མར་ཀུ། 2
2
ལེའུ་གཉིས་པ།
ཡེ་ཤུས་རྐང་པ་ཞ་རིལ་བྱུང་བའི་མི་ཞིག་དྲག་ཏུ་བཅུག་པ།
1དེ་ནས་ཉིན་མ་ཁ་ཤས་རྗེས་ལེ་ཡེ་ཤུ་ཡང་དང་ཀ་ཕར་ན་ཧུམ་ཡུལ་ལེ་ཕེབས་གནང་སྟེ། ཁྱིམ་ཞིག་གི་ནང་ལེ་བཞུགས་འོད་དི་ཡུལ་མི་ཀྱ་ཀྱིས་ཧ་གོ་ཕེན། 2-3ཁྱིམ་གྱི་སྒོ་ཕྱི་ནང་མེད་མི་ཚོགས་ཀྱི་གང་སྟེ། སྡོད་ས་སྟོང་པ་མེད་དི་མ་ཟད། ཁོང་གིས་མི་ཚོགས་དེ་ལེ་དཀོན་མཆོག་གི་བཀའ་ཤོད་རྒྱ། མི་བཞི་ཀྱིས་རྐང་པ་ཞ་རིལ་བྱུང་བའི་མི་ཞིག་གདན་དིང་སྐྱེན་ལེ་ཁོང་གི་དྲུང་དུ་ཁུར་འོངས་པི་དིག 4ཡིན་ནའང་། མི་ཚོགས་མང་པོ་འོད་དི་རྐྱེན་གྱིས་ཁོང་ཀྱ་ཡེ་ཤུ་དྲུང་དུ་མ་མཐར་ཕེན། ཁོང་བཞུགས་ས་ཁང་པ་དེའི་ཐོག་བཀོག་སྟེ་ཨི་ཁུང་ཆེན་པོ་ཞིག་བཟོས་ཏེ། ནད་པ་དིང་གདན་སྐྱེན་ལེ་ཐོག་ནས་མར་ལེ་ཡེ་ཤུའི་མདུན་དུ་བརྫངས་པི་དིག 5ཡེ་ཤུས་ཁོང་ཀྱ་ཀྱི་དད་སེམས་འདི་མཁྱེན་ཏེ་ཞ་རིལ་ཁོ་ལེ། བི་སོའོ། ཁྱོད་ཀྱི་སྡིག་ཉེས་བསལ་ཚར་རི་དིག་ཟིན་གསུངས་པི་དིག 6ཡིན་ནའང་། འདི་རུ་འཛོམས་འོད་ཡོད་མི་ཚོགས་ཀྱ་ཀྱི་ནང་ལེ། ཆོས་ཁྲིམས་མཁས་པའི་མི་ཁ་ཤས་ཞིག་གིས་བསམ་བློ་ནང་ལེ་ཁོས་ཅི་ལེ་འདི་གི་ཟེར་རི་ཡིན་ནེ། 7ཁོ་རང་དཀོན་མཆོག་ཡིན་མདོག་མདོག་བགྱིད་འདུག ཅི་ལེ་ཟེར་ནི། དཀོན་མཆོག་གིས་པ་རྐྱང་མ་གཏོགས། སུས་སྡིག་ཉེས་སེལ་ཐུབ་རྒྱུ་བསམས་པི་དིག 8-9དེ་ལོང་མེད་ཡེ་ཤུས་ཁོང་ཀྱ་ཀྱི་སེམས་པ་ལེ་ཅི་བསམས་པི་དེ་མཁྱེན་ཕེན། ཁྱེད་ཀྱ་ཀྱིས་བསམ་བློ་འོ་འདི་གི་གཏོང་དགོས་པའི་རྒྱུ་མཚན་ཅི་ཡིན་དོ། མི་ཞ་རིལ་འདི་ལེ་ཁྱོད་ཀྱི་སྡིག་ཉེས་བསལ་ཚར་སོང་ཟེར་རི་ལས་སླ་འདུག་གོ། ཡང་ནི་ཡར་ལོངས། གདན་ཁྱེར་ཏེ་རྒྱུགས་ཟེར་རི་ལས་སླ་འདུག་གོ། 10ཡིན་ནའང་། མིའི་བི་ས་ལེ་འཇིག་རྟེན་འདིའི་ནང་གི་སྡིག་ཉེས་སེལ་བའི་དབང་ཆ་འོད་དི་ཁྱེད་ཀྱ་ཧ་གོ་རྒྱུ་ཆེད་དུ་ཡིན་ཟིན་གསུངས་པི་རྗེས་ལེ། ཁོང་གིས་ནད་པ་ཁོ་ལེ། 11ད་ང་ཁྱོད་ལེ་ཟེར་རོ། ལོངས་དང་གདན་ཁྱེར་ཏེ་ནང་ལེ་ལོག་རྒྱུགས་ཤིག་ཟིན་གསུངས་པི་དིག 12ཡང་ནད་པ་ཁོས་ཟང་ལམ་སང་ཡར་ལངས་ཏེ་གདན་ཁྱེར་ཏེ། མི་ཚོགས་ཀྱི་མཐོང་ས་ནས་ལོག་བུད་ཕེན། མི་ཡེ་རེ་ཧ་ལས་ཆེན་པོ་བྱུང་སྟེ། ཡ་མཚན་འདི་གི་ཉེད་ཀྱ་ཀྱིས་དུས་ནམ་ཟང་མཐོང་མྱོང་མེད་ཟིན་ཁོང་ཀྱ་ཀྱིས་དཀོན་མཆོག་ལེ་བསྟོད་པ་ཕུལ་ལི་དིག
ཡེ་ཤུས་ལེ་ཝི་ཟེར་མཁན་མི་སློབ་མ་ལེ་བོས་གནང་བ།
13དེ་ནས་ཡང་དང་ཡེ་ཤུ་ག་ལིལ་ལུང་པའི་མཚོ་འགྲམ་ལེ་ཕེབས་པི་དིང་། མི་ཚོགས་མང་པོ་ཞིག་ཟང་ཁོང་གི་མདུན་དུ་འཛོམས་འོངས་ཕེན། ཁོང་གིས་མི་ཚོགས་དེ་ཀྱ་ལེ་ཆོས་བསྟན་པི་དིག 14ཡང་དེའི་རྗེས་ལེ་ཁོང་ལམ་ལེ་ཕེབས་རྒྱ། ཨལ་ཕཱ་ཟེར་མཁན་གྱི་བི་ས་ལེ་ཝི་ཟེར་མཁན་ཁོ་ནི། ཁྲལ་ལེན་ས་རུ་ཁྲལ་ལེན་གིན་བསྡད་འོད་དི་ཁོང་གིས་གཟིགས་ཏེ། ཁོང་གིས་ཁོ་ལེ། ཁྱོད་རང་ངའི་རྗེས་ལེ་ཤོག་ཟིན་གསུངས་ལོང་མེད། བི་ས་དེ་ཡར་ལངས་ཏེ་ཁོང་གི་རྗེས་ལེ་འབྲངས་པི་དིག 15ཡང་ཡེ་ཤུ་དིང་སློབ་མ་ཀྱ། ལེ་ཝི་ཁོའི་ཁྱིམ་ལེ་གསོལ་བ་བཞེས་གནང་རྒྱ། དེ་རུ་ཁྲལ་ལེན་མཁན་དིང་། སྡིག་ཅན་མང་པོ་ཞིག་ཟང་ཡེ་ཤུ་དིང་ཁོང་གི་སློབ་མ་ཀྱ་ཀྱི་སྐྱེན་ལེ་བཟའ་བཏུང་བྱས་ཏེ་བསྡད་འོད་དིག ཡང་མི་མང་པོ་ཞིག་ཟང་ཁོང་གི་རྗེས་ལེ་འབྲངས་པི་དིག 16ཕཱ་རུ་ཤི་པའི་ཆོས་ལུགས་ནང་ནས་ཆོས་ཁྲིམས་མཁས་པའི་མི་ཁ་ཤས་ཀྱ་ཀྱིས་ཡེ་ཤུས་ཁྲལ་སྡུད་མཁན་དིང་། སྡིག་ཅན་ཀྱ་ཀྱི་སྐྱེན་ལེ་བཟའ་བཏུང་བགྱིད་འོད་དི་མཐོང་སྟེ། ཆོས་ཁྲིམས་མཁས་པ་དེ་ཀྱ་ཀྱིས་ཡེ་ཤུའི་སློབ་མ་ཀྱ་ལེ། ཁོས་སྡིག་ཅན་དིང་ཁྲལ་ལེན་མཁན་ཀྱ་ཀྱི་སྐྱེན་ལེ་ཅི་ལེ་བཟའ་བཏུང་བགྱིད་དི་ཡིན་གོ་ཟིན་དྲིས་ཕེན། 17ཡེ་ཤུས་ལབ་འདི་ཐོས་ཏེ་ལུས་ཁམས་བདེ་མོ་འོད་ཡོད་མི་ལེ་ཨེམ་ཆི་དགོས་པ་མེད་དིག ཡིན་ནའང་། ལུས་པོ་བདེ་མོ་མེད་མེད་ཀྱ་ལེ་ཨེམ་ཆི་དགོས་པ་འོད་དིག ང་ནི་མི་དྲང་བདེན་ཀྱ་སྐད་གཏོང་དུ་འོངས་པི་མན། སྡིག་ཅན་ཀྱ་སྐད་གཏོང་དུ་འོངས་པི་ཡིན་ཟིན་གསུངས་པི་དིག
ཡེ་ཤུས་སྨྱུང་གནས་ཀྱི་སྐོར་ལེ་ཆོས་གསུངས་པ།
18དུས་དེ་རྒྱ་ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་གྱི་སློབ་མ་ཀྱ་དིང་། ཕཱ་རུ་ཤི་པ་ཀྱ་ཀྱིས་སྨྱུང་གནས་སྲུང་གྱོ་འོད་དིག མི་ཁ་ཤས་ཡེ་ཤུའི་དྲུང་དུ་འོངས་ཏེ། ཡོ་ཧ་ནན་གྱི་སློབ་མ་དིང་ཕཱ་རུ་ཤི་པའི་སློབ་མ་ཀྱ་ཀྱིས་སྨྱུང་གནས་སྲུང་གྱོ་འོད་དིག ཡིན་ནའང་། ཁྱེད་ཀྱི་སློབ་མ་ཀྱ་ཀྱིས་ཅི་ལེ་སྨྱུང་གནས་མི་སྲུང་གི་ཡིན་གོ་ཟིན་དྲིས་ཕེན། 19ཡེ་ཤུས་མི་དེ་ཀྱ་ལེ། མག་པ་དིང་བག་གཡོག་སྐྱེན་ལེ་ཕོ་ལེ་བགྱིད་རྒྱ། བག་གཡོག་གིས་སྨྱུང་གནས་ཅི་གི་བྱས་ཏེ་བསྲུང་ཐུབ་རྒྱུ། མག་པ་ཟང་ཁོང་ཀྱ་དིང་སྐྱེན་ལེ་སྡོད་རྒྱ། བག་གཡོག་གིས་སྨྱུང་གནས་བསྲུང་མི་ཐུབ་འོད་དིག 20ཡིན་ནའང་། མག་པ་ཁོང་ཀྱ་དིང་ཁ་འབྲལ་བའི་དུས་ཞིག་སླེབ་ཀྱི་དིག དེ་རྒྱ་བག་གཡོག་ཀྱ་ཀྱིས་སྨྱུང་གནས་སྲུང་གྱི་དིག 21དཔེར་ན། མི་སུས་ཡིན་ནའང་། གོས་རྙིང་བ་ལེ་གོས་གསར་པའི་ལྷན་པ་མི་རྒྱག་འོད་དིག གལ་སྲིད་ལྷན་པ་བརྒྱབ་པི་ཡིན་ནི། གོས་རྙིང་པ་དེ་འཛེན་ཆེ་རུ་རལ་འགྲོ་གྱི་དིག 22ཡང་མི་སུ་ཞིག་གིས་རྒུན་ཆང་གསར་པ་དེ་རྐྱལ་པ་རྙིང་པའི་ནང་ལེ་མི་བསྙལ་འོད་དིག གལ་སྲིད་བསྙལ་ལི་ཡིན་ནི་རྒུན་ཆང་དེ་འཕེལ་ཕེན། རྐྱལ་པ་རྡོལ་ཏེ་ཆང་དིང་རྐྱལ་པ་གཉིས་ཀ་འཕྲོ་བརླག་འགྲོ་གྱི་དིག རྒུན་ཆང་གསར་པ་དེ་རྐྱལ་པ་གསར་པའི་ནང་ལེ་བསྙལ་དགོས་འོད་དིག་ཟིན་གསུངས་པི་དིག
ངལ་གསོ་བའི་ཉིན་མོའི་སྐོར།
23དེ་ནས་ངལ་གསོ་བའི་ཉིན་མོ་ལེ་ཡེ་ཤུ་དིང་སློབ་མ་ཀྱ་ཞིང་འགྲམ་གྱི་ལམ་བརྒྱུད་ནས་ཕེབས་རྒྱ། སློབ་མ་ཀྱ་ཀྱིས་སྙེ་མ་འཐོག་གྱོ་འོད་དི་ཕཱ་རུ་ཤི་པ་ཀྱ་ཀྱིས་མཐོང་ཕེན། 24ཕཱ་རུ་ཤི་པ་ཀྱ་ཀྱིས་ལྟོས་དང་། ཁྱེད་ཀྱ་ཀྱིས་ངལ་གསོ་བའི་ཉིན་མོ་འདི་ལེ། དཀོན་མཆོག་གི་ཆོས་ཁྲིམས་ནང་ལེ་བགྱིད་མི་ཆོག་པའི་ལས་ཅི་ལེ་བགྱིད་དི་ཡིན་དོ་སྨྲས་པི་དིག 25ཡང་ཡེ་ཤུས་ཕཱ་རུ་ཤི་པ་ཀྱ་ལེ། རྒྱལ་པོ་དཱ་བིད་དིང་ཁོང་གི་འཁོར་གཡོག་ཀྱ་ལྟོགས་ཏེ་ཅི་ཟ་འདི་ཟ་མེད་མེད་བྱུང་ཕེན། ཁོང་ཀྱ་ཀྱིས་ཅི་བྱས་འོད་མེད་ཁྱེད་ཀྱ་ཀྱིས་དཀོན་མཆོག་གི་གསུང་རབ་ནང་ལེ་ཀློག་མྱོང་མེད་དས། 26མཆོད་པ་འབུལ་མཁན་གཙོ་བོ་མིང་ལེ་ཨབ་ཡཱ་ཐཱར་ཟེར་མཁན་ཁོང་གི་དུས་ལེ། དཀོན་མཆོག་གི་མཆོད་ཁང་ནང་ལེ་དཱ་བིད་ཕྱིན་ཏེ། དཀོན་མཆོག་ལེ་ཕུལ་ལི་སྒོར་ཕྱེ་དེ་ཁོས་བཟས་པི་མ་ཟད། རང་གི་འཁོར་གཡོག་ཀྱ་ལེ་ཟང་བྱིན་དི་དིག ཆོས་ཁྲིམས་ཅོག་འདྲ་བྱས་ནི་སྒོར་ཕྱེ་དེ་ནི། ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་ཀྱི་མ་གཏོགས་ཟ་མི་ཆོག་འོད་དིག 27ཡང་ཡེ་ཤུས་ཁོང་ཀྱ་ལེ། མི་ནི་ངལ་གསོ་བའི་ཉིན་གྱི་དོན་ལེ་བཟོས་གནང་པི་མ་དིག ངལ་གསོ་བའི་ཉིན་མོ་ནི་མིའི་དོན་ལེ་བཟོས་གནང་པི་དིག 28འོ་དེའི་ཆེད་དུ། མིའི་བི་ས་ནི་ངལ་གསོ་བའི་ཉིན་གྱི་བདག་པོ་ཟང་ཡིན་ཟིན་གསུངས་པི་དིག །
Currently Selected:
མར་ཀུ། 2: DLPO
Highlight
Share
Copy

Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.