ལུ་ཀ། 24

24
སླར་གསོན་པོ་བཞེངས་པ།
(མད་ཐཱ། ༢༨:༡-༡༠; མར་ཀུ། ༡༦:༡-༡༡; ཡོ་ཧ་ནན། ༢༠:༡-༡༠)
1བདུན་ཕྲག་གི་ཉིན་མ་དང་པོ་གོ་ལ་སྔ་རོག་གནམ་ཟ་ར་ཟི་རི་ལ་འོ་དེ་སྐྱེས་དམན་ཀྱ་ཡིས་གྲ་སྒྲིག་བྱས་བྱ་དྲི་བཟང་ཀྱ་ཁྱེར་ཏེ་ཁོང་ཀྱ་དུར་ཁྲོད་དུ་སོང་བ་ལགས། 2དེ་ནས་ཁོང་ཀྱ་ཡིས་དུར་ཁྲོད་ལ་བཀབ་སྟེ་བཞག་ཞ་ཕོང་གིན་གོ་ཧ་ལ་རིལ་རེ་བཞག་ཞ་མཐོང་བ་ལགས། 3ཡིན་ནའང་ནང་དུ་འཛུལ་ལི་གང་ལ་ཁོང་ཀྱ་ཡིས་གཙོ་བོ་ཡེ་ཤུ་ཡི་སྐུ་ཕུང་གོ་མ་རྙེད་པ་ལགས། 4དེ་ནས་འོ་དེ་ལ་ཁོང་ཀྱ་མགོ་འཐོམས་ཏེ་བསྡད་དེ་གང་ལ་འོད་བརྒྱབ་ཀྱིན་གོས་གོན་ག་མི་གཉིས་ཁོང་ཀྱ་རྩ་རུ་མཇལ་བ་ལགས། 5དེ་ནས་ཁོང་ཀྱ་འཇིགས་ཏེ་ས་ལ་གུག་བྱས་རེ་བསྡད་པ་ལགས། དེ་ནས་འོ་དེ་མི་གཉིས་བོ་ཡིས་ཁོང་ཀྱ་ལ་སྨྲས་བ་ལགས། ཁྱེད་ཀྱ་གཤིན་པོའི་ཁོག་ལ་གསོན་པོ་གོ་ལ་གི་བྱས་རེ་བཙལ་ལ་ལེ། 6ཁོང་པ་སླར་གསོན་པོ་བཞེངས་ཚར་ཏེ་དུ་རུ་མེད་ད་ལགས། ག་ལིལ་དུ་འོད་དེ་གང་ལ་ཁོང་པ་ཡིས་ཁྱེད་ཀྱ་ལ་གསུངས་ཀྱིན་གོ་དྲན་གསོ་བྱེད། 7མིའི་བུ་སྡིག་ཅན་ཀྱ་ཡི་ལག་ཀ་ལ་རྩི་བརྒྱབ་སྟེ་རྒྱང་ཤིང་ལ་བཀྲོངས་ཀྱི་ལགས། དེ་ནས་ཞག་མོ་གསུམ་པ་གོ་ལ་སླར་གསོན་པོ་བཞེངས་ཀྱི་ལགས།
8དེ་ནས་ཁོང་ཀྱ་ཡིས་ཁོང་པ་ཡིས་གསུངས་ས་ལབ་གོ་དྲན་གསོས་བ་ལགས། 9དེ་ནས་ཁོང་ཀྱ་དུར་ཁྲོད་ནས་ལོག་སྟེ་དེ་ལབ་གི་རི་ཉེ་གནས་བཅུ་གཅིག་དང་གཞན་མ་གི་རི་ལ་བཤད་པ་ལགས། 10འོ་དེ་སྐྱེས་དམན་ཀྱ་མིར་ཡམ་མག་ད་ལི་ནི། དེ་ནས་ཡོ་ཨ་ནཱ་དང་ཡ་ཀོབ་ཀྱི་ཨ་མ་མིར་ཡམ་ལགས། དེ་ནས་ཁོང་ཀྱ་ཡི་མུ་ལ་འོད་ཀྱིན་སྐྱེས་དམན་གཞན་མ་ཀྱ་ཡིས་འང་དེ་ལབ་ཀྱ་སྐུ་ཚབ་ཀྱ་ལ་བཤད་པ་ལགས། 11ཡིན་ནའང་སྐུ་ཚབ་ཀྱ་ཡིས་དེ་ལབ་ཆོ་མེད་ཀྱིན་ལབ་བསམས་ཏེ་ཁོང་ཀྱ་ལ་ཡིད་ཆེས་མ་བྱས་བ་ལགས། 12ཡིན་ནའང་པེ་ཏྲོ་ལངས་རེ་དུར་ཁྲོད་དུ་བང་བཏང་རེ་སོང་བ་ལགས། དེ་ནས་ནང་དུ་གུག་བྱས་རེ་བལྟས་བའི་གང་ལ་ཕུང་པོ་ལ་སྒྲིལ་གྲ་རས་གོ་གཅིག་ཀ་མཐོང་བ་ལགས། གི་བྱུང་བྱ་གོ་མཐོང་རེ་ཁོ་ཧང་སངས་རེ་འོ་དེ་ནས་ལོག་སྟེ་སོང་བ་ལགས།
ཡེ་ཤུ་ཨེ་མ་ཨུའི་ལམ་ཁ་ལ།
(མར་ཀུ། ༡༦:༡༢-༡༣)
13འོ་དེ་ཉིན་མ་ལ་ཉེ་གནས་ཀྱ་ནས་མི་གཉིས་ཡེ་རུ་ཤ་ལེམ་ནས་ཆུ་ཚོད་གཉིས་ཚོད་ཐག་རིང་ང་ལ་འོད་ཀྱིན་ཨེ་མ་ཨུ་སྨྲ་གིན་ཡུལ་ལ་འགྲོའི་འོད་ད་ལགས། 14ཁོང་གཉིས་བོ་འོ་དུ་རུ་གི་བྱུང་བྱ་ཀྱ་ཡི་སྐོར་ལ་ལབ་བཏང་བའི་འོད་ད་ལགས། 15ཁོང་གཉིས་བོ་ལབ་བཏང་རེ་གྲོས་བྱེད་འདིག་གང་ལ་ཡེ་ཤུ་རང་ཁོང་ཀྱ་རྩ་རུ་ཕེབས་ཏེ་ཁོང་ཀྱ་མུ་ལ་ཕེབས་པ་ལགས། 16ཁོང་ཀྱ་ཡི་མིག་གིས་ཡེ་ཤུ་ལ་ངོ་ཤེས་ཡས་ནས་བསྒྲིབས་འོད་ད་ལགས།
17དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་གཉིས་བོ་གིན་གྱི་སྐོར་ལ་ལབ་བཏང་རེ་འགྲོ་བ་ལེ། ཁོང་གཉིས་བོ་སེམས་སྐྱོ་རེ་ཀྲོང་བྱས་རེ་བསྡད་པ་ལགས།
18འོ་དེ་གཉིས་བོ་ནས་ཀི་ལེ་ཨུ་པ་སི་སྨྲ་གིན་གྱིས་ཁོང་པ་ལ་སྨྲས་བ་ལགས། ཡེ་རུ་ཤ་ལེམ་དུ་ཕེབས་ཏེ་འོ་དུ་རུ་དེ་སང་གི་བྱུང་གིན་གྱི་སྐོར་ལ་ཤེས་ཡས་མིན་གྱིན་ཁྱེད་རང་གཅིག་ཀ་ལེ།
19ཁོང་པ་ཡིས་གིན་གྱི་སྐོར་ལ་གསུངས་རེ་དྲི་བ་མཛད་པ་ལགས།
དེ་ནས་ཁོང་གཉིས་བོ་ཡིས་སྨྲས་བ་ལགས། ན་ཙ་རེད་ཀྱི་ཡེ་ཤུའི་སྐོར་ལ། ཁོང་པ་དཀོན་མཆོག་དང་མི་གི་རིའི་གདོང་དུ་ཚིག་དང་ཕྱག་ལས་ལ་ནུས་མཐུ་ཆེན་པོ་འོད་ཀྱིན་མངོན་ཤེས་མཁན་གཅིག་ལགས། 20དེ་ནས་འི་ཀི་མཆོད་དཔོན་ཆེ་ཀྱ་དང་དཔོན་པོ་ཀྱ་ཡི་ཁོང་པ་ལ་བསད་ཡས་ཀྱི་ཁྲིམས་བཀལ་རེ་རྒྱང་ཤིང་ལ་བཀྲོངས་པ་ལགས། 21ཡིན་ནའང་ཡིས་ར་ཨེལ་པ་ལ་ཐར་པ་གནང་མཁན་གོ་ཁོང་པ་རང་ལགས་སྨྲས་རེ་འི་ཀིས་རེ་བ་བྱས་བའི། དེ་ནས་དེ་གཅིག་ཀ་མིན་ད་དེ་གི་རི་བྱུང་རེ་ད་ཞག་མོ་གསུམ་འགྲོའི། 22དེ་མེད་ཚད་ད་འི་ཀི་བུ་མོ་ཀྱ་ནས་རིང་འགའ་ཡིས་འེ་ལ་ཧ་ལས་རུ་བཅུག་སོང་། ཁོང་ཀྱ་དི་རིང་སྔ་རོག་སྔ་ཏི་དུར་ཁྲོད་དུ་སོང་འདུག། 23ཡིན་ནའང་ཁོང་པ་ཡི་སྐུ་ཕུང་གོ་འོ་དུ་རུ་མ་རྙེད་འདུག། ཁོང་ཀྱ་ལ་ནམ་མཁའི་བང་ཆེན་ཀྱ་ཡིས་ཁོང་པ་སྐུ་གསོན་པོ་བཞེངས་འདུག་གསུངས་ཀྱིན་མཐོང་སྣང་ལ་མཐོང་རེ་ལོག་སྟེ་འོངས་རེ་འེ་ཀྱ་ལ་སྨྲས་སོང་། 24དེ་ནས་འི་ཀི་མུ་ལ་འོད་མཁན་ཀྱ་ནས་རིང་འགའ་དུར་ཁྲོད་དུ་ལ་སོང་། དེ་ནས་བུ་མོ་ཀྱ་ཡིས་སྨྲ་གིན་ཅོག་རེ་མཐོང་འདུག། ཡིན་ནའང་ཁོང་པ་ལ་མ་མཇལ་འདུག།
25དེ་ནས་ཁོང་པ་ཡིས་ཁོང་གཉིས་བོ་ལ་གསུངས་བ་ལགས། བླུན་པོ་ཁྱེད། མངོན་ཤེས་མཁན་ཀྱ་ཡིས་གསུངས་ཀྱིན་གི་རི་ལ་དད་པ་མི་བྱེད་ཀྱིན་གིན་གྱི་སེམས་གླེན་ད་ལེ། 26མཱ་ཤི་ཀ་ཡིས་དེ་གི་རི་སྡུག་པོ་མྱངས་དགོས་རེ་ཁོ་རི་གཟི་བརྗིད་དུ་ཕེབས་དགོས་གུ་མ་ལེ། 27དེ་ནས་མོ་ཤེ་དང་མངོན་ཤེས་མཁན་གི་རི་ནས་འགོ་བཙུགས་ཏེ་གསུང་རབ་གི་རི་ནང་ནས་ཁོང་པ་ཡི་སྐོར་ལ་གསུངས་ཀྱིན་གི་རིའི་དོན་དག་ཁོང་ཀྱ་ལ་ཁོང་པ་ཡིས་སྒྲོལ་མཛད་པ་ལགས།
28ད་ཁོང་གཉིས་བོ་འགྲོ་གིན་ཡུལ་གོ་བོ་ལོག་ཏུ་སླེབས་ཏེ་ཡེ་ཤུ་ཁོང་གཉིས་བོ་ནས་ཧ་ལ་ཕེབས་ཡས་བྱས་བ་ལགས། 29ཡིན་ནའང་ཁོང་གཉིས་བོ་ཡིས་ཡེ་ཤུ་ལ་ཨུ་ཚུགས་བྱས་རེ་ཞུས་བ་ལགས། འི་ཀི་མུ་ལ་བཞུགས་རོགས་གནང་། གི་བྱས་རེ་སྨྲ་ན་ཉི་མ་ཕེབས་ཏེ་སྲོད་རུགས་གུ་བྱེད་འདིག།
དེ་ནས་ཁོང་པ་ཁོང་གཉིས་བོ་མུ་ལ་བཞུགས་ཡས་ལ་ནང་དུ་ཕེབས་པ་ལགས། 30དེ་ནས་ཁོང་པ་ཁོང་གཉིས་བོ་མུ་ལ་ཞལ་ལག་ལ་བཞུགས་བའི་གང་ལ་ཁོང་པ་ཡིས་གྱང་ག་གཅིག་ཕྱག་ལ་བསྣུམས་ཏེ་བྱིན་རླབས་མཛད་པ་ལགས། དེ་ནས་བཅག་སྟེ་ཁོང་གཉིས་བོ་ལ་གནང་བ་ལགས། 31དེ་ནས་ཁོང་གཉིས་བོ་ཡི་མིག་སྦས་བ་ལགས། དེ་ནས་ཁོང་པ་ལ་ངོ་ཤེས་བ་ལགས། དེ་ནས་ཁོང་པ་ཁོང་གཉིས་བོ་གདོང་ནས་ཡལ་རེ་ཕེབས་པ་ལགས།
32ཁོང་གཉིས་བོ་ཡིས་གཅིག་གིས་གཅིག་ལ་སྨྲས་བ་ལགས། ཁོང་པ་འོ་རི་མུ་ལ་ལམ་ཁ་ལ་བཀའ་མོལ་གསུངས་བའི་གང་ལ། དེ་ནས་འོ་རང་ལ་དཀོན་མཆོག་གི་གསུང་ལ་ཡི་དོན་དག་ཀྱ་སྒྲོལ་ལི་གང་ལ། འོ་རི་སེམས་ནང་དུ་མེ་བར་གྱིན་ཅོག་རེ་དྲོ་བ་མ་བྱུང་བ་ལེ།
33ད་ཁོང་གཉིས་བོ་འོ་དེ་གང་ལ་རང་ལངས་རེ་ཡེ་རུ་ཤ་ལེམ་ལ་ལོག་པ་ལགས། དེ་ནས་སྐུ་ཚབ་བཅུ་གཅིག་དང་ཁོང་ཀྱ་མུ་ལ་འཛོམས་མཁན་ཀྱ་ལ་ཐུག་སྟེ། 34སྨྲས་བ་ལགས། གཙོ་བོ་བདེན་པ་རང་སླར་གསོན་པོ་བཞེངས་འདུག། དེ་ནས་སི་མོན་ལའང་མཇལ་བ་ལགས། 35དེ་ནས་ལམ་ཁ་ལ་བྱུང་བྱ་ལབ་ཀྱ་དང་གྱང་ག་བཅག་སྟེ་གནང་བའི་གང་ལ་ཁོང་གཉིས་བོ་ཡིས་ཡེ་ཤུ་ལ་ངོ་ཤེས་ཀྱིན་ལབ་གི་རི་གཞན་མ་ཀྱ་ལ་བཤད་པ་ལགས།
ཡེ་ཤུ་ཉེ་གནས་ཀྱ་རྩ་རུ།
(མད་ཐཱ། ༢༨:༡༦-༢༠; མར་ཀུ། ༡༦:༡༤-༡༨; ཡོ་ཧ་ནན། ༢༠:༡༩-༢༣; མཛད་པ། ༡:༤-༨)
36ད་ཁོང་ཀྱ་དེ་ལབ་ཀྱ་བཏང་བའི་གང་ལ་ཡེ་ཤུ་ཁོང་པ་རང་ཁོང་ཀྱ་ཡི་གུང་དུ་ཕེབས་བ་མཛད་དེ་གསུངས་བ་ལགས། ཁྱེད་ཀྱ་ལ་ཞི་བདེ་འོང་བར་ཤོག། 37ཡིན་ནའང་གདོན་འདྲེ་གཅིག་མཐོང་བ་ཡིན་གྲོ་བསམས་ཏེ་ཁོང་ཀྱ་འཐོམས་ཏེ་འཇིགས་པ་ལགས།
38དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་གི་བྱས་རེ་འཇིགས་བ་ལེ། དེ་ནས་ཁྱེད་ཀྱ་གི་བྱས་རེ་སེམས་ལ་དོགས་པ་བྱེད་ད་ལེ། 39ངའི་ལག་པ་དང་རྐང་པ་ལ་ལྟོས། ང་རང་ཡིན། ཁྱེད་རི་ལག་ཀ་ཡིས་ང་ལ་འཇུས་རེ་ལྟོས། གི་བྱས་རེ་སྨྲ་ན་གདོན་འདྲེའི་ཤ་དང་རུས་ཁོག་མེད་ཡོང་ང་ལགས། ཡིན་ནའང་ང་ལ་འོད་ཀྱིན་གོ་མཐོང་ང་ལགས།
40དེ་རེ་གསུངས་ཚར་ཏེ་ཁོང་པ་ཡིས་ཁོང་ཀྱ་ལ་ཁོ་རི་ཕྱག་དང་ཞབས་སྟོན་མཛད་པ་ལགས། 41དེ་ནས་ཁོང་ཀྱ་ཉམ་མོ་དགྱེས་རེ་ཡིད་ཆེས་མ་བྱས་བ་ཧང་སང་གིན་གོ་གཟིགས་ཏེ་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ལ་དུ་རུ་ཟ་ཡས་རེ་འོད་དེ། 42ཁོང་ཀྱ་ཡིས་ཁོང་པ་ལ་ཉ་བརྔོས་ང་དུམ་པོ་གཅིག་ཕུལ་བ་ལགས། 43དེ་ནས་ཁོང་པ་ཡིས་འོ་དེ་ལེན་ཏེ་ཁོང་ཀྱ་ཡི་གདོང་དུ་རང་བཞེས་བ་ལགས།
44དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་མུ་ལ་འོད་དེ་གང་ལ་ངས་སྨྲས་སྨྲ་ལབ་ཀྱ་དེ་རང་ལགས། མོ་ཤེ་ཡིས་བྲིས་བྲ་ཆོས་ཁྲིམས་དང་། མངོན་ཤེས་མཁན་ཀྱ་ཡི་དེབ་དང་། གསུང་མགུར་ལ་ངའི་སྐོར་ལ་བྲིས་བྲ་ལབ་གི་རི་འགྲུབ་དགོས་ཀྱི་ལགས།
45དེ་ནས་དཀོན་མཆོག་གི་བཀའ་གོ་ཧ་གོ་ར་ཤོག་སྨྲས་རེ་ཡེ་ཤུ་ཡིས་ཁོང་ཀྱ་ཡི་ཤེས་རབ་གསལ་བ་མཛད་པ་ལགས།
46ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། དེ་རེ་བྲིས་འོད་ད་ལགས། མཱ་ཤི་ཀ་ཡིས་སྡུག་པོ་མྱངས་དགོས་ཀྱི་ལགས། དེ་ནས་ཞག་མོ་གསུམ་པ་གོ་ལ་འཆི་བ་ནས་གསོན་པོ་བཞེངས་ཀྱི་ལགས། 47དེ་ནས་ཡེ་རུ་ཤ་ལེམ་ནས་འགོ་བཙུགས་ཏེ་མི་རིགས་གི་རི་ལ་ཁོང་པ་ཡི་མཚན་ནས་སྡིག་པའི་འགྱོད་པ་དང་དགོངས་ཡངས་ཀྱི་སྐོར་ལ་ཆོས་བཤད་དགོས་ཀྱི་ལགས། 48དེ་ལབ་ཀྱ་ཡི་དཔང་པོ་ཁྱེད་ཀྱ་ལགས། 49ལྟོས། ང་ངའི་ཡབ་ཀྱི་དམ་བཅའ་མཛད་ཛ་གོ་ཁྱེད་ཀྱ་རྩ་རུ་བརྫངས་ཡས་ཡིན། ཡིན་ནའང་སྟོད་ནས་དབང་གོ་ཁྱེད་ཀྱ་ཡི་ཁར་ལ་མ་བབ་ཀྱིན་ཐུག་པའི་ཁྱེད་ཀྱ་འདི་རྒྱལ་ས་རུ་རང་སྡོད།
ཡེ་ཤུ་ནམ་མཁའི་ཞིང་ཁམས་ལ་ཕེབས་པ།
(མར་ཀུ། ༡༦:༡༩-༢༠; མཛད་པ། ༡:༩-༡༡)
50འོ་དེ་གཤམ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་བེད་ཐ་ནི་ཐུག་པའི་ཁྲིད་བ་མཛད་དེ། རང་གི་ཕྱག་བཏག་སྟེ་ཁོང་ཀྱ་ལ་བྱིན་རླབས་གནང་བ་ལགས། 51ཁོང་པ་ཡིས་ཁོང་ཀྱ་ལ་བྱིན་རླབས་གནང་བའི་གང་ལ་ཁོང་པ་ཁོང་ཀྱ་ནས་ཁ་བྲལ་རེ་ནམ་མཁའ་ཕྱོགས་ལ་ཁྲིད་བ་མཛད་པ་ལགས། 52དེ་ནས་ཁོང་ཀྱ་ཡིས་ཁོང་པ་ལ་ཕྱག་འཚལ་རེ་དམི་ཅིག་གི་ཉམ་མོ་དགྱེས་རེ་ཡེ་རུ་ཤ་ལེམ་ལ་ལོག་པ་ལགས། 53དེ་ནས་ཁོང་ཀྱ་ཙོག་བའི་མཆོད་ཁང་དུ་དཀོན་མཆོག་ལ་བསྟོད་སྒྲ་ཕུལ་རེ་བསྡད་ད་ལགས།།

اکنون انتخاب شده:

ལུ་ཀ། 24: LOY

های‌لایت

به اشتراک گذاشتن

کپی

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید