ལུ་ཀ། 19

19
ཁྲལ་སྡུད་ཀྱིན་ཟ་ཀ་ཡཱ།
1ཡེ་ཤུ་ཡེ་རི་ཀོ་རྒྱལ་ས་ནས་ཕེབས་བའི་འོད་ད་ལགས། 2འོ་དུ་རུ་ཟ་ཀ་ཡཱ་སྨྲ་གིན་མི་གཅིག་འོད་ད་ལགས། ཁོ་ཁྲལ་སྡུད་ཀྱིན་གྱི་གཙོ་གོ་ལགས། དེ་ནས་ཁོ་དམི་ཅིག་གི་ཕྱུག་པོ་འོད་ད་ལགས། 3ཁོ་ཡེ་ཤུ་སུ་ཡིན་གྲོའི་སྨྲས་རེ་མཇལ་ཉིད་འདོད་པ་ལགས། ཡིན་ནའང་ཁོའི་གཟུགས་ཆུང་ང་བྱས་རེ་མི་ཚོགས་ཀྱི་ཁོག་ནས་མཇལ་མ་ཐུབ་པ་ལགས། 4འོ་བྱས་རེ་ཁོ་གདོང་ལ་བང་བཏང་རེ་སོང་རེ་སེ་ཡབ་ཀྱི་སྡོང་པོ་གཅིག་གི་ཁར་ལ་འཛགས་པ་ལགས། གི་བྱས་རེ་སྨྲ་ན་ཁོང་པ་འོ་དེ་ནས་ཧ་ལ་ཕེབས་བའི་འོད་ད་ལགས། 5དེ་ནས་ཡེ་ཤུ་འོ་དེ་ས་ཆ་རུ་ཕེབས་མཛད་དེ་ཡར་ལ་གཟིགས་པ་ལགས། དེ་ནས་ཁོ་ལ་གསུངས་བ་ལགས། ཟ་ཀ་ཡཱ། མགྱོགས་སེ་མ་ལ་བབ་སྟེ་ཤོག། གི་བྱས་རེ་སྨྲ་ན་དི་རིང་ང་ཁྱོའི་ནང་ལ་བསྡད་དགོས་ཡས་འོད།
6འོ་བྱས་རེ་ཟ་ཀ་ཡཱ་ལམ་སང་མ་ལ་བབས་ཏེ་འོངས་རེ། ཉམ་མོ་དགྱེས་རེ་ཁང་པ་ལ་ཕེབས་ཞུས་བ་ལགས། 7དེ་མཐོང་རེ་མི་ཀྱ་གི་རི་ཡིས་ཕག་སྡུང་བརྡུངས་རེ་སྨྲས་བ་ལགས། ཁོང་པ་མི་སྡིག་ཅན་གཅིག་གི་ནང་དུ་མགྲོན་ལ་ཕེབས་བའི།
8ཡིན་ནའང་ཟ་ཀ་ཡཱ་ལངས་རེ་གཙོ་བོ་ལ་ཞུས་བ་ལགས། གཙོ་བོ། གཟིགས་རོགས་གནང་། ང་ང་རི་རྒྱུ་ནོར་ནས་ཕད་དབུལ་སྤྲེ་ཀྱ་ལ་བྱིན་པ་བཏང་ཡས་ཡིན། དེ་ནས་མི་ཀྱ་ནས་མགོ་སྐོར་ཏེ་རྒྱུ་བསླུས་འོད་ན། ང་འོ་དེའི་ལྡབ་བཞི་ལོག་ཡས་ཡིན།
9དེ་ནས་ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། དི་རིང་འདི་ནང་དུ་ཐར་པ་སླེབས་འདུག། གི་བྱས་རེ་སྨྲ་ན་མི་འདི་འང་ཨབ་ར་ཧམ་གྱི་བུ་ལགས། 10གི་བྱས་རེ་སྨྲ་ན་མིའི་བུ་ནི་སྟོར་ཏ་ཀྱ་ལ་ཡངས་ཡས་དང་སྐྱོབ་ཡས་ཀྱི་ཕྱིར་ལ་འོངས་བ་ལགས།
དངུལ་ཊམ་དང་གཡོག་པོ་གསུམ་གྱི་དཔེ།
(མད་ཐཱ། ༢༥:༡༤-༣༠)
11ད་མི་ཀྱ་ཡིས་དེ་མཉན་ཏེ་གང་ལ་ཡེ་ཤུ་ཡིས་ཁོང་ཀྱ་ལ་དཔེ་གཅིག་གསུངས་བ་ལགས། གི་བྱས་རེ་སྨྲ་ན་ཁོང་པ་ཡེ་རུ་ཤ་ལེམ་གྱི་ཉེ་རུ་འོད་ད་ལགས། དེ་ནས་མི་ཀྱ་ཡིས་དཀོན་མཆོག་གི་རྒྱལ་སྲིད་ཨུ་ཀུ་ར་གཅིག་ལ་མངོན་གྲོ་བསམས་པ་ལགས། 12འོ་བྱས་རེ་ཁོང་པ་ཡིས་གསུངས་བ་ལགས། སྐུ་དྲག་པ་གཅིག་རྒྱལ་བོའི་དབང་ཆ་འཐོབ་ཡས་དང་། ལོག་སྟེ་འོང་ཡས་ལ་ཡུལ་ཐག་རིང་ང་གཅིག་ཏུ་སོང་བ་ལགས། 13འོ་བྱས་རེ་ཁོས་ཁོ་རི་གཡོག་པོ་བཅུ་ལ་བོས་རེ་རེ་རེ་ལ་དངུལ་ཊམ་བཅུ་སྟེར་ཏེ་སྨྲས་བ་ལགས། ང་ལོག་སྟེ་མ་ཡོང་ཐུག་པའི་དེ་ཊམ་ཀ་ནས་ཚོང་བྱེད།
14ཡིན་ནའང་ཁོའི་ཡུལ་གྱི་མི་ཀྱ་ཁོ་ལ་འཐད་ད་མི་བྱེད་ད་ལགས། འོ་བྱས་རེ་འོ་དེ་ཀྱ་ཡིས་ཁོའི་གཤམ་པ་ལ་དེ་རེ་སྨྲས་རེ་བང་ཆེན་ཀྱ་བརྫངས་བ་ལགས། འེ་ཀྱ་ལ་མི་འདི་རྒྱལ་བོ་མེད་དགོས། 15ཡིན་ནའང་རྒྱལ་ཁབ་གོ་ཐོབ་སྟེ་ལོག་སྟེ་འོངས་རེ། ཁོས་ཨ་ལེ་བཏང་ཏ་གཡོག་པོ་ཀྱ་ཡིས་ཚོང་བརྒྱབ་སྟེ་ག་ཚོད་ཁེ་སང་བསགས་འདུག་བའི་སྨྲས་རེ་ཤེས་ཡས་ལ། ཁོང་ཀྱ་ལ་ཁོ་རི་རྩ་རུ་འབོད་ཡས་ལ་བཀའ་སྟེར་པ་ལགས། 16དེ་ནས་གཡོག་པོ་དང་པོ་གོ་ཁོའི་གདོང་དུ་འོངས་རེ་སྨྲས་བ་ལགས། གཙོ་བོ། ཁྱེད་རང་གི་གནང་ན་ཊམ་ཀ་ནས་ངས་ཊམ་ཀ་ཡ་ལིང་བཅུ་བསགས་འོད། 17རྒྱལ་བོ་ཡིས་ཁོ་ལ་སྨྲས་བ་ལགས། འོ་བྱུང་། གཡོག་པོ་བཟང་ང་ཁྱོད། ཁྱོད་ཉུང་ང་ཡི་ཁར་ལ་དྲང་པོ་ཐོན་ཏེ་ད་ཁྱོད་རྒྱལ་ས་བཅུའི་ཁར་ལ་དབང་བྱེད་ཀྱི་ལགས། 18དེ་ནས་གཡོག་པོ་གཉིས་བ་གོ་འོངས་རེ་སྨྲས་བ་ལགས། གཙོ་བོ། ཁྱེད་རང་གི་ཊམ་ཀ་ནས་ཡ་ལིང་ཊམ་ཀ་ལྔ་བསགས་འོད། 19ཁོས་ཁོ་ལ་སྨྲས་བ་ལགས། ཁྱོད་ལའང་རྒྱལ་ས་ལྔའི་ཁར་ལ་དབང་འཐོབ་ཀྱི་ལགས། 20གཡོག་པོ་གཞན་མ་གཅིག་འོངས་རེ་དེ་རེ་སྨྲས་བ་ལགས། གཙོ་བོ། ཁྱེད་རང་གི་ཊམ་ཀ་དུ་རུ་འོད། ངས་འདི་ལ་རས་ཀྱིས་བསྡམས་ཏེ་བཞག་པའི། 21ང་ཁྱེད་རང་ལ་འཇིགས་སོང་། གི་བྱས་རེ་སྨྲ་ན་ཁྱེད་རང་མི་གྱོང་ང་གཅིག་ལགས། ཁྱེད་རང་གིས་མ་བཞག་གིན་ནས་ཁྱེད་རང་ལེན་ད་ལགས། དེ་ནས་མ་བཏབ་ཀྱིན་ནས་ཁྱེད་རང་རྔ་ལགས། 22རྒྱལ་བོ་ཡིས་ཁོ་ལ་སྨྲས་བ་ལགས། གཡོག་པོ་ངན་པ་ཁྱོད། ཁྱོའི་ཚིག་ཀྱ་ནས་རང་ང་ཁྱོད་ལ་ཁྲིམས་བཏང་ཡས་ཡིན། ང་མ་བཞག་གིན་ནས་ལེན་གྱིན་དང་མ་བཏབ་ཀྱིན་ནས་རྔ་གིན་མི་གྱོང་ང་གཅིག་ལགས་སྨྲས་རེ་ཁྱོས་ཤེས་རེའང་། 23གི་བྱས་རེ་ཁྱོས་ངའི་ཊམ་ཀ་གོ་དངུལ་ཁང་དུ་མ་བཞག་པ། དངུལ་ཁང་དུ་བཞག་འོད་ན། ང་ལོག་སྟེ་འོང་བའི་གང་ལ་འོ་དེ་ཊམ་ཀ་མུ་ལ་བད་གོའང་འབྱོར་ཡས་འོད། 24དེ་ནས་གཡས་གཡོན་ལ་ལངས་རེ་བསྡད་ད་ཀྱ་ལ་རྒྱལ་བོ་ཡིས་སྨྲས་བ་ལགས། ཁོ་ནས་འོ་དེ་ཊམ་ཀ་ལེན་ཏེ་གཞན་མ་ཊམ་ཀ་བཅུ་བསགས་ས་གོ་ལ་སྟེར། 25ཁོང་ཀྱ་ཡིས་རྒྱལ་བོ་ལ་སྨྲས་བ་ལགས། གཙོ་བོ། ཁོ་ལ་ཊམ་ཀ་བཅུ་འོད་ད་ལགས། 26རྒྱལ་བོ་ཡིས་སྨྲས་བ་ལགས། ང་ཁྱེད་ཀྱ་ལ་སྨྲ་ཡིན། འོད་ཀྱིན་གོ་ལ་ཡོལ་ལེ་མང་ང་སྟེར་གྱི་ལགས། ཡིན་ནའང་མེད་ཀྱིན་ཀྱ་ནས་ཁོ་ལ་འོད་ཀྱིན་གོའང་ཁོ་ནས་འཕྲོག་གི་ལགས། 27ཡིན་ནའང་ང་རྒྱལ་བོ་བྱུང་གིན་གོ་མེད་འཐད་ཀྱིན་ངའི་དགྲ་ཀྱ་ལ་དུ་རུ་ཁྲིད་དེ་ཤོག། དེ་ནས་ཁོང་ཀྱ་ལ་ངའི་གདོང་དུ་རང་སོད།
ཡེ་ཤུ་ཡེ་རུ་ཤ་ལེམ་དུ་ཕེབས་པ།
(མད་ཐཱ། ༢༡:༡-༡༡; མར་ཀུ། ༡༡:༡-༡༡; ཡོ་ཧ་ནན། ༡༢:༡༢-༡༩)
28ད་ཡེ་ཤུ་ཡིས་དེ་ཀྱ་གསུངས་ཚར་ཏེ་ཁོང་པ་ཡེ་རུ་ཤ་ལེམ་ཕྱོགས་ལ་ཕེབས་པ་ལགས། 29ཁོང་པ་བེད་ཕཱ་གེ་དང་བེད་ཐ་ནི་སྨྲ་གིན་ཡུལ་གྱི་བོ་ལོག་ཏུ་འོད་ཀྱིན་སྐྱུར་རུ་ཤིང་གི་རི་སྨྲ་གིན་རི་ལ་ཕེབས་བ་མཛད་པ་ལགས། དེ་ནས་ཁོང་པ་ཡིས་ཉེ་གནས་ཀྱ་ནས་གཉིས་ལ་དེ་རེ་གསུངས་རེ་བརྫངས་བ་ལགས། 30ཁྱོའི་གདོང་གི་ཡུལ་ལ་སོང་། དེ་ནས་འོ་དེ་ནང་དུ་ཁྱེད་ཀྱ་ཡིས་སུའང་བཞོན་མ་མྱོང་གིན་བོང་ཕྲུག་གཅིག་བཏགས་ཏེ་བཞག་ཞ་མཐོང་གི་ལགས། འོ་དེ་བཀྲོལ་རེ་དུ་རུ་ཁྲིད་དེ་ཤོག། 31དེ་ནས་མི་ཀྱ་ཡིས་གི་བྱས་རེ་བཀྲོལ་ལ་ལེ་སྨྲས་རེ་ཁྱེད་ཀྱ་ལ་དྲིས་ན། དེ་རེ་སྨྲོས། གཙོ་བོ་ལ་འདི་དགོས་ཡས་འདུག།
