས་​ཕེན། 40མི་​དེ་​ཀྱ་​ཀྱིས་​ཁོང་​ལེ་​ཁྲེལ་དགོད་​བརྒྱབ་​པི་​དིག དེ་ནས་​ཡེ་ཤུས་​མི་​འདི་ཡེ་རེ་ཕྱི་ལེ་བུད་གནང་སྟེ། བུ་མོའི་​ཕ་མ་​གཉིས་​དིང་​། སློབ་མ་​གསུམ་པོ་​དེ་ཀྱ། བུ་མོའི་​རོ་​འོད་ས་​ལེ་​ཁྲིད་​གནང་ཕེན། 41ཡེ་ཤུས་​བུ་མོའི་​ལག་ག་​ནས་​འཇུས་ཏེ། ཁོང་རང་གི་སྐད་ལུགས་ཨཱ་རཱ་མེཀ་ནང་ལེ། ཏ་ལི་ཐཱ་ཀུ་མི་​ཟིན་གསུངས་​པི་​དིག དོན་དག་དེ་ནི། བུ་མོའོ། ངས་​ཁྱོད་རང་ཡར་ལོངས་དང་​ཟེར་​རི་​ཡིན་དིག 42དེ་​ལོང་​མེད་​ལོ་​བཅུ་གཉིས་​ཡིན་དི་​བུ་མོ་དེ་ཡར་ལངས་ཏེ། གོམ་པ་​བརྒྱབ་​སྟེ་​ཕར་འགྲོ་​ཚུར་​འགྲོ་​བྱས་​ཕེན། སློབ་མ་​གསུམ་པོ་​དིང་​བུ་མོའི་​ཕ་མ་​གཉིས་​འཇུ་གུ་​ཧ་ལས་པི་དིག 43ཡང་​ཡེ་ཤུས་བུ་མོའི་ཕ་མ་གཉིས་​ཀྱ་​ལེ། གནས་ཚུལ་​འདིའི་​སྐོར་མི་​གཞན་​ལེ་​མ་​ཟེར་​ཅིག་​ཟིན་​ནན་ཏན་​བྱས་​ཏེ་​བཀའ་གནང་པི་རྗེས་ལེ། ད་བུ་མོ་​འདི་ལེ་​ཟ་མ་​ཞིག་གཏོད་དང་གསུངས་​པི་​དིག །

Tällä hetkellä valittuna:

མར་ཀུ། 5: DLPO

Korostus

Jaa

Kopioi

None

Haluatko, että korostuksesi tallennetaan kaikille laitteillesi? Rekisteröidy tai kirjaudu sisään