ཡོ་ཧ་ནན། 20
20
ལེའུ་ཉི་ཤུ།
ཡེ་ཤུ་གྲོངས་ཏེ་ཡང་དང་སྐུ་གསོན་པོ་བྱུང་བ།
1དེ་ནས་གཟའ་ཉི་མའི་སྔ་རོག་ནམ་མ་ལངས་པའི་སྔོན་ལེ། མག་དལ་ཡུལ་ནས་ཡིན་མཁན་མིར་ཡམ་མོ་རང་བྲག་ཕུག་འོད་ས་འོངས་པི་དིག ཡིན་ནའང་། བྲག་ཕུག་དེའི་ཁ་ལེ་བཀག་སྟེ་བོར་རི་རྡོ་ཕོང་གན་དེ་ཕ་ལེ་འཕུལ་ཏེ་སྒོ་དང་ངེ་འོད་དི་མཐོང་ཕེན། 2བརྒྱུགས་ཡར་བཏང་སྟེ་ཡེ་ཤུས་ཐུགས་མཉེས་པོ་གནང་ས་སློབ་མ་ཁོ་དིང་། ཡང་སི་མོན་པེ་ཏྲོའི་རྩ་ལེ་ལོག་འོང་སྟེ། ཇོ་བོ་ཡེ་ཤུའི་སྐུ་ཕུང་དེ་མི་གཞན་གྱིས་བྲག་ཕུག་ནས་སྟོན་ཏེ་འཁྱེར་ཚར་རི་ཡིན་ཤག ཁོང་གི་སྐུ་ཕུང་དེ་ག་ན་ལེ་བོར་འོད་མེད་ཉེད་ཀྱ་ཀྱིས་ཧ་མ་གོ་བྱུང་སྨྲས་པི་དིག 3-4དེ་ནས་པེ་ཏྲོ་དིང་སློམ་གཞན་མ་ཁོང་གཉིས་ཟང་སྐྱེན་ལེ་བྲག་ཕུག་འོད་ས་ལེ་རྒྱུག་བུད་ཕེན། སློབ་མ་གཞན་མ་ཁོ་པེ་ཏྲོའི་སྔོན་ལེ་བྲག་ཕུག་གི་སྒོ་རྩ་ལེ་སླེབས་ལོང་མེད། 5ཁོས་མགོ་བསྒུར་བསྒུར་བྱས་ཏེ་བྲག་ཕུག་གི་ནང་ལེ་ལྟ་རྒྱ། ཁོང་གི་སྐུ་ཕུང་དེ་ལེ་བཏུམས་འོད་ཡོད་འབུ་རས་དེ་པ་རྐྱང་མཐོང་པི་དིག ཡིན་ནའང་། ནང་ལེ་མ་འཛུལ་ལི་དིག བྲག་ཕུག་གི་སྒོ་འགྲམ་ལེ་ཡར་ལངས་བསྡད་དི་དིག 6དེ་ནས་སི་མོན་པེ་ཏྲོ་ཁོ་ཟང་བྲག་ཕུག་དེ་རུ་སླེབས་ལོང་མེད། བྲག་ཕུག་གི་ནང་ལེ་འཛུལ་ཕེན། ཁོས་རས་དེ་པ་རྐྱང་མ་གཏོགས་གཞན་མ་མཐོང་པི་མ་ཟད། 7ཁོང་གི་དབུ་ལེ་བཏུམས་འོད་ཡོད་རས་དེ་ནི། ཁོང་གི་སྐུ་གཟུགས་ལེ་བཏུམས་འོད་ཡོད་འབུ་རས་དེ་རིང་སྐྱེན་ལེ་མེད་དི་ཟུར་གཞན་ཞིག་ལེ། ལྟེབ་རྩིག་བརྒྱབ་ཏེ་བོར་འོད་དི་མཐོང་པི་དིག 8དེ་ནས་བྲག་ཕུག་འོད་ས་ལེ་སྔོན་ལེ་སླེབས་མཁན་སློབ་མ་ཁོ་རང་ཟང་བྲག་ཕུག་གི་ནང་ལེ་འཛུལ་ཏེ་གནས་ཚུལ་དེ་ཀྱ་མཐོང་ཕེན་ཡིད་ཆེས་པི་དིག 9ཡིན་ནའང་། ཁོ་གཉིས་ཀྱིས་དཀོན་མཆོག་གི་གསུང་རབ་ཀྱི་མདོ་ནང་ལེ། ཁོང་གྲོངས་ཏེ་ཡང་དང་གསོན་པོ་འོང་གྱི་དིག་ཟེར་རི་དོན་དེའི་སྐོར་ལེ་ད་རུང་ཟང་ཧ་མ་གོ་པི་དིག 10དེ་ནས་ཁོ་རང་གཉིས་ཁྱིམ་ལེ་ལོག་བུད་དི་དིག
ཡེ་ཤུས་རང་གི་སྐུ་གཟུགས་མག་དལ་ལེ་མངོན་སུམ་བསྟན་པ།
11དེ་ནས་མག་དལ་གྱི་མིར་ཡམ་མོ་རང་ཟང་བྲག་ཕུག་དེའི་སྒོ་འགྲམ་དུ་ཡར་ལངས་ཏེ་ངུས་པི་མ་ཟད། མོས་མགོ་བསྒུར་བསྒུར་བྱས་ཏེ་བྲག་ཕུག་ནང་ལེ་བལྟས་ཕེན། 12ཁོང་གི་སྐུ་ཕུང་བོར་ས་དེ་རུ། གོས་དཀར་པོ་གྱོན་འོད་ཡོད་དཀོན་མཆོག་གི་ཕོ་ཉ་གཉིས་འོད་དི་མ་ཟད། ཕོ་ཉ་གཅིག་ནི་ཡེ་ཤུའི་དབུའི་ཕྱོགས་ལེ་ལངས་འོད་དིག ཡང་གཅིག་ནི་ཡེ་ཤུའི་ཞབས་ཀྱི་ཕྱོགས་ལེ་ལངས་བསྡད་འོད་དི་མོས་མཐོང་པི་དིག 13དེ་ནས་ཕོ་ཉ་དེ་གཉིས་ཀྱིས་མོ་ལེ། བུ་མའོ། ཁྱེད་རང་ཅིའི་དོན་ལེ་ངུ་བ་ཡིན་དོས་ཟིན་དྲིས་ཕེན། ངའི་ཇོ་བོའི་སྐུ་ཕུང་དེ་མི་གཞན་གྱིས་ཁྱེར་ཏེ་ག་ན་ལེ་བོར་འོད་མེད་ངས་ཧ་མི་གོ་འདུག་ཟིན་སྨྲས་པི་དིག 14ཡང་མོས་ཁ་ཕ་ལེ་བསྐོར་ལོང་མེད། ཡེ་ཤུ་དེ་རུ་ལངས་བསྡད་འོད་དི་མཐོང་ནའང་། མོས་ཁོང་ནི་ཡེ་ཤུ་ཡིན་དི་ངོ་མ་ཤེས་པི་དིག 15དེ་ནས་ཡེ་ཤུས་མོ་ལེ། བུ་མའོ། ཁྱོད་ཅི་ལེ་ངུ་བ་ཡིན་དོ། ཁྱོད་ཀྱིས་སུ་འཚོལ་ལི་དོ་ཟིན་དྲིས་ཕེན། མོས་མི་འདི་ནི་མེ་ཏོག་ལྡུམ་ར་སྲུང་མཁན་ཞིག་ཡིན་དིག་བསམས་ཏེ། མོས་མི་དེ་ལེ། རྒན། གལ་སྲིད་ཁྱེད་ཀྱིས་ཁོང་གི་སྐུ་ཕུང་འདི་ནས་ཕ་ལེ་ཁྱེར་རི་ཡིན་ནི། ག་ན་ལེ་བོར་འོད་མེད་ང་ལེ་གསུངས་རོགས་གནང་། ངས་ཁོང་ཕ་ལེ་འཁྱེར་འགྲོ་གྱི་ཡིན་ཟིན་སྨྲས་པི་དིག 16དེ་ནས་ཡེ་ཤུས་མོ་ལེ། མིར་ཡམ་ཟིན་གསུངས་ཕེན། དེ་ལོང་མེད་མོས་ཁོང་གི་ཕྱོགས་ལེ་ཁ་བསྐོར་ཏེ། ཡ་ཧུ་དཱ་པའི་སྐད་ནང་ལེ། རཱབ་བི་ཟིན་ཞུས་པི་དིག རཱབ་བི་ཟེར་རི་དོན་དེ་ནི་སློབ་དཔོན་ཟེར་རི་ཡིན་དིག 17དེ་ནས་ཡེ་ཤུས་མོ་ལེ། ང་ད་ལྟ་ཨ་ཀྱི་འོད་ས་ལེ་མ་བུད་འོད། ཁྱོད་ང་ལེ་མ་འཇུས་དང་། ཁྱོད་རང་ངའི་སློབ་མ་ཀྱ་འོད་ས་ལེ་ཕྱིན་ཏེ། ཁོང་ཀྱ་ལེ་ང་ནི་ངའི་ཨ་ཀྱི་དིང་། ཁྱེད་ཀྱ་ཀྱི་ཡབ། ངའི་དཀོན་མཆོག་དིང་། ཁྱེད་ཀྱ་ཀྱི་དཀོན་མཆོག་གི་དྲུང་དུ་ཡར་འགྲོ་བ་ཟིན་སྨྲོས་ལེད་ཟིན་གསུངས་པི་དིག 18དེ་ནས་མག་དལ་གྱི་མིར་ཡམ་མོ་རང་ཕ་ལེ་ལོག་འོངས་ཏེ་སློབ་མ་ཀྱ་ལེ། ང་ལེ་ཇོ་བོ་མཇལ་བྱུང་སྨྲས་པི་མ་ཟད། ཁོང་གིས་བསྐུར་རི་ལོན་དེ་ཟང་ཁོང་ཀྱ་ལེ་སྨྲས་པི་དིག
ཡེ་ཤུས་རང་གི་སྐུ་གཟུགས་སློབ་མ་ཀྱ་ལེ་མངོན་སུམ་བསྟན་པ།
19དེའི་གཟའ་ཉི་མའི་དགོང་མོ་སློབ་མ་ཀྱ་ཡ་ཧུ་དཱ་པ་ཀྱ་ལེ་འཁྱར་ཏེ། སྒོ་བརྟན་པོ་བརྒྱབ་ཏེ་བསྡད་འོད་དིག དེ་ལོང་མེད་ཁྱིམ་དེའི་ནང་ལེ་ཡེ་ཤུ་ཕེབས་འོངས་པི་མ་ཟད། ཁོང་ཀྱ་ཀྱི་དཀྱིལ་ལེ་ཡར་བཞེངས་ཏེ། ཁྱེད་ཀྱ་ལེ་ཞི་བདེ་འོང་བར་ཤོག་ཟིན་གསུངས་པི་དིག 20དེ་ནས་ཁོང་གིས་རང་གི་ཕྱག་དིང་རྩིབ་གཞོགས་ལེ་འོད་ཡོད་རྨ་རྗེས་དེ་ཁོང་ཀྱ་ལེ་བསྟན་ཕེན། སློབ་མ་ཀྱ་ཀྱིས་ཇོ་བོ་མཇལ་ལི་དེ་ལེ་སེམས་པ་དགའ་རི་འཇུ་གུ་བྱུང་པི་དིག 21ཡང་དང་ཡེ་ཤུས་ཁྱེད་ཀྱ་ལེ། ཞི་བདེ་འོང་བར་ཤོག ཨ་ཀྱིས་ང་བརྫངས་པི་ཅོག་འདྲ། ངས་ཟང་ཁྱེད་ཀྱ་རྫོངས་ཀྱི་ཡིན་ཟིན་གསུངས་པི་རྗེས་ལེ། 22ཁོང་ཀྱ་ལེ་ཞལ་ཕུ་བསྐྱོན་ཏེ། ཁྱེད་ཀྱ་ལེ་དཀོན་མཆོག་གི་ཐུགས་ཉིད་འཐོབ་པར་ཤོག 23ཁྱེད་ཀྱ་ཀྱིས་མི་སུའི་སྡིག་ཉེས་བསལ་ནི། མི་དེ་ཀྱ་ཀྱི་སྡིག་ཉེས་དེ་ཟང་བསལ་ཚར་རི་དིག ཡང་ཁྱེད་ཀྱ་ཀྱིས་མི་སུའི་སྡིག་ཉེས་དེ་མ་བསལ་ནི། མི་དེ་ཀྱ་ཀྱི་སྡིག་ཉེས་དེ་ཟང་བསལ་གྱི་མ་དིག་ཟིན་གསུངས་པི་དིག
ཡེ་ཤུས་རང་གི་སྐུ་གཟུགས་མངོན་སུམ་ཐོ་མཱ་ལེ་བསྟན་པ།
24ཡིན་ནའང་། ཁོང་རང་སློབ་མ་ཀྱ་ཀྱི་དཀྱིལ་ལེ་མངོན་སུམ་ཕེབས་གནང་རྒྱ། མཚེ་མ་ཟེར་རི་ཐོ་མཱ་ཁོ་རང་ནི་སློབ་མ་གཞན་མ་ཀྱ་ཀྱི་སྐྱེན་ལེ་མེད་དིག 25དེ་ནས་སློབ་མ་གཞན་མ་ཀྱ་ཀྱིས་ཁོ་ལེ། ཉེད་ལེ་ཇོ་བོ་མཇལ་བྱུང་ཟིན་སྨྲས་པི་དིག ཡིན་ནའང་། ཐོ་མཱ་ཁོས་གལ་སྲིད་ཁོང་གི་ཕྱག་ལེ་གཟེར་བརྒྱབ་རྗེས་རྨ་དིང་། ཁོང་གི་རྩིབ་གཞོགས་ལེ་མདུང་བཙུག་རྗེས་དེ་ལེ། ངའི་མཛུག་གུ་མ་བཅུག་བར་དུ་རྩ་བ་ནས་ང་ཡིད་ཆེས་བགྱིད་ཀྱི་མན་ཟིན་སྨྲས་པི་དིག 26དེ་ནས་ཞག་མ་བརྒྱད་བུད་འདི་རྗེས་ལེ། སློབ་མ་ཀྱ་ཡེ་རེ་སྐྱེན་ལེ། སྔོན་མ་སྡོད་སའི་ཁང་པའི་ནང་ལེ་སྒོ་བརྟན་པོ་བརྒྱབ་ཏེ་བསྡད་དི་དིག དེ་རྒྱ་ཐོ་མཱ་ཁོང་ཟང་སློབ་མ་ཀྱ་དིང་སྐྱེན་ལེ་འོད་དིག དེ་ནས་ཡེ་ཤུ་ཁང་པ་དེའི་ནང་ལེ་ཕེབས་འོངས་ཏེ། སློབ་མ་ཀྱ་ཀྱི་དཀྱིལ་ལེ་བཞེངས་ཏེ། ཁྱེད་ཀྱ་ལེ་ཞི་བདེ་འོང་པར་ཤོག་ཟིན་གསུངས་པི་དིག 27དེ་ནས་ཡེ་ཤུས་ཐོ་མཱ་ཁོ་ལེ། ད་ཁྱོད་ཀྱིས་རང་གི་མཛུག་གུ་ངའི་ལག་གི་རྨ་ལེ་འཇུས་ཏེ་ལྟོས་ཤིག ངའི་རྩིབ་གཞོགས་ལེ་མདུང་བཙུག་པའི་ནང་ལེ་ཁྱོད་ཀྱིས་ལག་ག་བརྐྱངས་ཏེ་ཆུག་ཅིག དད་པ་མེད་མེད་སེམས་དེ་སྤངས་ཏེ། དད་པ་གྱིས་ཤིག་ཟིན་གསུངས་པི་དིག 28དེ་ནས་ཐོ་མཱ་ཁོས། ཁྱེད་རང་ནི་ངའི་ཇོ་བོ་དིང་། ངའི་དཀོན་མཆོག་ཡིན་དིག་ཟིན་ཞུས་པི་དིག 29དེ་ནས་ཡེ་ཤུས་ཁྱོད་ཀྱིས་ང་མཐོང་སྟེ་དད་པ་བྱས་པི་དིག ང་མ་མཐོང་ནའང་ད་རུང་ང་ལེ་དད་པ་བགྱིད་མཁན་དེ་ཀྱ་བདེ་བ་ཆེའོ་ཟིན་གསུངས་པི་དིག
30ཡང་ཡེ་ཤུས་སློབ་མ་ཀྱ་ཀྱི་མདུན་དུ་ཡ་མཚན་གྱི་རྟགས་གཞན་མ་མང་པོ་བསྟན་གནང་པི་དེ་ཀྱ་ནི་མདོ་འདིའི་ནང་ལེ་བྲིས་མེད་དིག 31ཡིན་ནའང་། ཁྱེད་ཀྱ་ཀྱིས་ཡེ་ཤུ་ནི་སྐྱབས་མགོན་ཡིན་དི་དིང་། དཀོན་མཆོག་གི་སྲས་ཡིན་དི་དེ་ལེ་། དད་པ་བགྱིད་རྒྱུ་ཆེད་དུ། དོན་འདི་ཀྱ་བྲིས་འོད་དི་མ་ཟད། ཁོང་ལེ་དད་པ་བྱས་ཏེ། ཁྱེད་ཀྱ་ལེ་ཁོང་གི་མཚན་གྱི་བརྒྱུད་ནས་མཐའ་མེད་པའི་ཚེ་སྲོག་དེ་འཐོབ་རྒྱུ་ཆེད་དུ་ཡིན་དིག །
Currently Selected:
ཡོ་ཧ་ནན། 20: DLPO
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.