32འོ་བྱས་རེ་ཁོང་ཀྱ་སོང་བ་ལགས། དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་ཀྱིན་ཅོག་རེ་ཐུག་པ་ལགས། 33ཁོང་ཀྱ་ཡིས་བོང་ཕྲུག་གོ་བཀྲོལ་ལི་གང་ལ་བདག་པོ་ཀྱ་ཡིས་ཁོང་ཀྱ་ལ་དྲིས་བ་ལགས། གི་བྱས་རེ་ཁྱེད་ཀྱ་འདི་བོང་ཕྲུག་བཀྲོལ་ལ་ལེ།
34ཁོང་ཀྱ་ཡིས་སྨྲས་བ་ལགས། གཙོ་བོ་ལ་འདི་དགོས་ཡས་འདུག། 35ཉེ་གནས་ཀྱ་ཡིས་འོ་དེ་ཡེ་ཤུ་རྩ་རུ་ཁྲིད་དེ་འོངས་བ་ལགས། དེ་ནས་ཁོ་རི་གོས་ཀྱ་འོ་དེའི་ཁར་ལ་བཞག་སྟེ་ཡེ་ཤུ་ལ་འོ་དེ་ཁར་ལ་བཅིབས་དུ་བཅུག་པ་ལགས། 36ཁོང་པ་བོང་ཕྲུག་བཞོན་ཏེ་ཕེབས་བའི་གང་ལ་མི་ཀྱ་ཡིས་རང་གི་གོས་ཀྱ་ལམ་ཁ་ལ་བཏིང་བ་ལགས།
37དེ་ནས་ཡེ་ཤུ་ཡེ་རུ་ཤ་ལེམ་གྱི་བོ་ལོག་ཏུ་འོད་ཀྱིན་སྐྱུར་རུ་ཤིང་གི་རིའི་ཐུར་ལ་ཕེབས་བ་མཛད་པ་ལགས། འོ་དེ་གང་ལ་ཁོང་ཀྱ་ཡི་མཐོང་ཐ་ཧང་སང་གིན་ཕྱག་ལས་ཀྱ་ཡི་ཕྱིར་ལ། ཉམ་མོ་དགྱེས་རེ་དཀོན་མཆོག་ལ་སྐད་ཆེ་ལ་བསྟོད་པ་ཕུལ་རེ་སྨྲས་བ་ལགས།
38གཙོ་བོའི་མཚན་ལ་ཕེབས་ཀྱིན་རྒྱལ་བོ་གོ་བྱིན་རླབས་ཆེ།
ནམ་མཁའི་ཞིང་ཁམས་དུ་ཞི་བདེ་དང་བླ་ན་མེད་པའི་ལ་བསྟོད་སྒྲ།
39དེ་ནས་མི་མང་ཀྱ་ནས་ཕཱ་རུ་ཤི་པ་རིང་འགའ་ཀྱ་ཡིས་སྨྲས་བ་ལགས། སློབ་དཔོན་ལགས། ཁྱེད་རང་གི་ཉེ་གནས་ཀྱ་ལ་བཀའ་བཀྱོན་གནང་ང་མཛད།
40ཡིན་ནའང་ཁོང་པ་ཡིས་གསུངས་བ་ལགས། ང་ཁྱེད་ཀྱ་ལ་སྨྲ་ཡིན། དེ་ཀྱ་ཁ་པ་བསྡད་ན་རྡོ་གོང་ཀྱ་རང་ཕེ་ར་བརྒྱབ་ཀྱི་ལགས།
ཡེ་རུ་ཤ་ལེམ་གྱི་ཕྱིར་ལ་ཡེ་ཤུ་བཤུམ་པ།
41ཡེ་ཤུ་ཡེ་རུ་ཤ་ལེམ་གྱི་བོ་ལོག་ཏུ་ཕེབས་པ་ལགས། དེ་ནས་རྒྱལ་ས་གོ་ལ་མཐོང་རེ་ཁོ་པ་བཤུམས་མ་མཛད་པ་ལགས། 42དེ་ནས་གསུངས་བ་ལགས། ཞི་བདེ་ག་ནས་འོང་གིན་གོ་ཁྱོས་དི་རིང་ཉིན་མ་ལ་ཧ་གོ་འོད་ན་སྒྲིག་ཡས་འོད། ཡིན་ནའང་ད་དེ་ཁྱིད་ཀྱི་དམིགས་བ་ནས་ཡིབས་འོད་ད་ལགས། 43གི་བྱས་རེ་སྨྲ་ན་ཁྱེད་རི་དགྲ་ཀྱ་ཡིས་ཁྱེད་རི་མཐའ་མ་གི་རི་ནས་སྐོར་ཏེ་ཕྱོགས་གི་རི་ནས་ཁྱེད་ཀྱ་ལ་བཀག་སྟེ་བཞག་གིན་ཉིན་མ་གོ་ཀྱ་ཁྱིད་ཀྱི་ཁར་ལ་བབ་ཀྱི་ལགས། 44དེ་ནས་ཁོང་ཀྱ་ཡིས་ཁྱོད་དང་ཁྱོའི་ཕྲུ་བ་ཀྱ་ལ་ས་ལ་བརྡབས་ཀྱི་ལགས། ཁོང་ཀྱ་ཡིས་རྡོ་གོང་གཅིག་གི་ཁར་ལ་གཞན་མ་རྡོ་གོང་གཅིག་འང་ལྷག་ཏུ་བཅུག་གི་མ་ལགས། གི་བྱས་རེ་སྨྲ་ན་ཁྱོས་དཀོན་མཆོག་ཕེབས་ཀྱིན་དུས་གོ་ངོ་མ་ཤེས་བ་ལགས།
ཡེ་ཤུ་མཆོད་ཁང་ནང་དུ།
(མད་ཐཱ། ༢༡:༡༢-༡༧; མར་ཀུ། ༡༡:༡༥-༡༩; ཡོ་ཧ་ནན། ༢:༡༣-༢༢)
45དེ་ནས་ཡེ་ཤུ་མཆོད་ཁང་ནང་དུ་ཕེབས་ཏེ་འོ་དུ་རུ་ཚོང་བརྒྱབ་སྟེ་བསྡད་ཀྱིན་ཚོང་པ་ཀྱ་ལ་འོ་དེ་ནས་བུད་དེ། 46གསུངས་བ་ལགས། གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། ངའི་ཁང་པ་སྨོན་ལམ་གྱི་ཁང་པ་འབྱུང་གི་ལགས།#ཡེ་ཤ་ཡཱ། ༥༦:༧; ཡེར་མི་ཡཱ། ༧:༡༡ ཡིན་ནའང་ཁྱེད་ཀྱ་ཡིས་དེ་ལ་ཇག་པ་ཀྱ་ཡི་ཚང་བཟོས་འདུག།
47དེ་ནས་ཡེ་ཤུ་ཉིན་མ་ཏེན་ཀྱ་མཆོད་ཁང་དུ་ཆོས་གསུངས་བའི་འོད་ད་ལགས། ཡིན་ནའང་མཆོད་དཔོན་ཆེ་ཀྱ་དང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་དང་། འོ་དེ་ལུང་པའི་དཔོན་པོ་ཀྱ་ཡིས་ཁོང་པ་ལ་བསད་ཡས་ཐབས་ཤེས་བྱེད་འདིག་འོད་ད་ལགས། 48ཡིན་ནའང་མི་གི་རི་ཁོང་པ་ཡི་བཀའ་ལ་སྙིང་ནས་བརྩིས་ཀྱིན་བྱས་རེ་ཁོང་ཀྱ་ལ་ཐབས་ཤེས་གིའང་མ་རྙེད་པ་ལགས།།

انتخاب شده:

ལུ་ཀ། 19: LOY

های‌لایت

به اشتراک گذاشتن

کپی

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید