ལུ་ཀ། 22

22
ཡེ་ཤུ་ལ་བསད་ཡས་ཀྱི་གྲོས།
(མད་ཐཱ། ༢༦:༡-༥,༡༤-༡༦; མར་ཀུ། ༡༤:༡-༢,༡༠-༡༡; ཡོ་ཧ་ནན། ༡༡:༤༥-༥༣)
1སྐྱུར་རྩི་མེད་ཀྱིན་གྱང་ག་བཟོ་གིན་ཡ་ཧུ་དཱ་པ་ཀྱ་ཡི་པེ་སག་གི་དུས་ཆེན་གོ་ཉེ་སླེབས་པ་ལགས། 2དེ་ནས་མཆོད་དཔོན་ཆེ་ཀྱ་དང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཡིས་ཡེ་ཤུ་ལ་གང་གི་བྱས་རེ་བསད་དུ་བཅུག་ཡས་སྨྲས་རེ་ཐབས་ཤེས་བཙལ་ལི་འོད་ད་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་མི་མང་ཀྱ་ལ་འཇིགས་བ་ལགས། 3དེ་ནས་ཉེ་གནས་བཅུ་གཉིས་ནས་ཨཱིས་ཀ་རི་ཨཱོད་སྨྲ་གིན་ཡུ་དཱའི་སེམས་ནང་དུ་སཱ་ཏན་འཛུལ་བ་ལགས། 4ཁོ་མཆོད་དཔོན་ཆེ་ཀྱ་དང་མཆོད་ཁང་སྲུང་མཁན་ཀྱ་ཡི་དམག་དཔོན་ཀྱ་རྩ་རུ་སོང་རེ། ཡེ་ཤུ་ལ་ཁོང་ཀྱ་ཡི་ལག་ཀ་ལ་གང་གི་བྱས་རེ་རྩི་བརྒྱབ་ཡས་སྨྲས་རེ་གྲོས་བྱས་བ་ལགས། 5དེ་ནས་ཁོང་ཀྱ་ཉམ་མོ་དགྱེས་རེ་ཁོ་ལ་དངུལ་སྟེར་ཡས་ཀྱི་མནའ་བསྐྱལ་བ་ལགས། 6དེ་ནས་ཁོ་ཁ་འཆམ་ཏེ་མི་ཚོགས་མེད་དེ་གང་ལ་ཁོང་པ་ལ་ཁོང་ཀྱ་ཡི་ལག་ཀ་ལ་རྩི་བརྒྱབ་ཡས་ཀྱི་གོ་སྐབས་བཙལ་བ་ལགས།
ཉེ་གནས་ཀྱ་མུ་ལ་པེ་སག་གི་དུས་ཆེན།
(མད་ཐཱ། ༢༦:༡༧-༢༥; མར་ཀུ། ༡༤:༡༢-༢༡; ཡོ་ཧ་ནན། ༡༣:༢༡-༣༠)
7ད་པེ་སག་གི་ལུག་ཕྲུག་ལ་དམར་མཆོད་འབུལ་གྱིན་སྐྱུར་རྩི་མེད་ཀྱིན་གྱང་ག་བཟོ་གིན་ཉིན་མ་གོ་སླེབས་པ་ལགས། 8འོ་བྱས་རེ་ཡེ་ཤུ་ཡིས་པེ་ཏྲོ་དང་ཡོ་ཧ་ནན་ལ་དེ་རེ་གསུངས་རེ་བརྫངས་བ་ལགས། སོང་རེ་འོ་རང་གི་ཕྱིར་ལ་པེ་སག་གི་དུས་ཆེན་གྱི་ཟ་རྒྱུ་གྲ་སྒྲིག་བྱེད།
9ཁོང་གཉིས་ཀྱིས་ཁོང་པ་ལ་ཞུས་བ་ལགས། འེ་ཀྱ་དེ་ག་རུ་གྲ་སྒྲིག་བྱེད་ཡས།
10ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་རྒྱལ་ས་ནང་དུ་སླེབས་ཏེ་ཆུ་ཏོམ་ལ་ཆུ་ཁྱེར་ཏེ་རྒྱུག་གིན་མི་གཅིག་ཁྱེད་ཀྱ་ལ་ཐུག་གི་ལགས། དེ་ནས་ཁོ་འགྲོ་ས་ནང་ཐུག་པའི་ཁྱེད་ཀྱ་ཁོའི་གཤམ་ལ་སོང་། 11དེ་ནས་འོ་དེ་ཁང་པའི་བདག་པོ་ལ་སྨྲོས། དགེ་ལགས་ཀྱིས་ཁྱེད་རང་ལ་གསུངས་སོང་། ང་ངའི་ཉེ་གནས་ཀྱ་མུ་ལ་པེ་སག་གི་དུས་ཆེན་གྱི་མགྲོན་གོ་ཟ་ས་ནང་གོ་ག་རུ་ལེ། 12དེ་ནས་ཁོས་ཁྱེད་ཀྱ་ལ་ཁང་པ་སྟོད་ཡོག་ལ་གྲ་སྒྲིག་བྱས་རེ་བཞག་ས་ནང་ཆེ་གཅིག་སྟོན་གྱི་ལགས། དེ་ནས་འོ་དུ་རུ་རང་གྲ་སྒྲིག་བྱེད། 13དེ་ནས་ཁོང་ཀྱ་སོང་བ་ལགས། དེ་ནས་ཁོང་པ་ཡིས་གསུངས་ཀྱིན་ཅོག་རེ་ཐུག་པ་ལགས། དེ་ནས་ཁོང་ཀྱ་ཡིས་མགྲོན་གོ་གྲ་སྒྲིག་བྱས་བ་ལགས།
གཙོ་བོའི་ཞལ་ལག།
(མད་ཐཱ། ༢༦:༢༦-༣༠; མར་ཀུ། ༡༤:༢༢-༢༦; ༡ ཀོ་རིན་ཐུ་པ། ༡༡:༢༣-༢༥)
14དེ་ནས་དུས་ཚོད་བྱུང་བའི་གང་ལ་ཡེ་ཤུ་ཉེ་གནས་བཅུ་གཉིས་ཀྱ་ཡི་མུ་ལ་ཞལ་ལག་བཞེས་ཡས་ལ་བཞུགས་པ་ལགས། 15ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ང་སྡུག་པོ་མྱངས་ཡས་ཀྱི་ཨེན་ལ་ཁྱེད་ཀྱ་མུ་ལ་འདི་པེ་སག་གི་དུས་ཆེན་གྱི་ཞལ་ལག་དེ་ཟ་ཡས་ལ་ངས་སྙིང་ཐག་པ་ནས་འདོད་པའི། 16གི་བྱས་རེ་སྨྲ་ན་ང་ཁྱེད་ཀྱ་ལ་སྨྲ་ཡིན། དཀོན་མཆོག་གི་རྒྱལ་སྲིད་དུ་དེ་མ་འགྲུབ་ཀྱིན་ཐུག་པའི་ང་ཡང་ད་འདི་ཞལ་ལག་དེ་ཟ་ཡས་མིན།
17དེ་ནས་ཁོང་པ་ཡིས་ཞལ་དཀར་ཕྱག་ལ་བསྣུམས་ཏེ་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཕུལ་རེ་གསུངས་བ་ལགས། དེ་ལེན། དེ་ནས་ཁྱེད་རང་ཀྱ་ནང་དུ་བགོས། 18གི་བྱས་རེ་སྨྲ་ན་ང་ཁྱེད་ཀྱ་ལ་སྨྲ་ཡིན། དཀོན་མཆོག་གི་རྒྱལ་སྲིད་མེད་ཡོང་གིན་ཐུག་པའི་དི་རིང་ནས་ཧ་ལ་ང་རྒུན་འབྲུམ་གྱི་ཁུ་བ་འཐུང་ཡས་མིན།
19དེ་ནས་ཁོང་པ་ཡིས་གྱང་ག་གཅིག་ཕྱག་ལ་བསྣུམས་ཏེ་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཕུལ་རེ་བཅག་པ་ལགས། དེ་ནས་ཁོང་ཀྱ་ལ་དེ་རེ་གསུངས་རེ་གནང་བ་ལགས། དེ་ཁྱེད་ཀྱ་ཡི་དོན་དུ་སྦྱིན་པ་བཏང་ཏ་ངའི་ལུས་ལགས། ང་ལ་དྲན་གསོ་བྱེད་ཡས་ལ་ཁྱེད་ཀྱ་དེ་རེ་བྱེད།
20འོ་བྱས་རེ་རང་ཞལ་ལག་བཞེས་ཚར་ཏེ་ཁོང་པ་ཡིས་ཞལ་དཀར་བསྣུམས་ཏེ་གསུངས་བ་ལགས། འདི་ཕོ་ར་དེ་ཁྱིད་ཀྱི་དོན་དུ་བླུགས་ལ་ངའི་ཁྲག་གི་སྒོ་ནས་དམ་བཅའ་གསར་པ་གོ་ལགས། 21ཡིན་ནའང་ལྟོས། ང་ལ་དགྲའི་ལག་ཀ་ལ་རྩི་བརྒྱབ་ཏུ་བཅུག་མཁན་མི་གོ་ངའི་མུ་ལ་རང་ཞལ་ལག་ལ་བསྡད་འདུག། 22གི་བྱས་རེ་སྨྲ་ན་ཐག་བཅད་ཅ་གོ་ལ་བརྩིས་རེ་མིའི་བུ་འགྲོ་གི་ལགས། ཡིན་ནའང་ཁོ་ལ་དགྲ་ཀྱ་ཡི་ལག་ཀ་ལ་རྩི་བརྒྱབ་མཁན་མི་གོ་མྱངས་བ་ལི། 23དེ་ནས་ཁོ་རང་ཀྱ་ནས་སུས་དེ་རེ་ལས་ཀ་བྱེད་ཡས་ཡིན་གྲོའི་སྨྲས་རེ་ཉེ་གནས་ཀྱ་ཡིས་གཅིག་གིས་གཅིག་ལ་དྲིས་བ་ལགས།
ཆེ་ཤོས་སུ་ཡིན་གྱིན་གྱི་སྐོར་ལ།
(མད་ཐཱ། ༢༠:༢༥-༢༨;༡༩:༢༨; མར་ཀུ། ༡༠:༤༢-༤༥)
24ད་ཉེ་གནས་ཀྱ་ནས་ཆེ་ཤོས་སུ་ཡིན་གྱིན་གྱི་སྐོར་ལ་ཁོང་ཀྱ་གུང་དུ་རྩོད་པ་ཤོར་པ་ལགས། 25དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། མི་རིགས་གཞན་མ་ཀྱ་ཡི་རྒྱལ་བོ་ཀྱ་ཁོང་ཀྱ་ཁར་ལ་དབང་བྱེད་ད་ལགས། དེ་ནས་ཁོང་ཀྱ་ཁར་ལ་དབང་བྱེད་མཁན་ཀྱ་ལ་དྲིན་ཅན་སྨྲ་ལགས། 26ཡིན་ནའང་ཁྱེད་ཀྱ་གོ་དེ་ཅོག་རེ་མ་བྱེད། ཁྱེད་ཀྱ་ནས་ཆེ་ཤོས་ཡིན་གྱིན་གོ་ཆུང་ཤོས་ཅོག་རེ་འབྱུང་དགོས། དེ་ནས་དཔོན་པོ་གོ་གཡོག་པོ་ཅོག་རེ་འབྱུང་དགོས། 27ཟ་མ་ཟ་མཁན་དང་ཞབས་ཕྱི་ཞུ་མཁན་གོ་ནས་སུ་ཆེ་ལེ། ཟ་མ་ཟ་མཁན་གོ་མ་ལེ། ཡིན་ནའང་ལྟོས། ང་ཁྱེད་ཀྱ་ཡི་གུང་དུ་ཞབས་ཕྱི་ཞུ་མཁན་ཅོག་རེ་ཡིན།
28ང་ལ་སྡུག་པོ་བྱུང་བའི་གང་ལ་ངའི་མུ་ལ་བསྡད་མཁན་གོ་ཁྱེད་ཀྱ་ལགས། 29ངའི་ཡབ་ཀྱིས་ང་ལ་རྒྱལ་སྲིད་གཅིག་གནང་གིན་ཅོག་རེ་ངའང་ཁྱེད་ཀྱ་ལ་སྟེར་ར་ཡིན། 30དེ་ནས་ཁྱེད་ཀྱ་ངའི་རྒྱལ་སྲིད་དུ་ངའི་མུ་ལ་ཟ་འཐུང་བྱེད་ཀྱི་ལགས། དེ་ནས་བཞུགས་ཁྲི་ཀྱ་ལ་བསྡད་དེ་ཡིས་ར་ཨེལ་གྱི་བརྒྱུད་པ་བཅུ་གཉིས་ཀྱི་ཁར་ལ་ཁྲིམས་བྱེད་ཀྱི་ལགས།
པེ་ཏྲོ་ཡིས་གཙོ་བོ་ལ་ཁས་མེད་ལེན་གྱིན་སྐོར་ལ་མངོན་ཤེས།
(མད་ཐཱ། ༢༦:༣༡-༣༥; མར་ཀུ། ༡༤:༢༧-༣༡; ཡོ་ཧ་ནན། ༡༣:༣༦-༣༨)
31འོ་དེ་གཤམ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། སི་མོན། སི་མོན། དུ་རུ་ཉན། སཱ་ཏན་གྱིས་ཁྱོད་ལ་གྲོ་ཅོག་རེ་འོ་འཕྱར་ཡས་ལ་ཞུས་འདུག། 32ཡིན་ནའང་ཁྱོའི་དད་པ་མ་ཡལ་བ་ཤོག་སྨྲས་རེ་ངས་ཁྱོའི་ཕྱིར་ལ་གསོལ་བ་བཏབ་པའི། དེ་ནས་ཁྱོའི་སེམས་བསྒྱུར་ཚར་ཏེ་ཁྱོད་རི་སྤུན་ཀྱ་ལ་བརྟན་པོ་བཟོས།
33དེ་ནས་པེ་ཏྲོ་ཡིས་སྨྲས་བ་ལགས། གཙོ་བོ། ང་ཁྱེད་རང་མུ་ལ་བཙོན་ཁང་དུ་འགྲོ་ཡས་དང་ཤི་ཡས་ལའང་གྲ་སྒྲིག་འོད།
34ཡེ་ཤུ་ཡིས་གསུངས་བ་ལགས། པེ་ཏྲོ། ང་ཁྱོད་ལ་སྨྲ་ཡིན། ཉེ་དྲོ་སྔ་རོག་བྱ་ཕོ་སྐད་མ་བརྒྱབ་ཀྱིན་ཨེན་ལ་ཁྱོས་ང་ལ་ལེ་མོ་གསུམ་ཁས་མེད་ལེན་གྱི་ལགས།
ཁུག་མ་དང་རས་ཁུག་དང་རལ་གྲི།
35དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། ངས་ཁྱེད་ཀྱ་ལ་ཁུག་མ་ཡང་ན་རས་ཁུག་ཡང་ན་པོ་ལེ་མ་ཁྱེར་ར་བརྫངས་བའི་གང་ལ་ཁྱེད་ཀྱ་ལ་མེད་ཚང་གིན་རེ་བྱུང་སེ།
ཁོང་ཀྱ་ཡིས་སྨྲས་བ་ལགས། མ་བྱུང་སོང་།
36ཁོང་པ་ཡིས་གསུངས་བ་ལགས། ཡིན་ནའང་དེ་ནས་ཧ་ལ་ཁྱོད་རི་ཁུག་མ་དང་རས་ཁུག་ཁྱེར། དེ་ནས་ཁྱོད་ལ་རལ་གྲི་མེད་ན་ཁྱོད་རི་གཟན་གོ་བཙོངས་རེ་རལ་གྲི་གཅིག་ཉོས། 37གི་བྱས་རེ་སྨྲ་ན་ང་ཁྱེད་ཀྱ་ལ་སྨྲ་ཡིན། ཆོས་ཁྲིམས་ལ་ཁོ་ཇག་པ་ཀྱ་ཡི་མུ་ལ་བརྩིས་བ་ལགས།#ཡེ་ཤ་ཡཱ། ༥༣:༡༢ སྨྲས་རེ་བྲིས་བྲ་གོ་ང་ལ་འགྲུབ་དགོས་གུ་ལགས། དེ་ནས་བདེན་པ་རང་ངའི་སྐོར་ལ་བྲིས་བྲ་ཀྱ་འགྲུབ་པ་ལགས།
38དེ་ནས་ཉེ་གནས་ཀྱ་ཡིས་སྨྲས་བ་ལགས། གཙོ་བོ། གཟིགས་རོགས་གནང་། དུ་རུ་རལ་གྲི་གཉིས་འོད།
ཁོང་པ་ཡིས་གསུངས་བ་ལགས། འོ་དེ་འོད་ན་སྒྲིག་གུ་ལགས།
སྐྱུར་རུ་ཤིང་གི་རི་རུ་ཡེ་ཤུ་ཡིས་གསོལ་བ་བཏབ་པ།
(མད་ཐཱ། ༢༦:༣༦-༤༦; མར་ཀུ། ༡༤:༣༢-༤༢)
39ཉིན་མ་ཏེན་ཀྱ་ཅོག་རེ་ཡེ་ཤུ་རྒྱལ་ས་ནས་ཐོན་མཛད་དེ་སྐྱུར་རུ་ཤིང་གི་རི་རུ་ཕེབས་པ་ལགས། དེ་ནས་ཉེ་གནས་ཀྱ་ཁོང་པ་ཡི་གཤམ་པ་ལ་འབྲངས་བ་ལགས། 40འོ་དེ་ས་ཆ་དུ་སླེབས་ཏེ་ཁོང་པ་ཡིས་ཉེ་གནས་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ཚོད་ལྟ་ལ་མ་ཆུད་ད་ཤོག་སྨྲས་རེ་གསོལ་བ་རྒྱོབ།
41དེ་ནས་ཡེ་ཤུ་ཁོང་ཀྱ་བསྡད་ས་ནས་ཅི་མེ་ཧ་ལ་ཕེབས་ཏེ་པུས་མོ་ས་ལ་བཙུགས་ཏེ་དེ་རེ་གསོལ་བ་བཏབ་པ་ལགས། 42ངའི་ཡབ། ཁྱེད་རང་གི་ཐུགས་དགོངས་འོད་ན་འདི་སྡུག་པོའི་ཕོ་ར་དེ་ང་ནས་ཧ་ལ་བསྣུམས་མ་མཛད། ཡིན་ནའང་ངའི་འདོད་པ་མིན་ད་ཁྱེད་རང་གི་ཐུགས་དགོངས་འགྲུབ་པར་ཤོག།
43དེ་ནས་ནམ་མཁའི་ཞིང་ཁམས་ནས་ནམ་མཁའི་བང་ཆེན་གཅིག་ཕེབས་ཏེ་ཁོང་པ་ལ་ཤུགས་གནང་བ་ལགས། 44ཁོང་པ་ཡི་སེམས་དམི་ཅིག་གི་སྡུག་པོ་ཡིས་ཁངས་རེ་ཁོང་པ་ཡི་སྙིང་ཐག་པ་ནས་གསོལ་བ་བཏབ་པ་ལགས། དེ་ནས་ཁོང་པ་ཡི་རྔུལ་ནག་ཁྲག་གི་ཐིགས་པ་ཅོག་རེ་ས་ལ་ཐིགས་པ་ལགས།#༢༢:༤༤ ཨེན་མའི་གསུང་རབ་ཀྱ་ལ་རིང་འགའ་ལ་ ༤༣ དང་ ༤༤ བྲིས་མེད་ད་ལགས། 45དེ་ནས་ཡེ་ཤུ་གསོལ་བ་བཏབ་ཚར་ཏེ་ཡར་ལ་བཞེངས་ཏེ་ཉེ་གནས་ཀྱ་རྩ་རུ་ཕེབས་པ་ལགས། དེ་ནས་འོ་དུ་རུ་ཁོང་ཀྱ་སྡུང་ང་ཡིས་བྱས་རེ་ཐང་ཆད་དེ་གཉིད་ལོག་སྟེ་བསྡད་ཀྱིན་གཟིགས་པ་ལགས། 46དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་གི་བྱས་རེ་ཉལ་རེ་བསྡད་ད་ལེ། ལོངས། དེ་ནས་ཚོད་ལྟ་ལ་མི་ཆུད་ཡས་ཀྱི་ཆེད་དུ་གསོལ་བ་རྒྱོབ།
ཡེ་ཤུ་ཟིམ་པ།
(མད་ཐཱ། ༢༦:༤༧-༥༦; མར་ཀུ། ༡༤:༤༣-༥༠; ཡོ་ཧ་ནན། ༡༨:༣-༡༡)
47ཡེ་ཤུ་ཡིས་བཀའ་མོལ་གསུངས་བའི་གང་ལ་ཉེ་གནས་བཅུ་གཉིས་ནས་ཡུ་དཱ་སྨྲ་གིན་གྱིས་མི་ཚོགས་ཆེ་གཅིག་ཁྲིད་དེ་འོ་དུ་རུ་འོངས་བ་ལགས། ཁོ་ཡེ་ཤུ་ལ་འོ་བྱེད་ཡས་ལ་ཁོང་པ་ཡི་བོ་ལོག་ཏུ་སོང་བ་ལགས། 48ཡིན་ནའང་ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ཡུ་དཱ། ཁྱོད་མིའི་བུ་ལ་འོ་བྱས་རེ་ངོ་ལོག་བྱེད་གུ་ལེ།
49དེ་ནས་ཁོང་པ་ཡི་མཐའ་འཁོར་ལ་འོད་མཁན་ཀྱ་ཡིས་གི་འབྱུང་ཡས་བྱེད་ཀྱིན་གོ་མཐོང་རེ་སྨྲས་བ་ལགས། གཙོ་བོ། འེ་ཀྱ་རལ་གྲི་བེད་སྤྱོད་བྱེད་གུའི། 50དེ་ནས་ཉེ་གནས་ཀྱ་ནས་གཅིག་གིས་གཙོ་མཆོད་དཔོན་གྱི་གཡོག་པོ་གཅིག་ལ་རལ་གྲི་བརྒྱབ་སྟེ་འོ་དེའི་གཡས་ཕྱོགས་ཀྱི་ཨམ་མཆོག་གོ་བཅད་པ་ལགས།
51ཡིན་ནའང་ཡེ་ཤུ་ཡིས་གསུངས་བ་ལགས། དེ་རེ་མ་བྱེད། དེ་ནས་འོ་དེ་མིའི་ཨམ་མཆོག་ལ་འཇུས་རེ་ཁོང་པ་ཡིས་འོ་དེ་ལ་བཅོས་ག་མཛད་པ་ལགས།
52དེ་ནས་ཁོང་པ་ལ་ཟིམ་དུ་འོང་གིན་མཆོད་དཔོན་ཆེ་ཀྱ་དང་མཆོད་ཁང་སྲུང་མཁན་ཀྱ་ཡིས་དམག་དཔོན་དང་། གཞན་མ་འགོ་ཁྲིད་ཀྱ་ལ་ཁོང་པ་ཡིས་གསུངས་བ་ལགས། ཁྱེད་ཀྱ་ཇག་པ་གཅིག་ཟིམ་དུ་འོང་གིན་ཅོག་རེ་རྒྱུག་པ་དང་རལ་གྲི་ཁྱེར་ཏེ་འོངས་ང་ལེ། 53ང་ཉིན་མ་ཏེན་ཀྱ་མཆོད་ཁང་དུ་ཁྱེད་ཀྱ་མུ་ལ་འོད་དེ་གང་ལ་ཁྱེད་ཀྱ་ཡིས་ང་ལ་མ་ཟིམ་པ་ལགས། ཡིན་ནའང་ད་ལྟ་ཁྱེད་ཀྱ་ཡི་དུས་ཚོད་ལགས། དེ་ནས་མུན་ནག་གི་དབང་ལགས།
པེ་ཏྲོ་ཡིས་ཡེ་ཤུ་ལ་ཁས་ལེན་མ་བྱས་བ།
(མད་ཐཱ། ༢༦:༥༧-༥༨,༦༩-༧༥; མར་ཀུ། ༡༤:༥༣-༥༤,༦༦-༧༢; ཡོ་ཧ་ནན། ༡༨:༡༢-༡༨,༢༥-༢༧)
54དེ་ནས་ཁོང་ཀྱ་ཡིས་ཡེ་ཤུ་ལ་ཟིམ་ཏེ་གཙོ་མཆོད་དཔོན་གྱི་ནང་དུ་ཁྲིད་དེ་སོང་བ་ལགས། དེ་ནས་པེ་ཏྲོ་རྒྱང་ནས་གཤམ་པ་ལ་འབྲངས་རེ་སོང་བ་ལགས། 55འོ་དུ་རུ་སྒོ་རའི་གུང་དུ་མི་ཀྱ་མེ་བཏང་རེ་བསྡད་འོད་ད་ལགས། དེ་ནས་པེ་ཏྲོ་ཁོང་ཀྱ་མུ་ལ་བསྡད་པ་ལགས། 56དེ་ནས་གཡོག་མོ་གཅིག་གིས་ཁོ་ལ་མེའི་འོད་ལ་བསྡད་ཀྱིན་མཐོང་རེ་ག་མོ་མ་ཞིབས་ལྟ་བྱས་རེ་བལྟས་རེ་སྨྲས་བ་ལགས། འདི་མི་དེའང་ཁོ་མུ་ལ་འོད་ད་ལགས།
57ཡིན་ནའང་པེ་ཏྲོ་ཡིས་དེ་རེ་སྨྲས་བ་ལགས། བུ་མོ། ང་ཁོང་ལ་ངོ་མེད་ཤེས་འོད།
58ཅི་མེ་གཅིག་ནས་གཞན་མ་གཅིག་གིས་ཁོ་ལ་མཐོང་རེ་སྨྲས་བ་ལགས། ཁྱོད་འང་ཁོང་ཀྱ་ནས་གཅིག་ལགས།
ཡིན་ནའང་པེ་ཏྲོ་ཡིས་སྨྲས་བ་ལགས། ང་མ་ལགས།
59དེ་ནས་ཆུ་ཚོད་གཅིག་འགྱངས་རེ་མི་གཞན་མ་གཅིག་གིས་ཨུ་ཚུགས་བྱས་རེ་སྨྲས་བ་ལགས། བདེན་པ་རང་འདི་མི་དེ་ཁོའི་མུ་ལ་འོད་ད་ལགས། གི་བྱས་རེ་སྨྲ་ན་ཁོའང་ག་ལིལ་པ་ལགས།
60ཡིན་ནའང་པེ་ཏྲོ་ཡིས་སྨྲས་བ་ལགས། ཁྱོད་གིན་གྱི་སྐོར་ལ་ལབ་བཏང་ང་ལེ། ང་ལ་ཤེས་ཡས་མེད། དེ་ནས་ལམ་སང་ཁོ་ལབ་བཏང་བའི་གང་ལ་བྱ་ཕོ་སྐད་བརྒྱབ་པ་ལགས། 61དེ་ནས་གཙོ་བོ་ཡིས་ཞལ་བསྒྱུར་ཏེ་པེ་ཏྲོ་ལ་གཟིགས་པ་ལགས། དི་རིང་བྱ་སྐད་བརྒྱབ་ཡས་ཨེན་ལ་ཁྱོས་ང་ལ་ལན་མོ་གསུམ་ཁས་མེད་ལེན་གྱི་ལགས་སྨྲས་རེ་གཙོ་བོ་ཡིས་གསུངས་ཀྱིན་གོ་ཁོས་དྲན་པ་ལགས། 62དེ་ནས་ཁོ་ཕི་ལ་ཐོན་ཏེ་དམི་ཅིག་གི་ངུས་བ་ལགས།
ཡེ་ཤུ་ལ་སྨད་སྤྲ་པབ་པ།
(མད་ཐཱ། ༢༦:༦༧,༦༨; མར་ཀུ། ༡༤:༦༥)
63དེ་ནས་ཡེ་ཤུ་ལ་སྲུང་གིན་དམག་མི་ཀྱ་ཡིས་ཁོང་པ་ལ་སྨད་སྤྲ་བབས་ཏེ་བརྡུངས་བ་ལགས། 64དེ་ནས་ཁོང་པ་ཡི་སྤྱན་ལ་རས་ཀྱིས་བཀབ་སྟེ་དྲིས་བ་ལགས། ཁྱོད་ལ་བརྡུངས་མཁན་གོ་སུ་ལེ། མངོན་ཤེས་ཤོད། 65དེ་ནས་ཁོང་ཀྱ་ཡིས་ཁོང་པ་ལ་གཞན་མ་སྨད་སྤྲ་བབས་ཀྱིན་ལབ་མང་ང་བཏང་བ་ལགས།
ཚོགས་འདུའི་གདོང་དུ་ཡེ་ཤུ།
(མད་ཐཱ། ༢༦:༥༩-༦༦; མར་ཀུ། ༡༤:༥༥-༦༤; ཡོ་ཧ་ནན། ༡༨:༡༩-༢༤)
66ནམ་ལངས་རེ་མཆོད་དཔོན་ཆེ་ཀྱ་དང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཚོགས་འདུ་འཛོམས་པ་ལགས། དེ་ནས་ཁོང་ཀྱ་ཡིས་ཡེ་ཤུ་ལ་ཚོགས་འདུ་རུ་ཁྲིད་དེ་སྨྲས་བ་ལགས། 67ཁྱོད་མཱ་ཤི་ཀ་གོ་ཡིན་ན། འེ་ཀྱ་ལ་ཤོད།
ཡིན་ནའང་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ངས་སྨྲ་ནའང་ཁྱེད་ཀྱ་ཡིས་ང་ལ་ཡིད་ཆེས་བྱེད་གུ་མ་ལགས། 68དེ་ནས་ངས་དྲི་བ་དྲིས་ནའང་ཁྱེད་ཀྱ་ཡིས་ལན་སྟེར་གུ་མ་ལགས། 69ཡིན་ནའང་དི་རིང་ནས་ཧ་ལ་མིའི་བུ་ནི་ཀུན་དབང་དཀོན་མཆོག་གི་ཕྱག་གཡས་ཕྱོགས་ལ་བཞུགས་ཀྱི་ལགས།
70དེ་ནས་ཁོང་གི་རི་ཡིས་སྨྲས་བ་ལགས། དེ་རེ་ཡིན་ན། ཁྱོད་དཀོན་མཆོག་གི་སྲས་ལེ།
ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ང་ཡིན་གྱིན་གོ་ཁྱེད་ཀྱ་རང་སྨྲ་ལགས།
71དེ་ནས་ཁོང་ཀྱ་ཡིས་སྨྲས་བ་ལགས། ད་འོ་རང་ལ་དཔང་པོ་གཞན་མ་གི་དགོས་ཡས་འདུག་བོ། ཁོའི་ཁ་ནས་རང་འོ་རི་དེ་གོ་སོང་།།

اکنون انتخاب شده:

ལུ་ཀ། 22: LOY

های‌لایت

به اشتراک گذاشتن

کپی

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید