ལུ་ཀ། 20

20
ཡེ་ཤུའི་དབང་གི་སྐོར་ལ་དྲི་བ།
(མད་ཐཱ། ༢༡:༢༣-༢༧; མར་ཀུ། ༡༡:༢༧-༣༣)
1ཉིན་མ་གཅིག་ཡེ་ཤུ་མཆོད་ཁང་དུ་མི་ཀྱ་ལ་ཆོས་གསུངས་བའི་འོད་ད་ལགས། དེ་ནས་གཏམ་བཟང་གོ་བཤད་དེ་གང་ལ་མཆོད་དཔོན་ཆེ་ཀྱ་དང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་མུ་ལ་རྒན་པ་ཀྱ་ཁོང་པ་རྩ་རུ་འོངས་རེ། 2ཁོང་པ་ལ་ཞུས་བ་ལགས། སུའི་དབང་ཆའི་ཐོག་ནས་ཁྱོད་དེ་གི་རི་བྱེད་ད་ལེ། དེ་ནས་དེ་རེ་དབང་ཆ་ཁྱོད་ལ་སུས་སྟེར་སོ།
3ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ངའང་ཁྱེད་ཀྱ་ལ་ལབ་གཅིག་འདྲི་ཡས་ཡིན། ད་ང་ལ་སྨྲོས། 4ཡོ་ཧ་ནན་གྱི་ཁྲུས་གསོལ་གོ་ནམ་མཁའི་ཞིང་ཁམས་ནས་བྱུང་བ་ལེ་ཡང་ན་མི་ནས་བྱུང་བ་ལེ།
5དེ་ནས་ཁོང་ཀྱ་ཁོ་རང་ཀྱ་ནང་དུ་དེ་རེ་གྲོས་བྱས་བ་ལགས། ནམ་མཁའི་ཞིང་ཁམས་ནས་ལགས་སྨྲ་ན། ཁོས་འོ་རང་ལ་ཁོ་ལ་གི་བྱས་རེ་དད་པ་མི་བྱེད་ད་སྨྲས་རེ་དྲི་གི་ལགས། 6ཡིན་ནའང་མི་ནས་ལགས་སྨྲ་ན། གི་རི་ཡིས་ཡོ་ཧ་ནན་མངོན་ཤེས་མཁན་ལགས་སྨྲས་རེ་བརྩིས་ཀྱིན་བྱས་རེ་འོ་རང་ལ་རྡོ་གོང་བཞུས་ཏེ་བསད་ཀྱི་ལགས།
7འོ་བྱས་རེ་ཁོང་ཀྱ་ཡིས་འོ་དེ་ག་ནས་བྱུང་གིན་གོ་འེ་ཀྱ་ལ་ཤེས་ཡས་མེད། སྨྲས་རེ་ལན་བསློགས་པ་ལགས།
8དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། དེ་རེ་ཡིན་ན། ངས་དེ་ལས་ཀ་ཀྱ་དབང་ཆ་ག་ནས་བྱེད་ད་ལེ་སྨྲས་རེ་ང་ཁྱེད་ཀྱ་ལ་སྨྲ་ཡས་མིན།
ལྡུམ་ར་ལ་ལས་ཀ་བྱེད་མཁན་ཀྱ་ཡི་དཔེ།
(མད་ཐཱ། ༢༡:༣༣-༤༦; མར་ཀུ། ༡༢:༡-༡༢)
9འོ་དེ་གཤམ་ནས་ཡེ་ཤུ་ཡིས་མི་ཀྱ་ལ་དཔེ་དེ་གསུངས་བ་ལགས། མི་གཅིག་གིས་རྒུན་འབྲུམ་གྱི་ལྡུམ་ར་གཅིག་བཏབ་པ་ལགས། དེ་ནས་འོ་དེ་ལྡུམ་ར་གོ་ཞིང་པ་ཀྱ་ལ་བོགས་མ་ལ་སྟེར་ཏེ། ཁོ་རང་དུས་ཚོད་རིང་ང་ཡི་ཕྱིར་ལ་ཡུལ་གཞན་མ་གཅིག་ཏུ་སོང་བ་ལགས། 10དེ་ནས་སྟོན་སྡུད་ཡས་དུས་ཚོད་གོ་སླེབ་བའི་གང་ལ་བདག་པོ་གོ་རང་ལ་རྒུན་འབྲུམ་ཏི་ཏེ་གཅིག་སྟེར་ར་ཤོག་སྨྲས་རེ། གཡོག་པོ་གཅིག་ལ་བོགས་མ་ལ་ལེན་མཁན་ཀྱ་རྩ་རུ་བརྫངས་བ་ལགས། ཡིན་ནའང་འོ་དེ་ཀྱ་ཡིས་ཁོ་ལ་བརྡུངས་རེ་ལག་པ་སྟོང་པ་ལོག་སྟེ་བརྫངས་བ་ལགས། 11དེ་ནས་བདག་པོ་ཡིས་གཡོག་པོ་གཞན་མ་གཅིག་ལ་བརྫངས་བ་ལགས། ཡིན་ནའང་ཁོང་ཀྱ་ཡིས་འོ་དེ་ལའང་བརྡུངས་རེ་ངོ་ཚ་བབས་ཏེ་ལག་ཀ་སྟོང་པ་ལོག་སྟེ་བརྫངས་བ་ལགས། 12འོ་དེ་གཤམ་ནས་ཁོས་གཡོག་པོ་གསུམ་པ་གོ་ལ་བརྫངས་བ་ལགས། ཡིན་ནའང་ཁོང་ཀྱ་ཡིས་འོ་དེ་ལའང་རྨ་བཟོས་རེ་བཏོན་ཏེ་བརྫངས་བ་ལགས། 13དེ་ནས་ལྡུམ་རའི་བདག་པོ་ཡིས་སྨྲས་བ་ལགས། ད་ང་གི་བྱེད་ཡས། ད་ང་ང་རི་བི་ཛ་དྲིན་ཅན་གོ་ལ་བརྫངས་ཡས་ཡིན། དེ་ནས་ཁོ་ལ་ཁོང་ཀྱ་ཡིས་གུས་ཞབས་བྱེད་གྲོ། 14ཡིན་ནའང་ཁོང་ཀྱ་ཡིས་བདག་པོ་ཡི་བི་ཛ་ལ་མཐོང་བའི་གང་ལ་ཁོ་རང་ཀྱ་ནང་དུ་སྨྲས་བ་ལགས། ཁོ་ནི་རྒྱུ་འཛིན་གོ་ལགས། འོ་རང་ཁོ་ལ་བསད་དོ། དེ་ནས་ཐོབ་ཐང་གི་རི་འོ་རང་ལ་འཐོབ་ཀྱི་ལགས། 15དེ་ནས་ཁོང་ཀྱ་ཡིས་བི་ཛ་གོ་ལ་ཞིང་ཕི་ལ་ཁྲིད་དེ་བསད་པ་ལགས།
དེ་ནས་ཡེ་ཤུ་ཡིས་དྲིས་བ་ལགས། ད་ལྡུམ་རའི་བདག་པོ་ཡིས་ཁོང་ཀྱ་ལ་གི་བྱེད་གྲོ་བའི། 16ཁོ་འོངས་རེ་ཁོང་ཀྱ་ལ་བསད་ཀྱི་ལགས། དེ་ནས་ལྡུམ་ར་གོ་གཞན་མ་ཀྱ་ལ་སྟེར་གྱི་ལགས།
མི་ཀྱ་ཡིས་འོ་དེ་གོ་སྟེ་སྨྲས་བ་ལགས། དེ་རེ་ནམ་མའང་མ་འབྱུང་ང་ཤོག།
17དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གཟིགས་ཏེ་གསུངས་བ་ལགས། དེ་རེ་ཡིན་ན། དེ་རེ་བྲིས་བྲ་འདིའི་དོན་དག་གི་ལེ།
རྩིག་ཙོ་བ་ཀྱ་ཡིས་གཡུགས་ཏེ་བཞག་ཞ་རྡོ་གོང་གོ་ཟུར་རྡོ་བྱུང་འདུག#གསུང་མགུར། ༡༡༨:༢༢
18འོ་དེ་རྡོ་གོང་ཁར་ལ་འགྱེལ་མཁན་གོ་དུམ་བུ་དུམ་བུ་ལ་ཆག་གི་ལགས། དེ་ནས་འོ་དེ་སུའི་ཁར་ལ་ལྷིམ་ན་འོ་དེ་ཡིས་ཁོ་ལ་ལད་ཀྱི་ལགས།
19དེ་ནས་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་དང་མཆོད་དཔོན་ཆེ་ཀྱ་ཡིས་དཔེ་དེ་ཁོ་རང་ཀྱ་ཡི་ཕྱིར་ལ་རང་སྨྲས་བ་ལགས་སྨྲས་རེ་གོ་སྟེ། ཡེ་ཤུ་ལ་འོ་དེ་དུས་ལ་རང་ཟིམ་ཡས་བྱས་བ་ལགས། ཡིན་ནའང་ཁོང་ཀྱ་མི་ཀྱ་ལ་འཇིགས་པ་ལགས།
རོ་མཱ་པ་རྒྱལ་བོ་ལ་ཁྲལ་ཇང་གིན་གྱི་སྐོར།
(མད་ཐཱ། ༢༢:༡༥-༢༢; མར་ཀུ། ༡༢:༡༣-༡༧)
20དེ་ནས་ཁོང་ཀྱ་ཡིས་གོ་སྐབས་བཙལ་རེ་དྲང་པོ་ཡིན་དོག་དོག་བྱེད་ཀྱིན་གསོལ་བ་ཀྱ་ལ། ཁོང་པ་ཡིས་གསུངས་ཀྱིན་ཚིག་ཀྱ་ཟིམ་ཏེ་ཁོང་པ་ལ་སྤྱི་ཁྱབ་ཀྱི་ཁྲིམས་དང་དབང་ལ་རྩི་བརྒྱབ་ཡས་ལ་བརྫངས་བ་ལགས།
21འོ་བྱས་རེ་ཁོང་ཀྱ་ཡིས་ཡེ་ཤུ་ལ་སྨྲས་བ་ལགས། སློབ་དཔོན་ལགས། ཁྱེད་རང་གི་གསུངས་ཀྱིན་དང་བསླབ་བྱ་གནང་གིན་གོ་བདེན་པ་ལགས། དེ་ནས་ཁྱེད་རང་མིའི་ངོ་གདོང་ལ་བལྟས་རེ་གཡས་བ་མེད་བཅད་ད། ཁྱེད་རང་དཀོན་མཆོག་གི་ལམ་གོ་བདེན་པ་བསླབས་མཛད་ད་ལགས་སྨྲས་རེ་འེ་ཀྱ་ལ་ཤེས་ཡས་འོད། 22ད་རྒྱལ་བོ་ལ་ཁྲལ་ཇང་ན་སྒྲིག་བ་ལེ་ཡང་ན་མི་སྒྲིག་བ་ལེ་གསུངས་རེ་འེ་ཀྱ་ལ་གསུངས་ང་མཛད།
23ཡིན་ནའང་ཁོང་པ་ཡིས་ཁོང་ཀྱ་ཡི་སྤྱང་གྱུ་གོ་མཁྱེན་ད་མཛད་དེ་གསུངས་བ་ལགས། 24ང་ལ་དི་ནཱར་གཅིག་སྟོན། འདི་ལ་སུའི་རི་མོ་དང་མིང་འདུག་བོ།
ཁོང་ཀྱ་ཡིས་སྨྲས་བ་ལགས། རྒྱལ་བོ་ཡི་འདུག།
25དེ་ནས་ཁོང་པ་ཡིས་འོ་དེ་ཀྱ་ལ་གསུངས་བ་ལགས། དེ་རེ་ཡིན་ན་རྒྱལ་བོ་ཡི་ཡིན་གྱིན་གོ་རྒྱལ་བོ་ལ་སྟེར། དེ་ནས་དཀོན་མཆོག་གི་ཡིན་གྱིན་གོ་དཀོན་མཆོག་ལ་ཕུལ། 26དེ་ནས་མི་མང་ཀྱ་ཡི་གདོང་དུ་ཁོང་པ་ཡིས་གསུངས་ཀྱིན་ནས་གིའང་ཟིམ་མ་ཐུབ་པ། ཁོང་པ་ཡི་ལན་གོ་ལ་ཧ་ལས་རེ་ཁོང་ཀྱ་ཁ་པ་བསྡད་པ་ལགས།
སླར་གསོན་པོ་བཞེངས་ཡས་ཀྱི་སྐོར་ལ་དྲི་བ།
(མད་ཐཱ། ༢༢:༢༣-༣༣; མར་ཀུ། ༡༢:༡༨-༢༧)
27འོ་དེ་གཤམ་ནས་སླར་གསོན་གྱིན་གྱི་སྐོར་ལ་ཁས་མེད་ལེན་གྱིན་སཱ་དུ་ཀི་པ་རིང་འགའ་ཡེ་ཤུ་རྩ་རུ་འོངས་བ་ལགས། 28དེ་ནས་ཁོང་ཀྱ་ཡིས་ཁོང་པ་ལ་དྲི་བ་གཅིག་ཞུས་བ་ལགས། སློབ་དཔོན་ལགས། མོ་ཤེ་ཡིས་དེ་རེ་གསུངས་འོད་ད་ལགས། མི་གཅིག་ལ་ཕྲུ་བ་མ་བྱུང་བ་ཤི་ན། ཁོའི་ནུ་བོ་གོ་ཁོའི་ཡུགས་ས་མ་གོ་ལ་མནའ་མ་ལེན་ཏེ་ཁོ་རི་ཨ་ཇོ་ཕྱིར་ལ་ཕྲུ་སྐྱེས་དགོས་གུ་ལགས། 29ད་ཨ་ཇོ་ནུ་བོ་བདུན་འོད་ད་ལགས། ཆེ་ཤོས་གོ་མནའ་མ་ལེན་ཏེ་ཕྲུ་མ་བྱུང་བ་ཤི་བ་ལགས། 30འོ་བྱས་རེ་ནུ་བོ་གཉིས་བ། 31དེ་ནས་གསུམ་པ་ཡིས་མོ་ལ་མནའ་མ་ལེན་པ་ལགས། དེ་ནས་འོ་བྱས་རེ་སྤུན་བདུན་ཀ་ར་ཕྲུ་མ་བྱུང་བ་ཤི་བ་ལགས། 32དེ་ནས་གཤམ་ལ་འོ་དེ་སྐྱེས་དམན་གོའང་ཤི་བ་ལགས། 33འོ་བྱས་རེ་འཆི་བ་ནས་སླར་གསོན་པོ་ལངས་བའི་གང་ལ་མོ་སུའི་སྐྱེས་དམན་འབྱུང་གི་ལེ། གི་བྱས་རེ་སྨྲ་ན་མོ་སྤུན་བདུན་ཀ་རའི་སྐྱེས་དམན་བྱུང་བ་ལགས།
34ཡེ་ཤུ་ཡིས་དེ་ཀྱ་ལ་གསུངས་བ་ལགས། འདི་འཇིག་རྟེན་གྱི་མི་ཀྱ་མནའ་མ་ལེན་ཡས་དང་མནའ་མ་སྟེར་བྱེད་ད་ལགས། 35ཡིན་ནའང་མ་འོངས་པར་གྱི་དུས་ལ་འགྲོ་ཡས་དང་། འཆི་བ་ནས་གསོན་ཡས་ཡིན་གྱིན་བརྩིས་ཙ་མི་ཀྱ་མནའ་མ་ལེན་ཡས་དང་མནའ་མ་ལ་བཏང་མི་བྱེད་ད་ལགས། 36ཁོང་ཀྱ་ནམ་མཁའི་བང་ཆེན་ཀྱ་ཅོག་རེ་བྱས་རེ་ཁོང་ཀྱ་ཡང་ཤི་གི་མ་ལགས། དེ་ནས་ཁོང་ཀྱ་འཆི་བ་ནས་གསོན་པོ་ལངས་ཚར་ས་བྱས་རེ། ཁོང་ཀྱ་དཀོན་མཆོག་གི་སྲས་དང་སྲས་མོ་ལགས། 37ཡིན་ནའང་གཤིན་པོ་ཀྱ་གསོན་གྱི་ལགས་སྨྲ་གིན་དེ་ཚེར་མའི་སྐོར་ལ་འོད་ཀྱིན་སྲུང་གོ་ལ། མོ་ཤེ་ཡིས་གཙོ་བོ་དཀོན་མཆོག་ལ་ཨབ་ར་ཧམ་དང་། ཨི་སཱག་གི་དཀོན་མཆོག་དང་། ཡ་ཀོབ་ཀྱི་དཀོན་མཆོག་སྨྲས་རེ་བོས་རེ་སྟོན་ད་ལགས། 38ཁོང་པ་གཤིན་པོའི་དཀོན་མཆོག་མིན་ད་གསོན་པོའི་དཀོན་མཆོག་ལགས། གི་བྱས་རེ་སྨྲ་ན་ཁོང་པ་ཡི་དམིགས་བ་དུ་གི་རི་གསོན་པོ་ལགས།
39དེ་ནས་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ནས་རིང་འགའ་ཡིས་སྨྲས་བ་ལགས། སློབ་དཔོན་ལགས། ཁྱེད་རང་གི་དགའ་ཡས་རེ་གསུངས་སོང་། 40འོ་དེ་གཤམ་ནས་ཡང་སུས་འང་ཁོང་པ་ལ་དྲི་བ་འདྲི་ཡས་ཀྱི་དབང་དག་བྱེད་མ་ཐུབ་པ་ལགས།
མཱ་ཤི་ཀ་སུའི་སྲས་ཡིན་གྱིན་གྱི་སྐོར་ལ།
(མད་ཐཱ། ༢༢:༤༡-༤༦; མར་ཀུ། ༡༢:༣༥-༣༧)
41དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། མཱ་ཤི་ཀ་དཱ་བིད་ཀྱི་སྲས་ལགས་སྨྲས་རེ་ཁོང་ཀྱ་གང་གི་བྱས་རེ་སྨྲ་ཐུབ་བ་ལེ། 42-43གི་བྱས་རེ་སྨྲ་ན་གསུང་མགུར་གྱི་དེབ་ལ་དཱ་བིད་ཁོ་རང་གིས་སྨྲ་ལགས།
གཙོ་བོ་དཀོན་མཆོག་གིས་ངའི་གཙོ་བོ་ལ་གསུངས་སོང་།
ང་ཁྱོའི་དགྲ་ཀྱ་ལ་ཁྱོའི་རྐང་པའི་འོག་ལ་མ་བཞག་གིན་ཐུག་པའི།
ཁྱོད་ངའི་གཡས་ཕྱོགས་ལ་སྡོད།#གསུང་མགུར། ༡༡༠:༡
44ད་དཱ་བིད་ཀྱི་མཱ་ཤི་ཀ་ལ་གཙོ་བོ་སྨྲས་རེ་ཞུས་ན། མཱ་ཤི་ཀ་ཁོའི་སྲས་གང་གི་བྱས་རེ་བྱུང་བ་ལེ།
ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ནས་གཟབ་གཟབ་བྱེད།
(མད་ཐཱ། ༢༣:༡-༣༦; མར་ཀུ། ༡༢:༣༨-༤༠)
45དེ་ནས་མི་གི་རི་ཡིས་མཉན་ཏེ་གང་ལ་ཡེ་ཤུ་ཡིས་ཁོ་རི་ཉེ་གནས་ཀྱ་ལ་གསུངས་བ་ལགས། 46ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ནས་གཟབ་གཟབ་བྱེད། ཁོང་ཀྱ་གོས་རིང་ང་གོན་ཏེ་སྐོར་ར་བརྒྱབ་ཡས་དང་། ཁྲོམ་ཀྱ་ལ་མི་ཀྱ་ནས་གུས་ཞབས་འཐོབ་ཡས་ལ་འཐད་ད་ལགས། དེ་ནས་ཚོགས་ཁང་ཀྱ་ལ་བཞུགས་ཁྲི་དགའ་ཡོག་དང་། མགྲོན་ཀྱ་ལ་བསྡད་ས་མཐོ་བ་ཀྱ་འཐད་ད་ལགས། 47དེ་ནས་ཁོང་ཀྱ་ཡུགས་ས་མ་ཀྱ་ཡི་ཁང་པ་འཕྲོག་བ་ལགས། དེ་ནས་མི་ལ་སྟོན་ཡས་ལ་གསོལ་བ་རིང་ང་བརྒྱབ་བ་ལགས། ཁོང་ཀྱ་ལ་ཆད་པ་ཚབ་ཚེ་འཕོག་གི་ལགས།།

انتخاب شده:

ལུ་ཀ། 20: LOY

های‌لایت

به اشتراک گذاشتن

کپی

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید