YouVersion Logo
Search Icon

མར་ཀུ། 1

1
ལེའུ་དང་པོ།
ཁྲུས་གསོལ་​མཁན་​ཡོ་ཧ་ནན་​གྱིས་​ཆོས་བཤད་པ།
1 དཀོན་མཆོག་གི་སྲས་སྐྱབས་མགོན་​ཡེ་ཤུའི་སྐོར་​གྱི་​གཏམ་བཟང་​ནི་ད་འདི་གི་བྱས་ཏེ་འགོ་​བཙུགས་​པི་​དིག 2སྔར་​དང་པོ་​དཀོན་མཆོག་​གིས་​ལུང་སྟོན་མཁན་​ཡེ་ཤ་ཡཱ་​ལེ་​གསུངས་པི་ཅོག་འདྲ།
ངའི་​ཕོ་ཉ་ཁྱོད་ཀྱི་​སྔོན་​ལེ་རྫོངས​། །
དེས་ཁྱོད་ཀྱི་​ལམ་གྲ་སྒྲིག་​བགྱིད། །
3དབེན་​སྟོང་​ནང་​ནས་​བརྒྱབ་པི་​སྒྲ་​དེས། །
ཇོ་བོའི་​ཕེབས་ལམ་​གྲ་སྒྲིག་​གྱིས་ཤིག །
ཁོང་​གི་​ཕེབས་ལམ་​དེ་བདེ་མོ་​བཟོས་​ཤིག །
ཟིན་གསུངས་​པི་​དིག#1.3 ཚིགས་བཅད་འདི་ནི་ལུང་སྟོན་པ་མ་ལ་ཀིས་བྲིས་པའི་མདོ་ལེའུ་ 3 ཨང་ 1 དིང་། ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 40 ཨང་ 3 ནང་ལེ་གཟིགས་རོགས། 4འོ་དེ་ལེ་བརྟེན་ཏེ། ཡོ་ཧ་ནན་​དབེན་སྟོང་​ལུང་པ་​ལེ་བསྡད་​དེ། མི་ཀྱ་ལེ་ཁྲུས་གསོལ་བྱས་ཏེ། སྡིག་ཉེས་སེལ་ལི་ཆེད་དུ་​སྤྱོད་པ་​ངན་པ་དེ་ཀྱ་སྤངས་​ཏེ་སེམས་​ཁུག་​པའི་རྟགས་ལེ། ཁྲུས་གསོལ་བགྱིད་དགོས་འོད་ཟིན་​ཆོས་བཤད་དི་དིག 5ཡ་ཧུ་དཱ་​ལུང་པའི་​མི་​དིང་། ཡང་ཡེ་རུ་ས་གླིང་​རྒྱལ་ས་​ནས་​ཡིན་དི་མི་​མང་པོ་​འཇུ་གུ་​ཡོ་ཧ་ནན་​འོད་​ས་​ལེ་​འགྲོ་​འོད་དིག མི་དེ་ཀྱ་ཀྱིས་རང་གི་​སྡིག་པ་​ལེ་ཁས་ལེན་བྱས་ཕེན། ཡོ་ཧ་ནན་གྱིས་མི་དེ་ཀྱ་ལེ་ཡོར་དན་​གཙང་པོའི་ནང་ལེ་​ཁྲུས་གསོལ་​བྱས་​པི་​དིག 6ཡོ་ཧ་ནན་​གྱིས་​རྔ་མོང་​གི་​རྩིད་པ་​ནས་​བཟོས་པའི་​ཕྱུ་པ་​གྱོན་​པི་དིང་​། རྐེད་པ་ལེ་ཀོ་བའི་​སྐ་བོ་བཅིངས་​འོད་དི་མ་ཟད། ཟ་མ་ལེ་འབུ་​ཨ་ཚག་ཚག་པ་​དིང་​སྦྲང་རྩི་བཟས་པི་དིག 7དེ་ནས་​ཡོ་ཧ་ནན་​གྱིས་​ངའི་​རྗེས་​ལེ་​ང་​ལས་ལྷག་ཚོད་མཐུ་སྟོབས་ཆེ་བ་ཞིག་​ཕེབས་​འོང་གྱི་དིག ང་​ནི་​ཁོང་​གི་​ཞབས་མཐིལ་​ལེ་​ཟང་​སླེབ་​ཀྱི་​མ་དིག#1.7 ཡང་གེ་རིག་གི་ཟེར་ལུགས་ནང་ལེ། ང་ནི་ཁོང་གི་ལྷམ་སྒྲོག་ཟང་འགྲོལ་མི་འོས་འོད་སྨྲས་འོད་དིག 8ངས་​ཁྱེད་​ཀྱ་​ལེ་​ཆུའི་​ཁྲུས་གསོལ་​བྱས་​པི་ཡིན​། ཡིན་ནའང་​། ཁོང་​གིས་​ཁྱེད་​ཀྱ་​ལེ་​དམ་པའི་ཐུགས་ཉིད་​ཀྱིས་​ཁྲུས་གསོལ་​གནང་གྱི་དིག་​ཟིན་​བརྡ་བཏང་པི་​དིག
སྐྱབས་མགོན་ཡེ་ཤུ་ཁྲུས་གསོལ་བཞེས་པ།
9དུས་དེ་རྒྱ་ཡེ་ཤུ་​ག་ལིལ་​ལུང་པའི་​ནང་​ལེ་​འོད་​ཡོད་ནཱ་ཙ་རེལ་​ཟེར་​རི་​ཡུལ་​ནས་​ཕེབས་​གནང་པི་དིག དེ་ནས་ཡོ་ཧ་ནན་​གྱིས་​ཡོར་དན་​གཙང་པོའི་​ནང་​ལེ་​ཡེ་ཤུ་​ལེ་​ཁྲུས་གསོལ་​བྱས་​པི་​དིག 10དེ་ནས་​ཡེ་ཤུ་​ཆུའི་​ནང་​ནས་​ཡར་​ལེ་​ཐོན་​ལོང་མེད། ནམ་མཁའ་​ཁ་​ཕྱེ་​སྟེ། དཀོན་མཆོག་གི་ཐུགས་ཉིད་​ནི། ནམ་མཁའ་ནས་བྱ་ཕུག་མོ་འབབ་​འོང་​གི་​ཅོག་འདྲ། རང་གི་ལུས་ལྟག་ག་​ལེ་​བབས་པི་​དེ་ཁོང་གིས་གཟིགས་པི་​དིག 11ཡང་​དེ་མ་ཟད། དཀོན་མཆོག་གི་ཞིང་ཁམས་ནས། བི་སོའོ། ཁྱོད་​ནི་​ངའི་​སྙིང་ཕྲུག་​ཡིན། ང་​ཁྱོད་ལེ་དགའ་སྤྲོ་ཆེན་པོ་འོད་​ཟིན་གསུངས་​པི་​དིག
ཡེ་ཤུ་ལེ་བདུད་ཀྱི་རྒྱལ་པོ་སཱ་ཏན་གྱིས་ཉམས་ཚོད་བྱས་པ།
12དེ་ནས་​དམ་པའི་ཐུགས་ཉིད་​ཀྱིས་​དེ་ལོང་མེད་སྐྱབས་མགོན་​ཡེ་ཤུ་​ལེ་​བསྐུལ་​ཏེ། ཁོང་​མི་མེད་ལུང་སྟོང་​ཞིག་​ལེ་​ཁྲིད་གནང་​ཕེན། 13ཉིན་​མ་བཞི་བཅུའི་​རིང་​ལེ་​བདུད་​ཀྱི་​རྒྱལ་པོ་​སཱ་ཏན་​གྱིས་མི་མེད་ལུང་སྟོང་རུ་ཁོང་​ལེ་​ཉམས་ཚོད་​བྱས་​པི་​དིག ཁོང་རང་གཅན་གཟན་​དིང་སྐྱེན་ལེ་མི་མེད་ལུང་​སྟོང་​ལེ་​བཞུགས་ཕེན། དཀོན་མཆོག་​གི་​ཕོ་ཉ་​ཀྱ་ཀྱིས་​ཁོང་​ལེ་​ཞབས་ཕྱི་​ཞུས་​པི་​དིག
ཡེ་ཤུས་​སློབ་མ་དང་པོ་ཀྱ་བོས་པ།
14ཁྲུས་གསོལ་​བགྱིད་​མཁན་​ཡོ་ཧ་ནན་​བཙོན་ཁང་​ལེ་​བཅུག་པི་རྗེས་ལེ། ག་ལིལ་​ལུང་པ་​ལེ་​ཡེ་ཤུ་ཕེབས་​ཏེ་​དཀོན་མཆོག་​གི་​གཏམ་བཟང་​དེ་​བཤད་​དི་དིག 15ཡང་ཁོང་གིས་​ད་​དུས་སླེབས་འདུག དཀོན་མཆོག་​གི་རྒྱལ་ཁབ་​དེ་ཉེ་མོ་འདུག ཁྱེད་​ཀྱ་ཀྱིས་རང་གྱི་སྤྱོད་ངན་དེ་སྤངས་​སྟེ་འགྱོད་བཤགས་བྱས་ཏེ། གཏམ་བཟང་​འདི་ལེ་དད་པ་​གྱིས་​ཤིག་​ཟིན་གསུངས་​པི་​དིག 16དེ་ནས་​ཡེ་ཤུ་​ག་ལིལ་​མཚོའི་​འགྲམ་བརྒྱུད་ནས་​ཕེབས་​རྒྱ། སི་མོན་​དིང་​། ཁོའི་ནུ་བོ་ཨན་དྲི་ཡཱ་​ཟེར་​མཁན་​ཉ་པ་​དེ་གཉིས་​ཀྱིས་​མཚོའི་འགྲམ་​ལེ་ཉ་​ཟིན་​རྒྱུ་​ཆེད་དུ། ཆུའི་​ནང་​ལེ་དྲྭ་​གཡུག་​གྱོ་​འོད་དི་གཟིགས་​ཕེན། 17ཡེ་ཤུས་ཁོ་གཉིས་པོ་ལེ། ད་ངའི་​སྐྱེན་​ལེ་​ཤོག་དང་​། ད་ལྟ་​ཁྱེད་གཉིས་​ཀྱིས་ཉ་འཛིན་​གྱོ་འོད་དི་​ཅོག་འདྲ། ངས་​ཁྱེད་​གཉིས་པོ་​མི་​ཀྱ་​ལེ་​ཐར་བའི་​ལམ་སྟོན་​བགྱིད་​མཁན་​ལེ་​བསྐོ་​གྱི་ཡིན་​ཟིན་གསུངས་​པི་དིག#1.17 གེ་རིག་གི་སྐད་ལུགས་ནང་ལེ། ཁྱོད་གཉིས་ད་ལྟ་ཉ་འཛིན་དི་ཅོག་འདྲ། རྗེས་མ་ངས་ཁྱོད་གཉིས་མི་འཛིན་རྒྱུ་ཆེད་དུ་བསྐོ་གྱི་ཡིན་ཟིན་འོད་དིག 18དེ་ལོང་མེད་ཁོ་​གཉིས་ཀྱིས་​དྲྭ་​དེ་རུ་བོར་​ཏེ་​ཁོང་​གི་​རྗེས་​ལེ་​འབྲངས་​པི་​དིག 19ཡང་ཡེ་ཤུ་​མཚོའི་​འགྲམ་​ནས་​ཡར་​ཚོད་​ཕེབས་​ཕེན། ཁོང་​གིས་​ཟེ་བད་ཡཱ་​ཟེར་མཁན་​གྱི་བི་ས་​ཡ་ཀོབ་​དིང་​ཡོ་ཧ་ནན་​ཁོ་གཉིས་པོ་​ཟང་གྲུའི་​ལྟག་ག་ལེ་དྲྭ་​བཟོ་​ལས་བ​གྱིད་འོད་​དི་​གཟིགས་པི་དིག 20དེ་ལོང་མེད་ཡེ་ཤུས་​ཁོ་​གཉིས་​ལེ་སྐད་བཏང་ཕེན། ཁོ་​གཉིས་​ཀྱིས་ཟང་རང་གི་ཨ་ཀྱི་​ཟེ་བད་ཡཱ་དིང་། མི་གླ་​ཀྱ་​གྲུའི་ནང་ལེ་བོར་ཏེ་​ཡེ་ཤུའི་​རྗེས་ལེ་​འབྲངས་​པི་​དིག
ཡེ་ཤུས་གདོན་འདྲེ་​བཏུལ་བ།
21དེ་ནས་ཡེ་ཤུ་​དིང་སློབ་མ་​ཀྱ་​ཀ་ཕར་ན་ཧུམ་​ཟེར་​རི་​ཡུལ་​ལེ་ཕེབས་པི་དིང་། ངལ་གསོ་བའི་དུས་ཆེན་​དེ་​སླེབས་ལོང་མེད། ཡེ་ཤུ་ཡ་ཧུ་དཱ་པའི་​ཚོགས་ཁང་​ལེ་​ཕེབས་​གནང་སྟེ་མི་མང་​ཀྱ་​ལེ་​ཆོས་​གསུངས་​པི་​དིག 22ཁོང་​གིས་​ཆོས་སྟོན་སྟངས་དེ་ནི་​ཡ་ཧུ་དཱ་པའི་​ཆོས་ཁྲིམས་​མཁས་པ་ཀྱ་ཀྱིས་བསྟན་པའི་​ཆོས་དིང་མི་འདྲ། དབང་ཆ་དིང་ནུས་མཐུ་ཆེན་པོས་ངང་​ནས་​ཆོས་​བསྟན་​གནང་​ཕེན། ཆོས་ལེ་ཉན་​མཁན་​ཀྱ་​ཟང་​ཁོང་​ལེ་​ཧ་ལས་​ཆེན་པོ་​བྱུང་​པི་​དིག 23-24དུས་དེ་རྒྱ་གདོན་འདྲེ་​ཞུགས་པི་མི་​ཞིག་​ཚོགས་ཁང་​དེའི་ནང་​ལེ་​བསྡད་འོད་དིག གདོན་འདྲེ་དེས་​ངར་སྐད་​ཆེན་པོས་​ངང་ནས་​ནཱ་ཙ་རེལ་​གྱི་​ཡེ་ཤུ། ཁྱོད་དིང་​ཉེད་​བར་ལེ་འབྲེལ་བ་ཅི་འོད་དོ། ཁྱོད་ཀྱིས་​ཉེད་​ཀྱ་རྩ་མེད་གཏོང་​དུ་​འོངས་པས། ཁྱོད་​རང་སུ་​ཡིན་​མིན་​ང་​ལེ་​ཆ་​འོད། ཁྱོད་​ནི་​དཀོན་མཆོག་​ནས་​ཕེབས་པའི་​དམ་པ་དེ་རང་​ཡིན་དིག་​སྨྲས་​པི་​དིག 25-26ཡིན་ནའང་། ཡེ་ཤུས་​གདོན་འདྲེ་དེ་​ལེ་​བཀའ་​བཀྱོན་གནང་​སྟེ། ཁ་​སྡུས་​ཤིག མི་དེའི་ཁོག་ནས་ཕྱི་​ལེ་​ཐོན་​ལེད་ཟིན་​གསུངས་​ལོང་མེད། གདོན་འདྲེ་དེས་​མི་​ཁོ་​ལེ་དཀྲུགས་པི་མ་ཟད། གཟའ་​ཕོག་​གི་​ཅོག་འདྲ་ས་ལེ་འགྱེལ་ཏེ་ངར་སྐད་ཆེན་པོས་ངང་ནས་​མི་དེའི་ཁོག་​ནས་​ཕྱི་​ལེ་​ཐོན་བུད་ཕེན། 27དེ་རུ་འོད་ཡོད་མི་​ཀྱ་ཀྱིས་གནས་ཚུལ་དེ་ལེ་​ཧ་ལས་​ཏེ། ཕན་ཚུན་​གཅིག་​གིས་​གཅིག་​ལེ། འདི་​ཅི་​ཡིན་​ནེ། འདི་​ཆོས་​སྟོན་​སྟངས་​གསར་པ་​ཞིག་​ཡིན་​ཤག ཁོང་​གིས་​དབང་​ཆེན་པོས་​ངང་​ནས་​གདོན་འདྲེ་ཀྱ་​ལེ་​ཟང་​བཀའ་​གནང་​པི་མ་ཟད། གདོན་འདྲེས་​ཟང་​ཁོང་​གི་​བཀའ་​ལེ་​ཉན་​གྱི་འདུག་ཟིན་​འོད་དིག 28དེ་ནས་དེ་ལོང་མེད། ཡེ་ཤུས་མཛད་པའི་སྙན་གྲགས་​དེ་​ག་ལིལ་​ལུང་པའི་​ཕྱོགས་​ཡེ་རེ་​ལེ་​ཁྱབ་​པི་​དིག
ཡེ་ཤུས་​ནད་པ་​མང་པོ་​དྲག་​ཏུ་​བཅུག་པ།
29དེ་ནས་ཡེ་ཤུ་​དིང་​སློབ་མ་​ཀྱ་​ཡ་ཧུ་དཱ་པའི་​ཚོགས་ཁང་​ནས་​ཕྱི་​ལེ་​ཕེབས་​འོང་​ལོང་མེད། ཁོང་​ཀྱ་​སི་མོན་​དིང་​ཨན་དྲི་ཡཱའི་​ཁྱིམ་​ལེ་​ཕེབས་​གནང་པི་དིག ཁོང་གི་སྐྱེན་ལེ་​ཡ་ཀོབ་​དིང་​ཡོ་ཧ་ནན་​ཁོ་གཉིས་​ཟང་​འོད་དིག 30དུས་དེ་རྒྱ་སི་མོན་​གྱི་​བུད་མེད་ཨ་མ་​ལེ་​ཚ་བ་​སྐྱེས་ཏེ་​ཉལ་​ཏེ་བསྡད་​འོད་དི་དིག ཁོང་ཀྱ་​ཀྱིས་དེ་ལོང་མེད་​ཨ་མའི་​གནས་ཚུལ་​ཡེ་ཤུ་​ལེ་​ཞུས་ཕེན། 31ཡེ་ཤུས་ཟང་ཨ་མ་​མོའི་​རྩ་ལེ་​ཕེབས་​ཏེ་​ཨ་མའི་​ལག་ག་ནས་​འཇུས་ཏེ་ཡར་​ལེ་བསྐྱོར་ཏེ་ལངས་དུ་བཅུག་པི་དིག དེ་​ལོང་མེད་​ཨ་མའི་​ཚ་བ་​དྲག་​པི་མ་ཟད། མོས་​ཁོང་​ཀྱ་​ལེ་ཞབས་ཕྱི་ཞུས་​པི་​དིག 32དེ་ནས་ཉིན་མ་དེའི་དགོང་མོ་​སྲོད་​མ་​རུབ་​ཚོད་ལེ། མི་​ཀྱ་​ཀྱིས་​ནད་པ་​དིང་​གདོན་འདྲེ་ཞུགས་པི་མི་​ཡེ་རེ་​ཁོང་​གི་​དྲུང་​དུ་​ཁྲིད་​འོངས་​པི་དིག 33ཡང་ཡུལ་​གྱི་​མི་​ཡེ་རེ་ཁོང་བཞུགས་སའི་ཁྱིམ་གྱི་སྒོ་རྩ་​རུ་​འཛོམས་​འོད་དི་དིང་། 34ཁོང་​གིས་​ནད་རིགས་སྣ་ཚོགས་​ཕོག་འོད་ཡོད་ནད་པ་ཀྱ་དྲག་ཏུ་བཅུག་པི་​མ་ཟད། མིའི་ཁོག་ལེ་ཞུགས་འོད་ཡོད་གདོན་འདྲེ་དེ་ཀྱ་​བཏུལ་ཏེ། གདོན་འདྲེ་ཀྱ་​ལེ་​ཚིག་​འབུར་​ཏུ་​མ་​བཅུག་​པི་དིག ཅི་ལེ་​ཟེར་​ནི། གདོན་འདྲེ་​དེ་ཀྱ་​ཀྱིས་ཁོང་​རང་སུ་​ཡིན་​དི་ངོ་ཤེས་གྱོ་​འོད་དིག 35དེའི་​སྔ་དྲོ་​ནམ་​མ་​ལངས་པའི་​སྔོན་​ལེ། ཡེ་ཤུ་​ཁོང་​རང་ཡུལ་​དེའི་​ཕྱི་ལེ་འོད་ཡོད་ས་​དབེན་པོ་​ཞིག་​ལེ་​ཕེབས་ཏེ་གསོལ་བ་སྨོན་ལམ་བཏབ་སྟེ་བཞུགས་པི་དིག 36སི་མོན་​དིང་​ཁོའི་​རོགས་​ཀྱ་​ཀྱིས་ཡེ་ཤུ་འཚོལ་​དུ་བུད་དེ། 37ཁོང་​རྙེད་​ལོང་​མེད། མི་​ཀྱ་​ཡེ་རེས་ཁྱེད་རང་​འཚོལ་གྱི་འདུག་ཟིན་ཞུས་ཕེན། 38ཁོང་གིས་ད་​འོ་རང་​ཀྱ་​ཉེ་འཁོར་གྱི་​ཡུལ་​ཀྱ་​ལེ་​ཆོས་ཤོད་​དུ་​འགྲོ། ང་​དོན་​འདི་རང་གི་ཆེད་དུ་​འོངས་​པི་​ཡིན་​ཟིན་གསུངས་པི་དིག 39འོ་དེ་ལེ་བརྟེན་ཏེ། ཁོང་རང་​ག་ལིལ་ལུང་པ་​ལེ་​ཕེབས་ཏེ། ཡ་ཧུ་དཱ་པའི་​ཚོགས་ཁང་​ལེ་ཆོས་བསྟན་པི་མ་ཟད། མི་སུ་​ལེ་​གདོན་འདྲེ་ཞུགས་​འོད་​ནི་དེ་​ཡེ་རེ་​བཏུལ་​གནང་པི་དིག
ཡེ་ཤུས་​མཛེ་ནད་​དྲག་​ཏུ་བཅུག་​པ།
40དེ་ནས་​མཛེ་ནད་​ཕོག་པི་​མི་ཞིག་​ཡེ་ཤུའི་​དྲུང་​དུ་​འོངས་ཏེ། པུས་མོ་​ས་​ལེ་​བཙུགས་​ཏེ། གལ་སྲིད་​ཁྱེད་​ཀྱི་​ཐུགས་​མཉེས་པི་ཡིན་ནི། ཁྱེད་ཀྱིས་ངའི་མཛད་ནད་འདི་དྲག་ཏུ་འཇུག་ཐུབ་ཀྱི་དིག་ཟིན་ཞུ་བ་ཕུལ་ལི་དིག 41-42ཡེ་ཤུ་སྙིང་རྗེ་སྐྱེས་ཕེན། ཁོང་​གིས་​མི་དེའི་ལྟག་ག་ལེ་ཕྱག་བརྐྱངས་ཏེ། ངས་འདོད་པ་འོད། ཁྱོད་ཀྱི་མཛེ་ནད་འདི་དྲག་པར་ཤོག་ཟིན་གསུངས་​ལོང་མེད། མཛེ་ནད་​འདི་​དྲག་པི་​དིག 43-44དེ་ནས་​ཁོང་​གིས་​ནན་ཏན་​བྱས་ཏེ་ང་ལེ་​ཉོན་​དང་​། གནས་ཚུལ་​འདི་​མི་​སུ་ཞིག​་ལེ་ཟང་​མ་​ཟེར་​ཅིག ད་​ཁྱོད་རང་ཤར་རེ་​རྒྱུགས་ཤིག རང་གི་གཟུགས་པོ་​ཡ་ཧུ་དཱ་པའི་​མཆོད་པ་འབུལ་མཁན་ལེ་​སྟོན། མི་མང་​ཀྱ་​ཡིད་​ཆེས་པའི་​ཆེད་དུ། མོ་ཤེས་​བྲིས་པའི་​ཁྲིམས་​ནང་​ལེ་​ན་ཚ་​དྲག་​མཁན་​ཀྱ་​ལེ་​ཁྲིམས་​བཟོས་​པི་ཅོག་འདྲ། དཀོན་མཆོག་​ལེ་​མཆོད་པ་​ཕུལ་​ཅིག་​ཟིན་གསུངས་​པི་​དིག#1.43-44 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་ལེ་ཝི་ཟེར་རི་མདོ་ལེའུ་ 14 ཨང་ 1-13 ནང་ལེ་གཟིགས་རོགས། 45ཡིན་ནའང་​། མི་​དེས་ཁོང་གི་དྲུང་ནས་ཕ་ལེ་ཕྱིན་ཏེ། གནས་ཚུལ་དེའི་སྐོར་ལེ་​ཁྱབ་བསྒྲགས་​བྱས་​ཕེན། ཡེ་ཤུ་​ཡུལ་​ག་ན་​ལེ་​མངོན་སུམ་​དུ་​ཕེབས་​མ་​ཐུབ་སྟེ། མི་མེད་ལུང་སྟོང་ཞིག་​ལེ་​བཞུགས་​པི་​དིག ཡིན་ནའང་། ཕྱོགས་​ཡེ་རེ་​ནས་​མི་​མང་པོ་​ཁོང་​གི་​དྲུང་​དུ་​འཛོམས་​འོངས་​པི་​དིག །

Currently Selected:

མར་ཀུ། 1: DLPO

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in