YouVersion Logo
Search Icon

ཡོ་ཧ་ནན། 19

19
ལེའུ་བཅུ་དགུ།
སྤྱི་དཔོན་​པི་ལ་ཏི་ཁོས་​ཡེ་ཤུ་​གསོད་​རྒྱུ་བཀའ་​བཏང་བ།
1དེ་ནས་​པི་ལ་ཏི་ཁོས་​ཡེ་ཤུ་​ལེ་​ལྕག་ཚན་​གཞུ་​དགོས་པའི་བཀའ་གནང་ཕེན། 2དམག་མི་​ཀྱ་​ཀྱིས་ཟང་​ཚེར་མའི་དབུ་རྒྱན་ཞིག་​བསླས་མ་​བསླས་ཏེ། ཡེ་ཤུའི་​དབུ་​ལེ་​བསྐོན་​པི་མ་ཟད​། རྒྱལ་པོའི་​ནམ་བཟའ་​ཅོག་འདྲ་​ཕྱུ་པ་​ཚོན་མདོག་​རྒྱ་སྨུག་​ཞིག་​ཟང་​ཁོང་ལེ་བསྐོན་​པི་​དིག 3དམག་མི་​དེ་ཀྱ་ཁོང་​གི་​དྲུང་​དུ་​འོངས་ཏེ། ཁོང་​ལེ་​ཡ་ཧུ་དཱ་པའི་​རྒྱལ་པོ་ཟིན་​ཕྱག་འཚལ་ཏེ་​འཕྱམ་ཆ་​བཏང་​པི་མ་ཟད། ཁོང་ལེ་འགྲམ་ལྕག་​བཞུས་​པི་དིག 4དེ་ནས་པི་ལ་ཏི་​ཁོ་རང་ཕོ་བྲང་​ནས་​ཕྱི་ལེ་​འོ​ངས་ཏེ། ལྟོས་​དང་​། ང་ལེ་​མི་​འདི་​ལེ་​ཉེས་​སྐྱོན་​ཅི་​གང་​མ་རྙེད་བྱུང་། ཁྱེད་​ཀྱ་​ཀྱིས་ཟང་སྐད་ཆ་འདི་​ཧ་གོ་རྒྱུ་ཆེད་དུ། ངས་​མི་​འདི་​ཁྱེད་​ཀྱ་​ཀྱི་​དྲུང་​དུ་​ཕྱི་​ལེ་​ཁྲིད་​རྒྱུགས་​སྨྲས་​པི་ཡིན་ཟིན་སྨྲས་པི་དིག 5དེ་ནས་​ཡེ་ཤུ་ལེ་ཚེར་མའི་དབུ་རྒྱན་​དིང་​ཕྱུ་པ་​རྒྱ་སྨུག་​ཞིག་གྱོན་​ཏེ་​ཕོ་བྲང་​ནས་​ཕྱི་​ལེ་​འཁྲིད་​འོངས་​ཕེན​། པི་ལ་ཏི་ཁོས་ཁྱེད་​ཀྱ་​ཀྱིས་མི་​འདི་​ལེ་​ལྟོས་དང་​སྨྲས་​པི་​དིག 6དེ་ནས་​ཡ་ཧུ་དཱ་པའི་​མཆོད་པ་འབུལ་མཁན་ཀྱ་དིང་། མཆོད་ཁང་​གི་​སྲུང་​དམག་ཀྱ་​ཀྱིས་​ཡེ་ཤུ་​མཐོང་​སྟེ། སྐད་​ཆེན་པོས་​ངང་​ནས་མི་​འདི་​གདུང་མ་​ཀུ་རུ་ཁ་​ལེ་​བརྒྱངས་ཏེ་སོད་​ཅིག མི་འདི་གདུང་མ་ཀུ་རུ་ཁ་ལེ་བརྒྱངས་ཏེ་སོད་ཅིག་ཟིན་​འོད་​དིག ཡང་པི་ལ་ཏི་ཁོས་མི་དེ་ཀྱ་ལེ། ངས་​ཁོ་​ལེ་​གསོད་​དགོས་​པའི་ཉེས་​སྐྱོན་​ཅི་​གང་​མ་རྙེད་​བྱུང་​། ད་ཁྱེད་ཀྱ་ཀྱིས་ཁོ་ཁྲིད་དེ་གདུང་མ་ཀུ་རུ་ཁ་ལེ་བརྒྱངས་ཏེ་གསོད་​ཅིག་​སྨྲས་​པི་​དིག 7ཡང་​ཡ་ཧུ་དཱ་པ་ཀྱ་​ཀྱིས་​མི་འདི་​རང་གིས་རང་​ལེ། ང་​དཀོན་མཆོག་​གི་​སྲས་​ཡིན་​ཟིན་​འདུག ཡང་ཉེད་ཀྱ་ཀྱི་ཆོས་ཁྲིམས་​ཅོག་འདྲ་​བྱས་​ནི། འོ་དེ་གི་​ཟེར་​མཁན་​མི་​དེ་​གསོད་​དགོས་​འོད་དིག་​ཟིན་སྨྲས་​པི་དིག 8-9དེ་ནས་པི་ལ་ཏི་ཁོས་​ལབ་​དེ་ཐོས་​ཏེ་འཛེན་​འཁྱར་​ཕེན། ཁོས་ཡང་དང་​ཡེ་ཤུ་ཕོ་བྲང་​ནང་​ལེ་​འཁྲིད་དེ། ཁྱོད་རང་​ག་ན་ནས་​ཡིན་དོ་​ཟིན་​དྲིས་​ནའང་​། ཡེ་ཤུས་​ལབ་ལན་​གཅིག་​ཟང་​མ་ལོག་​པི་དིག 10དེ་ནས་པི་ལ་ཏི་ཁོས་ཡེ་ཤུ་ལེ། ཁྱོད་​ཀྱིས་ང་​ལེ་​ལབ་ལན་​མི་​ལོག་​གི་​ཅི་​ཡིན་​དོ། ཁྱོད་​ལེ་གློད་བཀྲོལ་​གཏོང་​རྒྱུ་དིང་​། ཡང་​གདུང་མ་​ཀུ་རུ་ཁ་​ལེ་​སྲོག་ཐོག་​གཏོང་​རྒྱུ་དབང་ཆ་​དེ་ནི། ང་​ལེ་​འོད་​དི་ཁྱོད་​ལེ་​ཆ་​མེད་​དས་​ཟིན་​དྲིས་​ཏེ། 11ཡེ་ཤུས། གལ་སྲིད་ཁྱོད་ལེ། དཀོན་མཆོག་​གིས་འོ་དེ་གི་བགྱིད་​རྒྱུ་དབང་གནང་པི་ཡིན་​ནི་མ་གཏོགས། ཁྱེད་​ཀྱིས་ང་​ལེ་​འོ་དེ་གི་​བགྱིད་​རྒྱུ་​དབང་ཆ་​མེད་དིག ཁྱེད་​རང་ལེ་ལྷག་ཚོད། ང་​ཁྱེད་ཀྱི་​ལག་​ལེ་​གཏོད་​མཁན་​མི་དེ་​ཀྱ་​ལེ་འཛེན་སྡིག་པ་​ཆེ་བ་​འོད་དིག་​ཟིན་གསུངས་​པི་​དིག 12དེའི་རྗེས་ལེ་པི་ལ་ཏི་ཁོས་​ཡེ་ཤུ་​ལེ་གློད་​བཀྲོལ་གཏོང་རྒྱུ་​ཐབས་ལམ་བཙལ་​ནའང་​། ཡ་ཧུ་དཱ་པའི་​མི་​ཀྱ་​ཀྱིས་​པི་ལ་ཏི་ལེ། གལ་སྲིད་​ཁྱེད་ཀྱིས་​མི་​འདི་​གློད་​བཀྲོལ་བཏང་པི་ཡིན་ནི། ཁྱེད་རང་རྒྱལ་པོ་སེ་བཟིར་གྱི་མཛའ་རོགས་​མ་​དིག མི་​སུ་ཞིག་གིས་​རང་གིས་​རང་​ལེ། ང་​རྒྱལ་པོ་​ཡིན་​ཟེར་མཁན་​མི་​དེ་​རྒྱལ་པོའི་དགྲ་བོ་​ཡིན་དིག་​ཟིན་​སྐད་​ཆེན་པོ་བརྒྱབ་​པི་​དིག#19.12 སེ་བཟིར་ཟེར་མཁན་ཁོང་རང་ནི་དུས་དེ་རྒྱ་རོ་མཱ་ལུང་པའི་རྒྱལ་པོ་ཡིན་དིག 13དེ་ནས་པི་ལ་ཏི་ཁོས་​ལབ་​འདི་​ཐོས་​ཕེན། ཡེ་ཤུ་​ཕོ་བྲང་ནས་​ཕྱི་​ལེ་​ཁྲིད་​འོངས་པི་མ་ཟད། པི་ལ་ཏི་​ཁོང་རང་​རྡོའི་ཁྲི་​ལྟག་​ལེ་​བསྡད་​དི་​དིག ཡ་ཧུ་དཱ་པ་​ཀྱ་​ཀྱིས་​རྡོ་ཁྲི་​འདིའི་​མིང་​ལེ་​གབ་བ་ཐཱ་​ཟིན་​འོད་དིག​#19.13 རྡོ་ཁྲི་དེ་ནི་རྒྱལ་ཁང་གི་གཡབ་ལེ་འོད་དིག ཡང་ཁྲིམས་གཅོད་བགྱིད་རྒྱ་རྡོ་ཁྲི་འདིའི་གང་ལེ་པི་ལ་ཏི་ཁོང་རང་སྡོད་གྱོ་འོད་དིག 14དུས་དེ་​ནི་​སྲོག་​ཐར་​རི་​དུས་ཆེན་​གྱི་​སྒྲིག་​བགྱིད་​རྒྱུ་ཉིན་མོ་དེ་ཡིན་​དི་​མ་ཟད། དུས་ཚོད་​དེ་​ཉིན་གུང་​ཚོད་​ཡིན་​ཕེན། པི་ལ་ཏི་ཁོས་​ཡ་ཧུ་དཱ་པའི་​མི་​ཀྱ་​ལེ། ལྟོས་​དང་​། མི་​འདི་​ནི་​ཁྱེད་​ཀྱ་​ཀྱི་​རྒྱལ་པོ་​ཡིན་དིག་​ཟིན་སྨྲས་​པི་དིག 15དེ་ནས་མི་དེ་ཀྱ་ཀྱིས་སྐད་ཆེན་པོས་ངང་ནས ཁོ་​ཕ་​ལེ་​ཁྲིད། ཕ་​ལེ་​ཁྲིད། ཁོ་གདུང་མ་​ཀུ་རུ་ཁ་​ལེ་​བརྒྱངས་​ཏེ་​སོད་​ཅིག་​ཟིན་​སྐད་​ཆེན་བརྒྱབ་ཕེན། པི་ལ་ཏི་ཁོས་​ཁྱེད་​ཀྱ་​ཀྱི་​རྒྱལ་པོ་​འདི་​ངས་གསོད་​ཆོག་​གྱོ་​འོད་​དི་​གས་​ཟིན་​དྲིས་​ཏེ། མཆོད་པ་འབུལ་མཁན་དེ་​ཀྱ་​ཀྱིས། རོ་མཱའི་རྒྱལ་པོ་ཆེན་པོ་སེ་​བཟིར་​ཁོང་​རང་མ་གཏོགས་ཉེད་​ལེ་​རྒྱལ་པོ་​གཞན་མ་​མེད་​ཟིན་སྨྲས་​པི་​དིག 16དེ་ནས་​པི་ལ་ཏི་ཁོས་​ཟང་​ཡེ་ཤུ་​གདུང་མ་​ཀུ་རུ་ཁའི་ལྟག་ག་ལེ་གསོད་​རྒྱུ་​ཆེད་དུ་​དམག་མི་​ཀྱ་​ཀྱི་​ལག་​ལེ་​གཏད་དི་​དིག
ཡེ་ཤུ་​གདུང་མ་​ཀུ་རུ་ཁ་​ལྟག་ག་ལེ་​བཀྲོངས་པ།
17དེ་ནས་དམག་མི་​དེ་ཀྱ་​ཀྱིས་​ཡེ་ཤུ་​ཁྲིད་​དི་​མ་ཟད། ཡེ་ཤུས་​ཟང་རང་སྲོག་གཏོང་ས་གདུང་མ་​ཀུ་རུ་ཁ་​དེ་​འཁྱེར་ཏེ། ཡེ་རུ་ས་གླིང་​རྒྱལ་སའི་​ཕྱི་ལེ་​འོད་ཡོད་​ཀ་པཱ་ལི་​ཟེར་​རི་​ས་ཆ་​དེ་ལེ་​ཕེབས་​པི་​དིག ཡ་ཧུ་དཱ་པའི་སྐད་ལེ་​ས་ཆ་​དེ་ལེ་​གོལ་གོ་ཐ ཱ་​ཟིན་​འོད་དིག 18ས་ཆ་དེ་རུ་ཡེ་ཤུ་གདུང་མ་ཀུ་རུ་ཁ་ལྟག་ག་ལེ་བརྒྱངས་པི་དིག ཡང་དམག་མི་​དེ་ཀྱ་​ཀྱིས་​ཡེ་ཤུ་མན་པའི་མི་གཞན་​མ་གཉིས་​ཟང་གདུང་མ་​ཀུ་རུ་ཁ་​རེ་རེ་ལྟག་ག་ལེ་​བརྒྱངས་​ཏེ། ཡེ་ཤུའི་​གཡས་གཡོན་​ལེ་བོར་​འོད་དིག 19ཡང་​པི་ལ་ཏི་ཁོས་​ཤིང་ལེབ་​ཞིག་​གི་ལྟག་ག་ལེ། ཡ་ཧུ་དཱ་པའི་​རྒྱལ་པོ་​ནི། ནཱ་ཙ་རེལ་​གྱི་​ཡེ་ཤུ་​ཡིན་དིག་ཟིན་བྲིས་དགོས་པའི་བཀའ་​བཏང་​པི་དིག དེ་ནས་ཡི་གེ་​བྲིས་པའི་​ཤིང་ལེབ་​དེ་ནི་​གདུང་མ་​ཀུ་རུ་ཁའི་​རྩེ་​ལེ་​གཟེར་​བརྒྱབ་​ཏེ་​བོར་​རི་​དིག 20ཡི་གེ་​དེ་​ནི་​ཡ་ཧུ་དཱ་པའི་​སྐད་ལེ་དིང་། ལཱ་ཏིན་​གྱི་​སྐད་ལེ་དིང་། ཡང་གེ་རིག་​སྐད་དེ་​གསུམ་གྱི་ནང་​ལེ་​བྲིས་​འོད་​དིག ཡེ་ཤུ་གདུང་མ་ཀུ་རུ་ཁ་ལེ་བརྒྱངས་ཏེ་བོར་ས་དེ་ནི། ཡ་ཧུ་དཱ་པའི་རྒྱལ་སའི་ཉེ་འགྲམ་ལེ་འོད་ཕེན། ཡ་ཧུ་དཱ་པའི་མི་​ཡེ་རེས་​ཡི་གེ་​དེ་​མཐོང་​པི་དིག 21དེ་ནས་​མཆོད་པ་འབུལ་མཁན་ཀྱ་​ཀྱིས་​པི་ལ་ཏི་​ལེ། ཡ་ཧུ་དཱ་པའི་​རྒྱལ་པོ་​ཟིན་​མ་​འབྲི། མི་​དེ་​རང་གིས་རང་​ལེ་​ང་​ཡ་ཧུ་དཱ་པའི་​རྒྱལ་པོ་​ཡིན་​ཟིན་​འདུག་​ཟིན་​འབྲི་རོགས་སྨྲས་​ཕེན། 22པི་ལ་ཏི་ཁོས་​ངས་​ཅི་གི་​འབྲི་​འདོད་​འོད་​དི་​ཅོག་འདྲ་​བྲིས་​ཚར་​རི་​ཡིན་ཟིན་​སྨྲས་​པི་​དིག
23དེ་ནས་​དམག་མི་​དེ་ཀྱ་​ཀྱིས་​ཡེ་ཤུ་​གདུང་མ་​ཀུ་རུ་ཁ་​ལེ་​བརྒྱངས་​པི་​རྗེས་​ལེ། ཁོང་​གི་​ནམ་བཟའ་​དེ་​དུམ་བུ་​བཞི་​ལེ་​བགོས་​ཕེན། ཁོང་ཀྱ་ལེ་རེ་རེ་​ཐོབ་​པི་​མ་ཟད​། ཁོང་​གི་​ནང་​གོས་​དེ་​ཟང་​བཤུས་​པི་​དིག ནང་གོས་​དེ་ནི་​མགོ་​ནས་​མཇུག་​ཐུབ་འཚེམ་པོ་མེད་དི་རས་​ལེབ་ཆེན་པོ་ཞིག་ཡིན་ཕེན། 24དམག་མི་དེ་ཀྱ་​ཕན་ཚུན་​གཅིག་གིས་གཅིག་​ལེ། ནང་གོས་​འདི་​མི་དབྲོལ་ལོ། དེ་ལས་རྒྱན་​རྒྱག་​ཏེ་​སུ་​ལེ་​ཐོབ་​མི་ཐོབ་​ལྟ་བོ་​སྨྲས་​པི་​དིག ཡང་དཀོན་མཆོག་​གི་​གསུང་རབ་​ཀྱི་​མདོ་​ནང་​ལེ་​ཟང་​།
ངའི་​ཁ་གྱོན་​ཁོང་ཀྱ་ཀྱིས་​བགོས་​ཏེ་​ཁྱེར། །
ངའི་ནང་​གོས་​དེ་​ལེ་​ཟང་རྒྱན་​རྒྱག །
ཟིན་​བྲིས་པི་​དེ་འགྲུབ་རྒྱུ་ཆེད་དུ་དམག་མི་ཀྱ་ཀྱིས་འོ་དེ་གི་བྱས་​པི་​དིག#19.24 ཚིགས་བཅད་འདི་ནི་གསུང་མགུར་22 ཨང་ 18 ནང་ལེ་གཟིགས་རོགས། 25ཡེ་ཤུ་གདུང་མ་​ཀུ་རུ་ཁ་​ལེ་​བརྒྱངས་​ཏེ་​བོར་སའི་​ཉེ་འགྲམ་​རུ་​ཁོང་​གི་​ཡུམ་​དིང་​ཨ་ནེ། ཡང་​ཀ་ལོ་ཕཱ་​ཟེར་མཁན་​གྱི་​བུད་མེད་​མིར་ཡམ་​དིང་​། མག་དལ་གྱི་​མིར་ཡམ་​ཟེར་མཁན་​བུ་མའ་དེ་ཀྱ་ལངས་​ཏེ་​བསྡད་​འོད་དིག 26ཡང་ཡེ་ཤུས་​རང་གི་​ཨ་མ་​དིང་​། རང་གིས་​གཅེས་ཤོས་​བགྱིད་​ས་​སློབ་མ་​ཁོ་​དེ་རུ་​ལངས་​ཏེ་​བསྡད་​འོད་​དི་​གཟིགས་​ཏེ། ཁོང་​གིས་​ཨ་མ་​ལེ། བོ་མའོ། ལྟོས་​དང་​། མི་འདི་ནི་ཁྱེད་རང་གི་བི་ས་ཡིན་དི་རྩིས་ཤིག་ཟིན་གསུངས་​པི་དིག 27ཡང་​ཁོང་གིས་སློབ་མ་​ཁོ་​ལེ། ལྟོས་​དང་​། ད་མོ་ནི་ཁྱེད་ཀྱི་ཨ་མ་​དིང་ཅོག་འདྲ་ཡིན་དིག་​ཟིན་གསུངས་​པི་དིག དུས་དེ་ནས་ཕྱིན་ཆད་ཁོས་མོ་རང་གི་ཁྱིམ་​ནང་​ལེ་​ཁྲིད་​དེ་​མོ་ལེ་བྱམས་བསྐྱོངས་​བྱས་​པི་​དིག
ཡེ་ཤུ་​སྐུ་གྲོངས་པ།
28དེ་ནས་​དེའི་​རྗེས་​ལེ། ཡེ་ཤུས་​གསུང་རབ་​ཀྱི་​མདོ་​ནང་​ལེ་​བྲིས་​པི་ཅོག་འདྲ། རང་གི་​ལས་དོན་​ཡེ་རེ་​འགྲུབ་​པི་མཁྱེན་​གནང་ཕེན། ཁོང་​གིས་​ད་ང་​ཁ་​སྐོམ་​གྱི་འདུག་ཟིན་​གསུངས་​ཕེན།#19.28 ཚིགས་བཅད་འདི་ནི་གསུང་མགུར་69 ཨང་ 21 དིང་། གསུང་མགུར་ 22 ཨང་ 15 ནང་ལེ་གཟིགས་རོགས། 29རྒུན་ཆང་​སྐྱུར་མོ་བཀང་འོད་ཡོད་སྣོད་ཞིག་​དེ་རུ་​བོར་​འོད་དིག མི་​ཞིག་གིས་རྒུན་​ཆང་​སྐྱུར་མོ་​དེ་ལེ་བལ་སྦངས་​ཏེ། ཧི་སོབ་ཟེར་རི་ཤིང་རྒྱུག་ཞིག་གི་​རྩེ་​ལེ་​བསྐོན་​ཏེ་ཁོང་​གི་​ཁ་​ལེ་​འབྱར་ཏེ་བོར་​རི་​དིག 30དེ་ནས་​ཡེ་ཤུས་རྒུན་ཆང་​སྐྱུར་མོ་​དེ་​བཏུངས་པི་རྗེས་ལེ​། ད་དོན་​ཡེ་རེ་​གྲུབ་​སོང་​ཟིན་གསུངས་​ཏེ། ཁོང་​གི་​དབུ་མར་​ལེ་​བསྒུར་ཏེ་སྐུ་གྲོངས་པི་​དིག
31དེ་ནས་ཡང་ཉིན་མ་​དེ་​ནི་​སྲོག་​ཐར་​རི་དུས་ཆེན་​གྱི་​གྲ་སྒྲིག་​བགྱིད་རྒྱུ་ཉིན་མ་ཡིན་དི་མ་ཟད། ངལ་གསོ་བའི་​ཉིན་མོ་​ཟང་​ཡིན་​ཕེན། ཡ་ཧུ་དཱ་པའི་​ཆོས་དཔོན་​དེ་ཀྱ་​ཀྱིས་​ངལ་གསོ་བའི་​ཉིན་​ལེ། གདུང་མ་​ཀུ་རུ་ཁའི་ལྟག་ག་ལེ་​བརྒྱངས་ཏེ་བོར་ནི་དགའ་མོ་མི་འདུག་​བསམ་​ཕེན། སྤྱི་དཔོན་​པི་ལ་ཏིའི་​དྲུང་​དུ་འོངས་ཏེ། མི་​དེ་ཀྱ་ཀྱི་རྐང་པ་​བཅག་​སྟེ་​རོ་དེ་འཁྱེར་​དགོས་​འོད་དིག་​ཟིན་ཞུས་​པི་​དིག 32དེ་ནས་​དམག་མི་​དེ་ཀྱ་​འོངས་ཏེ། ཡེ་ཤུའི་གཡས་གཡོན་​ལེ་​གདུང་མ་ཀུ་རུ་ཁ་ལེ་བརྒྱངས་​ཏེ་​བོར་​འོད་ཡོད་མི་​དེ་གཉིས་​ཀྱི་​རྐང་པ་​བཅག་​པི་​དིག 33ཡིན་ནའང་​། དམག་མི་​དེ་ཀྱ་​ཡེ་ཤུ་བརྒྱངས་ཏེ་བོར་ས་གདུང་མ་ཀུ་རུ་ཁ་དེའི་རྩ་​ལེ་​སླེབས་​རྒྱ། ཡེ་ཤུ་གྲོངས་​ཚར་​འོད་དི་མཐོང་​ཕེན། ཁོང་​གི་​རྐང་པ་​མ་བཅག་པི་​དིག 34དེ་ནས་དམག་མི་​དེ་ཀྱ་​ནང་​ནས་​མི་​གཅིག་​གིས་​ཁོང་ནི་​ངོ་ཐོག་​ཤི་​ཚར་​འོད་​མེད་​ལྟ་​རྒྱུ་​ཆེད་དུ། ཁོང་​གི་​རྩིབ་​གཞོགས་​ལེ་​མདའ་​མདུང་​བཙུགས་​ཕེན། དེ་ལོང་མེད་​ཁྲག་​དིང་​ཆུ་​ཐོན་​འོངས་​པི་​དིག (ཁྲག་​དིང་​ཆུ་​ཐོན་​འོང་རྒྱུ་དེ་ནི། བདེན་པ་​ངོ་ཐོག་​ཤི་​ཚར་རི་འོད་དི་དཔང་རྟགས་​ཞིག་ཡིན་དིག) 35དོན་​དེ་​མཐོང་​མཁན་​མི་ཁོས་ཟང་གནས་ཚུལ་དེའི་སྐོར་ལེ་བདེན་པ་ཡིན་དི་དཔང་​པོ་བྱས་པི་དིག ཡང་དཔང་པོ་​དེ་​ནི་བདེན་པ་​ཡིན་དིག མི་ཁོས་རང་གིས་སྨྲས་པི་​དེ་བདེན་པ་​ཡིན་​དི་ཧ་གོ་​པི་མ་ཟད། ཁྱེད་ཀྱ་ཀྱིས་ཟང་ཁོང་​ལེ་​དད་པ་​བགྱིད་རྒྱུ་​ཆེད་དུ་ཡིན་དིག 36-37དོན་​དེ་ཀྱ་​ནི་​གསུང་རབ་​ཀྱི་​མདོ་​ནང་​ལེ། ཁོང་​གི་​རུས་པ་​གཅིག་​ཟང་​གཅོག་གྱི་མ་དིག་​ཟིན་​བྲིས་​པི་​ཅོག་འདྲ་དིང་། ཡང་​མདོ་​གཞན་​མ་ཞིག་​གི་​ནང་​ལེ། མི་དེ་ཀྱ་ཀྱིས་མི་སུ་ལེ་མདའ་​མདུང་བཙུགས་པི་ཡིན་ནི། མི་དེ་ལེ་བལྟ་གྱི་དིག་ཟིན་​གསུངས་​པི་དེ་ཟང་​བདེན་པ་​འགྲུབ་​རྒྱུ་ཆེད་དུ་འོ་དེ་གི་བྱུང་པི་དིག#19.36-37 ཚིགས་བཅད་འདི་ནི་ཐེགས་པ་ལེའུ་ 12 ཨང་ 46 དིང་། གྲངས་ཀ་ལེའུ་ 9 ཨང་ 12 དིང་། གསུང་མགུར་ 34 ཨང་ 20 དིང་། ཟ་ཀར་ཡཱ་ལེའུ་ 12 ཨང་ 10 ནང་ལེ་གཟིགས་རོགས།
ཡེ་ཤུའི་​སྐུ་ཕུང་བྲག་ཕུག་​ནང་​ལེ་བཅུག་པ།
38དོན་དེ་ཀྱ་​རྗེས་​ལེ། ཡུལ་​ཨ་རི་མ་ཐཱ་​ནས་ཡིན་དི་མིང་​ལེ་​ཡོ་སེབ་​ཟེར་མཁན་མི་​ཞིག་​འོད་དིག ཁོ་རང་ཡ་ཧུ་དཱ་པའི་​ཆོས་དཔོན་​ཀྱ་​ལེ་འཁྱར་ཕེན། གསང་བའི་ངང་ནས་ཡེ་ཤུའི་རྗེས་ལེ་འབྲང་མཁན་ཞིག་ཡིན་དིག ཁོ་རང་​སྤྱི་དཔོན་​པི་ལ་ཏིའི་དྲུང་​དུ་འོངས་ཏེ། ཡེ་ཤུའི་​ཕུང་པོ་འཁྱེར་​རྒྱུ་ལེ་ཆོག་མཆན་​ཞུས་​ཕེན། པི་ལ་ཏི་ཁོས་​ཟང་​ཡོ་སེབ་ལེ་​ཆོག་མཆན་​གནང་​པི་དིག དེ་ནས་ཁོས་​ཡེ་ཤུའི་​སྐུ་ཕུང་ག​དུང་​མ་​ཀུ་རུ་ཁ་​ནས་​མར་​ལེ་​བླངས་​ཏེ་​ཁྱེར་​རི་​དིག 39ཡང་​དེ་སྔོན་མཚེན་མོའི་དུས་ལེ་ཡེ་ཤུ་ལེ་མཇལ་​དུ་​འོང་​མཁན་ནཱི་ཀོ་དེམ་ཟེར་མཁན་ཁོས་​ཟང་​། ཡེ་ཤུའི་སྐུ་ཕུང་​ལེ་​བྱུགས་རྒྱུ་ཆེད་དུ། དྲི་​ཞིམ་​གྱི་བསྲེས་པའི་སྤོས་རྒྱ་མ་སུམ་ཅུ་སོ་ལྔ་ཚོད་​ཁྱེར་འོངས་པི་མ་ཟད། 40ཁོ་​གཉིས་​ཀྱིས་​ཡེ་ཤུའི་སྐུ་ཕུང་དེ་ཁྱེར་ཏེ། ཡ་ཧུ་དཱ་པའི་མི་རིགས་ཀྱ་ཀྱི་རོ་དུར་ལེ་འཇུག་གི་ལུགས་སྲོལ་​ཅོག་འདྲ་བྱས་ཏེ། དྲི་ཞིམ་གྱི་སྤོས་​བྱུགས་པའི་​འབུ་རས་​དེ་ཁོང་​གི་​ཕུང་པོ་ལེ་བཏུམས་​པི་​དིག 41ཡེ་ཤུ་ག​དུང་མ་​ཀུ་རུ་ཁའི་ལྟག་ག་ལེ་བརྒྱངས་​ཏེ་​བོར་སའི་​ཉེ་གྲམས་​ལེ་​མེ་ཏོག་ལྡུམ་ར་​ཞིག་​འོད་དིག ལྡུམ་ར་དེའི་​ནང་​ལེ་​རྩ་བ་ནས་རོ་བོར་མྱོང་མེད་མེད་དུར་ཁང་བགྱིད་ས་བྲག་ཕུག་གསར་པ་​ཞིག་​ཡོད་དིག 42ཉིན་མ་​དེ་​ནི་​ཡ་ཧུ་དཱ་པའི་​སྲོག་​ཐར་​རི་​དུས་ཆེན་​གྱི་​གྲ་སྒྲིག་​བགྱིད་​རྒྱུ་​ཉིན་མ་དེ་​ཡིན་​དི་མ་ཟད། དུར་ཁང་གི་བྲག་ཕུག་​དེ་ནི་​ཐག་​རིང་པོ་​མེད་​ཕེན། ཁོ་​གཉིས་​ཀྱིས་​བྲག་ཕུག་​དེའི་​ནང་​ལེ་​ཡེ་ཤུའི་སྐུ་​ཕུང་བོར་​ཏེ། ཕོང་གན་ཆེན་པོ་ཞིག་གིས་བྲག་ཕུག་དེའི་ཁ་​བཀག་​སྟེ་བོར་​རི་​དིག །

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in