མར་ཀུ། 3
3
ལེའུ་གསུམ་པ།
ཡེ་ཤུས་ངལ་གསོ་བའི་ཉིན་མོ་ལེ་མི་ཞིག་དྲག་ཏུ་བཅུག་པ།
1དེ་ནས་ཡང་ཉིན་མ་གཞན་ཞིག་ལེ། ཡེ་ཤུ་ཡང་ཡ་ཧུ་དཱ་པའི་ཚོགས་ཁང་ལེ་ཕེབས་གནང་སྟེ། དེ་རུ་ལག་ག་ཡ་གཅིག་སྐྱོན་ཅན་བྱུང་བའི་མི་ཞིག་འོད་དིག 2ཡེ་ཤུ་ལེ་ནག་ཉེས་འཛུགས་འདོད་འོད་ཡོད་མི་ཁ་ཤས་ཀྱིས་ངལ་གསོ་བའི་ཉིན་མོ་ལེ། ཁོང་གིས་ནད་པ་ཀྱ་ལེ་སྨན་བཅོས་བགྱིད་འོད་མེད་རྒྱང་ནས་ནན་ཏན་བྱས་ཏེ་བལྟས་བསྡད་འོད་དིག 3དེ་ནས་ཡེ་ཤུས་ལག་ག་སྐྱོན་ཅན་ཁོ་ལེ། ཚུར་ཤོག་དང་ཟིན་གསུངས་པི་དིག 4ཡང་ཁོང་གིས་ནག་ཉེས་འཛུགས་མཁན་མི་དེ་ཀྱ་ལེ། དཀོན་མཆོག་གི་ཆོས་ཁྲིམས་ཅོག་འདྲ་བྱས་ནི། ངལ་གསོ་བའི་ཉིན་མོ་ལེ་ལས་བཟང་པོ། ཡང་ནི། ལས་ངན་པ། ཡང་ནི། སྲོག་སྐྱོབ་རྒྱུ། ཡང་ནི། སྲོག་གཅོད་རྒྱུ་ལས་དེ་ཀྱ་ནང་ནས་ཅི་ཞིག་བགྱིད་ཆོག་གྱོ་འོད་དི་གོ་ཟིན་དྲིས་ཏེ། མི་དེ་ཀྱ་ཀྱིས་ཁོང་ལེ་ལན་མ་བརྒྱབ་པི་དིག 5དེ་ནས་ཡེ་ཤུས་མི་དེ་ཀྱ་ལེ་ཐུགས་ཁྲོས་ཏེ། མི་དེ་ཀྱ་ལེ་སྤྱན་ཧྲིག་གས་གཟིགས་ཏེ། མི་དེ་ཀྱ་ཀྱི་སེམས་པ་གྱོང་པོ་ཡིན་དི་མཁྱེན་ཕེན་ཐུགས་སྐྱོ་བོ་བྱུང་སྟེ། ལག་ག་སྐྱོན་ཅན་ཁོ་ལེ། ཁྱོད་ཀྱི་ལག་ག་རྐྱོངས་ཤིག་ཟིན་གསུངས་ལོད་མེད། ཁོས་ལག་ག་བརྐྱངས་ཏེ་དྲག་པི་དིག 6དེ་ནས་ཕཱ་རུ་ཤི་པ་ཀྱ་མགྱོགས་པོ་ཕྱི་ལེ་ཐོན་ལོང་མེད། ཧེ་རོ་དཱེ་ཟེར་མཁན་གྱི་ཕྱོགས་ཁག་དིང་སྐྱེན་ལེ་ཡེ་ཤུ་དགྲོང་རྒྱུ་སྐོར་ལེ་གྲོས་བསྡུར་བྱས་པི་དིག
མི་ཚོགས་མང་པོ་ཞིག་ཡེ་ཤུའི་རྗེ་ལེ་འབྲངས་པ།
7-8དེ་ནས་ཡེ་ཤུ་དིང་སློབ་མ་ཀྱ་མཚོའི་འགྲམ་ལེ་ཕེབས་རྒྱ། ག་ལིལ་ལུང་པ། ཡ་ཧུ་དཱ་ལུང་པ། ཡེ་རུ་ས་གླིང་རྒྱལ་ས། ཨི་དུམ་ཡཱ་ལུང་པ། ཡང་ཡོར་དན་གཙང་པོའི་ཕར་ཀན་གྱི་ཡུལ། ད་རུང་ཐཱ་ཨེར་དིང་ཚི་དོན་རྒྱལ་ས་དེ་ཀྱ་ལེ་ཁོང་གིས་མཛད་པའི་ངོ་མཚར་ཡེ་རེ་ཐོས་ཏེ། ཁོང་གི་དྲུང་དུ་མི་ཚོགས་མང་པོ་འོངས་པི་དིག 9དེ་ནས་ཡེ་ཤུས་རང་གི་སློབ་མ་ཀྱ་ལེ། མི་ཚོགས་འདི་ཀྱ་འཚང་ཁ་མི་རྒྱག་གི་ཆེད་དུ། གྲུ་ཞིག་གྲ་སྒྲིག་བགྱིད་དུ་བཅུག་པི་དིག 10ཅི་ལེ་ཟེར་ནི། ཁོང་གིས་མི་མང་པོའི་ན་ཚ་དྲག་ཏུ་བཅུག་ཕེན། ནད་པ་ཡེ་རེས་ཟང་ཁོང་ལེ་ལག་ག་འཆང་རྒྱུ་ཆེད་དུ་འཚང་ཁ་རྒྱག་གྱོ་འོད་དིག 11དེ་ནས་གདོན་འདྲེ་ཀྱ་ཀྱིས་ནམ་ཡིན་ནའང་། ཡེ་ཤུ་མཇལ་ལི་ཙམ་གྱིས་ཁོང་གི་དྲུང་དུ་བརྐྱངས་ཕྱག་འཚལ་ཏེ། ཁྱེད་ནི་དཀོན་མཆོག་གི་སྲས་ཡིན་དིག་ཟིན་སྐད་ཆེན་པོ་བརྒྱབ་པི་དིག 12ཡིན་ནའང་། ཡེ་ཤུས་གདོན་འདྲེ་དེ་ཀྱ་ལེ། ང་སུ་ཡིན་དི་མི་གཞན་ལེ་མ་ཟེར་ཟིན་ནན་ཏན་བྱས་ཏེ་བཀང་གནང་པི་དིག
ཡེ་ཤུས་སློབ་མ་བཅུ་གཉིས་བདམས་པ།
13དེ་ནས་ཡེ་ཤུ་དེའུ་ཞིག་གི་ལྟག་ག་ལེ་ཕེབས་ཏེ་རང་གི་ཐུགས་དགོངས་ཅོག་འདྲ། བདམས་པའི་མི་དེ་ཀྱ་བོས་གནང་ཕེན། མི་དེ་ཀྱ་ཟང་ཁོང་གི་དྲུང་དུ་འོངས་པི་དིག 14-15ཁོང་གིས་མི་བཅུ་གཉིས་དེ་ཀྱ་རང་གི་སློབ་མ་ལེ་བདམས་གནང་སྟེ། དུས་རྒྱུན་དུ་ཁོང་དིང་སྐྱེན་ལེ་སྡོད་དི་དིང་། ཡང་ཆོས་ཤོད་དུ་བརྫངས་པི་མ་ཟད། མི་སུ་ལེ་གདོན་འདྲེ་ཞུགས་འོད་ནི། གདོན་འདྲེ་དེ་ཀྱ་བཏུལ་རྒྱུ་དབང་ཆ་གཏད་དི་དིག 16ཁོང་གིས་བདམས་པའི་སློབ་མ་བཅུ་གཉིས་ཀྱ་ཀྱི་མིང་ནི། སི་མོན། ཡང་ནི། ཡེ་ཤུས་ཁོའི་མིང་པེ་ཏྲོ་ཟིན་བཏགས་པི་ཁོ་དིང་། 17ཟེ་བད་ཡཱ་ཟེར་རི་བི་ས་ཡ་ཀོབ། ཡ་ཀོབ་ཀྱི་སྤུན་ཡོ་ཧ་ནན། ཁོ་གཉིས་ཀྱི་མིང་ལེ་ཟང་། ཡེ་ཤུས་བོ་ཨ་ནེར་གེ་ཟིན་བཏགས་པི་དིག བོ་ཨ་ནེར་གེ་དེའི་དོན་ནི་འབྲུག་གི་བི་ས་ཟེར་རི་དིག 18ཡང་གཞན་མ་ཀྱ་ཀྱི་མིང་ལེ། ཨན་དྲི་ཡཱ། ཕི་ལིབ། པཱར་ཐོ་ལོ་མཱ། མད་ཐཱ། ཐོ་མཱ། ཨལ་ཕཱ་ཟེར་མཁན་གྱི་བི་ས་ཡ་ཀོབ། ཐཱ་ཨད་དེ་ཨ་སི། བརྩོན་འགྲུས་ཅན་གྱི་སི་མོན། 19ཡང་རྗེས་ལེ་ཡེ་ཤུ་དགྲའི་ལག་ལེ་གཏོད་མཁན་ཡུ་དཱ་ཨི་སི་ཀར་རེ་ཟེར་མཁན་དེ་ཀྱ་ཡིན་དིག
ཡེ་ཤུ་དིང་བདུད་པོ་སཱ་ཏན་གྱི་སྐོར།
20དེ་ནས་ཡེ་ཤུ་དིང་སློབ་མ་ཀྱ་ཁྱིམ་ཞིག་གི་ནང་ལེ་ཕེབས་ཕེན། མི་ཚོགས་མང་པོ་ཞིག་ཡང་དང་ཁོང་གི་དྲུང་དུ་འཛོམས་ཏེ། ཁོང་ཀྱ་ལེ་ཟ་མ་ཟ་ལོང་ཟང་མ་བྱུང་པི་དིག 21ཡང་ཁོང་གི་ནང་མི་ཀྱ་ཀྱིས་ཡེ་ཤུ་ནི་བྲེལ་ལ་ཆེན་པོ་འོད་དི་གནས་ཚུལ་ཐོས་ཕེན། ཁོང་སྨྱོ་ཡིན་ཤག་ཟིན་ཁོང་བགེག་རྒྱུ་ཆེད་དུ་འོངས་པི་དིག 22ཡེ་རུ་ས་གླིང་ནས་འོངས་པའི་ཆོས་ཁྲིམས་མཁས་པ་འོད་ཡོད་ཀྱ་ཀྱིས། གདོན་འདྲེའི་རྒྱལ་པོ་པེ་ཨིལ་བཟི་པད་ཟེར་མཁན་དེ་ཁོའི་ནང་ལེ་ཞུགས་འོད་ཕེན། སུ་ལེ་གདོན་འདྲེ་ཞུགས་འོད་ནི། གདོན་འདྲེ་ཀྱ་ལེ་བཏུལ་གྱོ་འོད་དིག་ཟིན་སྨྲས་པི་དིག#3.22 པེ་ཨིལ་བཟི་པད་ཟེར་ནི་བདུད་ཀྱི་རྒྱལ་པོ་ཡིན་དིག ཡང་མིང་གཞན་ཞིག་ལེ་བདུད་ཀྱི་རྒྱལ་པོ་སཱ་ཏན་ཟང་ཟིན་འོད་དིག 23དེ་ནས་ཡེ་ཤུས་ཆོས་ཁྲིམས་མཁས་པ་དེ་ཀྱ་རང་གི་དྲུང་དུ་ཤོག་སྨྲས་ཏེ། དཔེའི་བརྒྱུད་ནས་མི་དེ་ཀྱ་ལེ། བདུད་སཱ་ཏན་གྱིས་རང་གིས་རང་ལེ་ཅི་གི་བྱས་ཏེ་བཏུལ་སྲིད་རྒྱུ། 24གལ་སྲིད་རྒྱལ་ཁབ་གཅིག་གི་ནང་ལེ་ནང་འཁྲུག་པ་བྱུང་ནི། རྒྱལ་ཁབ་དེ་བརྟན་པོར་གནས་མི་ཐུབ་འོད་དི་མ་ཟད། 25ཡང་ཁྱིམ་ཚང་གཅིག་གི་ནང་ལེ་ནང་འཁྲུག་བྱུང་ནི། ནང་མི་དེ་བརྟན་པོ་གནས་མི་ཐུབ་འོད་དིག 26ཡང་གལ་སྲིད་བདུད་ཀྱི་རྒྱལ་པོ་སཱ་ཏན་གྱིས་རང་གིས་རང་ལེ་དགྲ་བོ་བྱས་པི་ཡིན་ནི། བདུད་དེ་བརྟན་པོ་གནས་མ་ཐུབ་ཕེན། ཁོའི་ནུས་མཐུ་ཉམས་འགྲོ་གྱི་དིག 27ཡང་མི་སྟོབས་ཤུགས་ཆེན་པོ་འོད་ཡོད་ཞིག་གི་ཁྱིམ་ལེ་འཛུལ་ཏེ་རྒྱུ་ནོར་འཕྲོག་ཐུབ་མཁན་མི་སུ་ཟང་མེད་དིག དང་པོ་མི་སྟོབས་ཆེན་དེ་བཀྱིགས་ཏེ་མ་གཏོགས་ཁོའི་རྒྱུ་ནོར་འཕྲོག་ཐུབ་ཀྱི་མ་དིག 28ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། དཀོན་མཆོག་གིས་མིའི་སྡིག་པ་ཡེ་རེ་དིང་། རང་ལེ་སྐུར་བ་བཏབ་པའི་སྡིག་ཉེས་དེ་སེལ་ཐུབ་ནའང་། 29དམ་པའི་ཐུགས་ཉིད་ལེ་སྐུར་བ་འདེབས་མཁན་དེའི་སྡིག་ཉེས་དེ་དུས་ནམ་ཟང་དགོངས་ཡངས་འཐོབ་སྲིད་ཀྱི་མ་དིག སྡིག་ཉེས་དེ་དུས་གཏན་དུ་འཁུར་དགོས་འོད་དིག་ཟིན་གསུངས་པི་དིག 30ཁོང་གིས་འོ་འདི་གི་གསུངས་གནང་གི་དོན་དེ་ནི། ཆོས་ཁྲིམས་མཁས་པ་ཀྱ་ཀྱིས་ཁོང་ལེ་གདོན་འདྲེ་ཞུགས་འདུག་སྨྲས་པའི་རྐྱེན་གྱི་ཡིན་དིག
ཡེ་ཤུའི་ཡུམ་དིང་སྐུ་མཆེད་ཀྱི་སྐོར།
31དེ་ནས་ཡེ་ཤུའི་ཡུམ་དིང་སྐུ་མཆེད་ཀྱ་ཕྱི་ལེ་བསྒུགས་བསྡད་འོད་ཕེན། མི་ཞིག་ཁོང་ལེ་སྐད་གཏོང་དུ་བརྫངས་པི་དིག 32ཡིན་ནའང་། ཡེ་ཤུའི་མཐའ་བསྐོར་ལེ་མི་མང་པོ་བསྡད་འོད་ཕེན། མི་དེ་ཀྱ་ཀྱིས་ཡེ་ཤུ་ལེ། གཟིགས་དང་། ཁྱེད་ཀྱི་ཡུམ་དིང་སྐུ་མཆེད་ཀྱ་ཀྱིས་ཕྱི་ལེ་ཁྱེད་ལེ་འཚོལ་གྱི་འདུག་ཞུས་ཕེན། 33ཁོང་གིས་ངའི་ཡུམ་དིང་ངའི་ནུ་བོ་སུ་ཡིན་གོ་ཟིན་གསུངས་པི་རྗེས་ལེ། 34རང་གི་མཐའ་བསྐོར་ལེ་འོད་ཡོད་མི་ཀྱ་ལེ་གཟིགས་ཏེ། ལྟོས་དང་། ངའི་ཡུམ་དིང་ངའི་ནུ་བོ་ནི། 35དཀོན་མཆོག་གི་ཐུགས་དགོངས་ཅོག་འདྲ་ལས་སྒྲུབ་མཁན་ཡེ་རེ། ངའི་ཨ་མ་དིང་། ངའི་ནུ་བོ་དིང་། ནུ་མོ་ཡིན་ཟིན་གསུངས་པི་དིག །
Currently Selected:
མར་ཀུ། 3: DLPO
Highlight
Share
Copy

Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.