YouVersion Logo
Search Icon

ཡོ་ཧ་ནན། 12

12
ལེའུ་བཅུ་གཉིས།
མིར་ཡམ་​གྱིས་​ཡེ་ཤུའི་​ཞབས་​ལེ་​སྤོས་ཆུ་​བླུགས་​པ།
1དེ་ནས་​ཡང་​སྲོག་​ཐར་​རི་​དུས་ཆེན་​གྱི་​ཉིན་མ་​དྲུག་​གི་​སྔོན་​ལེ། ཡེ་ཤུ་​དིང་​སློབ་མ་​ཀྱ་​སྐྱེན་​ལེ་​པེ་ཐན་ཡཱ་​ཡུལ་​ལེ་​ཕེབས་​གནང་པི་​དིག ཡུལ་​དེ་ནི་​སྔོན་མ་​ཡེ་ཤུས་​དུར་ཁྲོད་​ནས་​ཡང་དང་​གསོན་​པོ་བསླངས་པའི་​ལཱ་ཟར་གྱི་ཡུལ་​ཡིན་དིག 2དེ་ནས་ཁོང་ཀྱ་ཀྱིས་ཡེ་ཤུའི་ཆེད་དུ་ཟ་མ་བཟོས་ཏེ། ནང་ལེ་ཡེ་ཤུ་མགྲོན་པོ་ལེ་བོད་པི་དིག ཡང་མར་ཐཱ་མོས་ཁོང་ཀྱ་ལེ་གསོལ་བཤམས་ཏེ་ཞུ་འདྲེན་བྱས་པི་མ་ཟད། ལཱ་ཟར་​ཁོ་རང་​ནི་​ཡེ་ཤུ་​དིང་​མགྲོན་པོ་​གཞན་མ་​ཀྱ་​ཀྱི་སྐྱེན་​ལེ་​བསྡད་འོད་དིག 3དེ་ནས་​མིར་ཡམ་​གྱིས་​ནཱར་དཱི་ཟེར་རི་མི་ཏོག་ནས་བཟོས་པའི་​ལྷད་​མེད་​མེད་​རེན་ཐང་​ཆེ་བའི་​དྲི་ཞིམ་གྱི་ཆུ་རྒྱ་མ་གཅིག་​ཁྱེར་​འོངས་ཏེ། ཡེ་ཤུའི་ཞབས་​ལེ་​བླུགས་​ཏེ་​རང་གི་​སྐྲས་ཁོང་​གི་​ཞབས་​འཕྱིས་​པི་​མ་ཟད། ཁྱིམ་​གྱི་ནང་ལེ་​ཟང་​སྤོས་​ཀྱི་​དྲི་མ་​ཁྱབ་​པི་​དིག 4ཡིན་ནའང་། རྗེས་མ་​ཡེ་ཤུ་​དགྲའི་​ལག་​ལེ་​གཏོད་​མཁན་​སློབ་མ་​ཡུ་དཱ་​ཨི་སི་ཀར་​རེ་ཟེར་​མཁན་​ཁོས། 5སྤོས་ཆུ་​འདི་དངུལ་གྱི་སྒོར་མོ་སུམ་བརྒྱ་ལེ་བཙོངས་​ཏེ། སྤྲང་པོ་ཀྱ་​ལེ་​བྱིན་ནི་ཅི་གི་​དགའ་​འོད་​དི་​གོ་སྨྲས་​པི་​དིག#12.5 དངུལ་གྱི་སྒོར་མོ་སུམ་བརྒྱ་དེ་ནི། ཁོང་ཀྱ་ཀྱིས་​ལོ་​གཅིག་​གི་ལས་ཀ་​བྱས་པའི་​གླ་​ཆ་དིང་མང་ཉུང་​གཅིག་པ་​ཡིན་དིག 6ཡིན་ནའང་། ཁོས་སློང་མཁན་​ཀྱ་​ལེ་​སྙིང་རྗེ་​སྐྱེས་ཏེ་འོ་དེ་གི་ཟེར་རི་མ་དིག ཁོ་​རང་རྐུན་མ་​ཡིན་​དི་​མ་ཟད། སློབ་མ་​ཀྱ་​ཀྱི་​དངུལ་ཁུག་གཉེར་​མཁན་​ཟང་ཡིན་​ཕེན། སྤོས་ཆུ་​དེ་​བཙོངས་​པི་​ཡིན་​ནི། ཨ་ལས་​དེ་​ནས་​ནི་​ཅུང་མ་​ཞིག་རྐུན་མ་​རྒྱག་​དགོས་​བསམས་པི་དིག 7དེ་ནས་​ཡེ་ཤུས་​མོ་ལེ་སྡུག་པོ་མ་གཏོང་ཞིག མོ་རང་གི་འདོད་པ་ལེ་བོར་དང་། དེ་ནི་ང་དུར་ཁང་ལེ་འཇུག་གི་ཉིན་མོའི་དོན་ལེ་ཡིན་དིག 8སློང་མཁན་​ཀྱ་​ནི་​དུས་​རྟག་ཏུ་​ཁྱེད་ཀྱ་ཀྱི་​སྐྱེན་​ལེ་​འོད་དིག ཡིན་ནའང་​། ང་​ནི་དུས་​རྟག་​ཏུ་​ཁྱེད་ཀྱ་ཀྱི་​སྐྱེན་​ལེ་​མེད་​དིག་ཟིན་གསུངས་​པི་​དིག
ལཱ་ཟར་ཁོ་ལེ་ཟང་གསོད་རྒྱུ་ཇུས་ངན་བྱས་པ།
9དེ་ནས་​ཡ་ཧུ་དཱ་པའི་​མི་ཚོགས་​མང་པོ་ཞིག་གིས་​ཡེ་ཤུ་​ཟང་​པེ་ཐན་ཡཱ་​ཡུལ་​ལེ་​བཞུགས་​འོད་​དི་​ཐོས་​ཕེན། མི་ཚོགས་​དེ་​ཀྱ་​ཡེ་ཤུ་​མཇལ་​དུ་​འོངས་​པི་​མ་ཟད། ཁོང་​གིས་​གསོན་པོ་​བསླངས་པའི་​ལཱ་ཟར་​ཁོ་ལེ་ཧ་ལས་​ཏེ་ལྟ་རུ་​འོངས་པི་​དིག 10ཡིན་ནའང་​། ཡ་ཧུ་དཱ་པའི་​མཆོད་པ་འབུལ་མཁན་ཀྱ་ཀྱིས་​ལཱ་ཟར་ཁོ་གསོད་​རྒྱུ་ཆེད་དུ་​ཇུས་​བྱས་​པི་​དིག 11ཅི་ལེ་​ཟེར་​ནི། ལཱ་ཟར་ཁོ་རང་ནི་ཡང་དང་གསོན་པོ་​བྱུང་བའི་​རྐྱེན་​གྱིས་​ཡ་ཧུ་དཱ་པའི་​མི་​མང་པོ་​ཞིག་​གིས་​ཟང་། ཡ་ཧུ་དཱ་པའི་​མཆོད་པ་འབུལ་མཁན་​ཀྱ་​ལེ་​དད་པ་མ་བྱས་ཏེ་ཡེ་ཤུ་​ལེ་​དད་པ་​བྱས་པི་རྐྱེན་གྱི་ཡིན་དིག
ཡེ་ཤུ་​ཡེ་རུ་ས་གླིང་​གི་​རྒྱལ་ས་​ལེ་​ཕེབས་པ།
12དེའི་​སྔ་དྲོ་​སྲོག་​ཐར་​རི་དུས་ཆེན་​ལེ་འོང་མཁན་​མི་ཚོགས་​མང་པོ་​ཞིག་​གིས་​ཡེ་ཤུ་ནི། ཡེ་རུ་ས་གླིང་​རྒྱལ་​ས་​ལེ་​ཕེབས་​འགྲོ་བ་​ལབ་​ཐོས་​ཕེན། 13མི་ཚོགས་​དེ་​ཀྱ་​ཀྱིས་​ལག་ག་​ལེ་​ཏ་ལའི་སྡོང་པོའི་​ཡལ་ག་​འཁྱེར་​ཏེ། ཁྱེད་ལེ་བསྟོད་པར་ཤོག དཀོན་མཆོག་​གི་​མཚན་ནས་​ཕེབས་​མཁན་​ཡི་སི་ར་ཨེལ་གྱི་རྒྱལ་པོ་​ཁྱེད་ལེ་​བྱིན་གྱིས་རླབས་པར་ཤོག་ཟིན་​སྐད་​ཆེན་པོས་​ངང་​ནས་​ཕེབས་བསུ་​ཞུས་​པི་​དིག#12.13 གེ་རིག་ཟེར་ལུགས་ནང་ལེ། ཧོ་ཟན་ནཱ་ཟིན་འོད་དིག དེའི་དོན་དག་ནི། ཁྱེད་ལེ་བསྟོད་པར་ཤོག་ཟེར་རི་ཡིན་དིག གསུང་མགུར་ལེའུ་ 118 ཨང་ 25-26 ནང་ལེ་གཟིགས་རོགས། 14དེ་ནས་​ཡེ་ཤུ་​ལེ་ལོ་གཉིས་ཚོད་ཡིན་དི་བོང་ཕྲུག་ཞིག་འབྱོར་ཕེན། ཁོང་རང་དེའི་ལྟག་ག་ལེ་​བཅིབས་པི་དིག ཡང་​དེའི་​སྐོར་​ལེ་​དཀོན་མཆོག་​གི་​གསུང་རབ་​ཀྱི་​མདོ་​ནང་​ལེ་​ཟང་​།
15ཛ་ཡོན་​ཡུལ་གྱི་མི་​ཀྱ། །
འཁྱར་སྣང་མ་བགྱིད་ཅིག །
ལྟོས་དང་། ཁྱེད་ཀྱ་ཀྱི་རྒྱལ་པོ་ནི། །
ད་ལྟ། མི་སུས་བཞོན་མྱོང་མེད་དི། །
བོང་ཕྲུག་ཞིག་ལེ་བཅིབས་ཏེ་ཕེབས། །
ཟིན་བྲིས་པི་ཅོག་འདྲ་གྲུབ་པི་དིག#12.15 ཛ་ཡོན་ཡུལ་མི་ཀྱ་ཟེར་རི་དོན་ནི། ཡ་ཧུ་དཱ་མི་རིགས་ཀྱ་ལེ་ཟེར་རི་ཡིན་དི་མ་ཟད། ཡང་ཡེ་རུ་ས་གླིང་རྒྱལ་སའི་མིང་གཞན་ཞིག་ཟང་ཡིན་དིག ཚིགས་བཅད་འདི་ནི་ཟ་ཀར་ཡཱ་ལེའུ་ 9 ཨང་ 9 ནང་ལེ་གཟིགས་རོགས། 16དེ་རྒྱ་​ཁོང་​གི་​སློབ་མ་​ཀྱ་​ཀྱིས་​དོན་​འདི་ཀྱ་ཧ་​མ་​གོ་​པི་དིག ཡིན་ནའང་། ཡེ་ཤུ་​གྲོངས་ཏེ་​ཡང་དང་​སྐུ་​གསོན་པོ་​བཞེངས་པི་རྗེས་ལེ། དཀོན་མཆོག་​གི་​གཟི་བརྗིད་​མཐོང་ཕེན། གསུང་རབ་​ནང་​ལེ་​བྲིས་​པི་དོན་དེ་​ཀྱ་ནི་ཁོང་​གི་​སྐོར་​ལེ་​བྲིས་​པི་​དིང་། ཡང་མི་གཞན་གྱིས་ཁོང་ལེ་ཅི་བྱས་པི་དེ་ཀྱ་དྲན་པ་སད་དི་​དིག 17ཡེ་ཤུས་​ལཱ་ཟར་​དུར་ཁྲོད་​ནས་​ཡང་དང་​གསོན་པོ་​བསླངས་​པི་དེའི་སྐོར་ལེ་​མཐོང་​མཁན་​མི་ཚོགས་​ཀྱ་​ཀྱིས་​ཡེ་ཤུ་སྐོར་​ལེ་མི་གཞན་མ་ཀྱ་ལེ་དཔང་པོ་བགྱིད་​འོད་​ཕེན། 18དེ་རུ་​འོད་ཡོད་​མི་ཚོགས་​ཀྱ་​ཀྱིས་​ཟང་​ཁོང་​གིས་​ཡ་མཚན་​གྱི་​རྟགས་​བསྟན་​པི་འདི་​ལེ་བརྟེན་ཏེ། ཁོང་​ལེ་མཇལ་​དུ་​འོངས་པི་​དིག 19དེ་ནས་​ཕཱ་རུ་ཤི་པ་​ཀྱ་​ཕན་ཚུན་​གཅིག་གིས་​གཅིག་​ལེ། ལྟོས་​དང་​། འཇིག་རྟེན་ཀུན་ཁོའི་​རྗེས་​ལེ་​འབྲང་​འགྲོ་འདུག འུ་ཀྱ་ཀྱིས་ཅི་བྱས་​པི་དེ་ཡེ་རེ་​ནི་སྟོང་པ་​ཡིན་དིག་​ཟིན་​འོད་དིག
ཡེ་ཤུས་རང་དགྲོང་རྒྱུ་ཡིན་དི་སྐོར་ལེ་ལུང་བསྟན་པ།
20ཡང་ས་ཆ་དེ་རུ་སྲོག་​ཐར་​རི་​དུས་ཆེན་​ལེ་འོངས་པའི་མི་ཚོགས་ཀྱ་ནང་​ནས། གེ་རིག་པ་ཁ་ཤས་​ཞིག་ཟང་​འོད་དིག#12.20 གེ་རིག་ཟེར་རི་དོན་དེ་ནི། མི་དེ་ཀྱ་ཡ་ཧུ་དཱ་པའི་མི་རིགས་མ་དིག མི་དེ་ནི་ཡ་ཧུ་དཱ་པའི་ཆོས་ལེ་དད་པ་བགྱིད་མཁན་ཡིན་དི་མ་ཟད། དཀོན་མཆོག་ལེ་གསོལ་བ་སྨོན་ལམ་འདེབས་གྱོ་འོད་དིག 21ཡང་​མི་དེ་​ཀྱ་​ཀྱིས་​ག་ལིལ་ལུང་པའི་ཁོངས་​གཏོགས་​ལེ་​འོད་ཡོད་​པེ་སད་དཱ་​ཟེར་​རི་​ཡུལ་​ནས་​ཡིན་​མཁན་མིང་​ལེ་​ཕི་ལིབ་​ཟེར་མཁན་​ཁོའི་​དྲུང་དུ་​བཅར་​ཏེ། ཕི་ལིབ། ཉེད་​ཀྱ་​ཡེ་ཤུ་​མཇལ་​འདོད་​འདུག་​ཟིན་​ཞུས་​པི་དིག 22དེ་ནས་ཕི་ལིབ་​ཀྱིས་​ཨན་དྲི་ཡཱ་​ཟེར་མཁན་​ཁོ་འོད་ས་​ལེ་​ཕྱིན་​ཏེ་ལབ་​དེ་སྨྲས་པི་​དིག དེ་ནས་​ཨན་དྲི་ཡཱ་​དིང་​ཕི་ལིབ་​ཁོ་གཉིས་​ཟང་​ཡེ་ཤུའི་​དྲུང་​དུ་​ཕྱིན་​ཏེ། མི་​འདི་​ཀྱ་​ཀྱིས་​ཅི་སྨྲས་​པི་དེ་​ཁོང་​ལེ་​ཞུས་​པི་​དིག 23དེ་ནས་​ཡེ་ཤུས་ཁོང་གཉིས་ལེ། ད་མིའི་​བི་སའི་གཟི་བརྗིད་​མངོན་པར་འགྱུར་​བའི་དུས་​དེ་སླེབས་​པི་​དིག 24ང་ཁྱེད་ཀྱ་ལེ་བདེན་ཟེར་རོ། གྲོའི་འབྲུ་རྡོག་སའི་ནང་ལེ་ཐིམ་སྟེ་མ་ཤི་​པི་​ཡིན་​ནི། འབྲུ་རྡོག་དེ་གཅིག་རང་ལེ་ལུས་ཀྱི་དིག ཡིན་ནའང་། འབྲུ་རྡོག་དེ་སའི་ནང་ལེ་ཐིམ་སྟེ་ཤི་​པི་​ཡིན་ནི། འབྲས་བུ་​མང་པོ་སྐྱེ་ཀྱི་དིག 25ཡང་​འཇིག་རྟེན་​འདིའི་​ནང་​ལེ་​མི་​སུ་ཞིག་གིས་​རང་གི་​སྲོག་​ལེ་​གཅེས་པོ་​བགྱིད་​མཁན་​དེ། རང་གི་སྲོག་​ཤོར་གྱི་དིག ཡང་​མི་​སུ་ཞིག་གིས་​ངའི་​ཆེད་དུ། རང་གི་སྲོག་​བློས་​གཏོང་​མཁན་དེ་ལེ། མཐའ་​མེད་​པའི་​ཚེ་སྲོག་​འཐོབ་​རྒྱུ་ཆེད་དུ་རང་སྲོག་​སྐྱོབ་​ཀྱི་​དིག 26ཡང་​མི་​སུ་ཞིག་གིས་​ངའི་​སློབ་མ་​བགྱིད་​འདོད་​འོད་​ནི། ང་​ག་​འགྲོའི་ས​་ལེ་​འབྲངས་​དགོས་འོད་དི་མ་ཟད། ཡང་​ང་​ལེ་​ཞབས་ཕྱི་​རྒྱུགས་​མཁན་​ཀྱ་​ལེ། ངའི་ཨ་ཀྱིས་​ཟང་​མི་​དེ་ལེ་བརྩི་​བཀུར་གནང་གྱི་དིག་​ཟིན་གསུངས་​པི་​དིག
27དེ་ནས་ཁོང་​གིས། ང་ཅི་ཟེར་རྒྱུ། ངའི་སེམས་ལེ་དཀའ་ངལ་ཆེན་པོ་འདུག ངའི་​ཨ་ཀྱི་ཁྱེད་ཀྱིས་ང་​དཀའ་ངལ་​གྱི་དུས་འདི་​ནས་​སྐྱོབ་​རོགས་ཟེར་རྒྱུ། དེ་འོང་མི་སྲིད། ཅི་​ལེ་ཟེར་​ནི། ང་​དོན་​འདིའི་ཆེད་དུ་འཇིག་རྟེན་​ལེ་འོངས་པི་ཡིན་ཟིན་གསུངས་པི་དིག 28ངའི་ཨ་ཀྱི་ཁྱེད་​ཀྱི་​མཚན་​གཟི་བརྗིད་​འོང་​བར་ཤོག་​ཟིན་གསུངས་​ཕེན། དེ་ལོང་མེད་​ནམ་མཁའ་​ནས་གསུང་སྐད་ཞིག་གིས་ངས་​གཟི་བརྗིད་​བསྟན་​ཚར་​རི་​མ་ཟད། ཡང་དང་​དེ་ཅོག་འདྲ་གཟི་བརྗིད་​སྟོན་​གྱི་​ཡིན་ཟེར་རི་​ཐོས་​པི་​དིག 29ཡང་​དེ་རྒྱ་གཡས་​གཡོན་​ལེ་​ལངས་​བསྡད་​འོད་​ཡོད་​མི་​ཀྱ་​ཀྱིས་​སྐད་​དེ་ཐོས་​ཕེན། མི་ལ་ལས་​དེ་འབྲུག་​སྐད་​བརྒྱབ་པི་དིག་​ཟེར་​རི་​དིང་​། ཡང་​མི་ལ་ལས་​དཀོན་མཆོག་​གི་​ཕོ་ཉ་​ཞིག་​གིས་​ཁོང་​ལེ་​གསུངས་​པི་​ཡིན་དིག་​ཟིན་​འོད་དིག 30དེ་ནས་​ཡེ་ཤུས་མི་དེ་ཀྱ་ལེ། སྐད་​འདི་​ངའི་​ཆེད་དུ་​མ་​དིག ཁྱེད་​ཀྱ་​ཀྱི་​ཆེད་དུ་​ཡིན་དིག 31ད་​འཇིག་རྟེན་​འདི་ལེ་​ཁྲིམས་​གཅོད་​བགྱིད་དི་དུས་​དེ་སླེབས་​འདུག འཇིག་རྟེན་​འདིའི་དབང་​འཛིན་​མཁན་​གྱི་ལག་ལེ་གཏོད་རྒྱུ་དུས་དེ་སླེབས་འདུག#12.31འཇིག་རྟེན་ལེ་དབང་འཛིན་མཁན་ཟེར་རི་དོན་དེ་ནི། བདུད་ཀྱི་རྒྱལ་པོ་ལེ་ཟེར་རི་ཡིན་དིག 32ཡང་ང་རང་ནི་​ས་​ནས་​གྱེན་​ལེ་​སློང་རྒྱ། མི་​ཡེ་རེ་​ངའི་​དྲུང་དུ་གདན་​འདྲེན་གྱི་ཡིན་​ཟིན་གསུངས་​པི་​དིག 33གསུངས་​འདིའི་​དོན་དག་དེ་​ནི། ཡེ་ཤུ་​ཅི་གི་​བྱས་​ཏེ་​གྲོངས་​རྒྱུ་​ཡིན་​དི་སྐོར་​ལེ་​གསུངས་གནང་པི་དིག 34འོ་དེ་ལེ་བརྟེན་ཏེ། མི་ཚོགས་​ཀྱ་​ཀྱིས་ཁོང་ལེ། ཉེད་ཀྱ་ཀྱིས་​དཀོན་མཆོག་​གི་​གསུང་རབ་​ནང་​ལེ། སྐྱབས་མགོན་​ཁོང་​ནི་​དུས་རྟག་​ཏུ་​བཞུགས་​འོད་​ཟིན་​ཐོས་​བྱུང་​། ཡིན་ནའང་​། ཁྱེད་​ཀྱིས་​མིའི་​བི་ས་ནི་​ས་ནས་​གྱེན་​ལེ་​བསླང་​དགོས་​འོད་དིག་​ཟེར་​རི་​རྒྱུ་མཚན་​དེ་ཅི་​ཡིན་​གོ། མིའི་​བི་ས་​ཟེར་མཁན་​དེ་སུ་​ཡིན་​གོ་​ཟིན་​དྲིས་​པི་དིག 35དེ་ནས་ཡེ་ཤུས་​མི་དེ་ཀྱ་ལེ། དུས་ཚོད་​ཐུང་​མ་ཞིག་​གི་​རིང་​ལེ། འོད་ཟེར་​དེ་ནི་ཁྱེད་ཀྱ་ཀྱི་​སྐྱེན་​ལེ་​བཞུགས་འོད་དིག ཁྱེད་རང་​ཀྱ་​མུན་ནག་​གི་​དབང་​འོག་​ལེ་​མི་​ཚུད་པའི་​ཆེད་དུ་། ད་ལྟ་​འོད་ཟེར་བཞུགས་པའི་དུས་ལེ་​རྒྱུགས་​ཤིག མུན་ནག་​ནང་​ལེ་​འགྲོ་​མཁན་​དེ་​ག་ན་​འགྲོ་​དགོས་​འོད་​མེད་​ཧ་​མི་​གོ་​འོད་དིག 36འོད་ཟེར་བཞུགས་པའི་དུས་ལེ། འོད་​ཟེར་ལེ་དད་པ་​གྱིས་​ཤིག དེ་ནས་འོད་ཀྱི་སྲས་​དིང་​སྲས་མོ་​འོང་​གྱི་​དིག་​ཟིན་གསུངས་​པི་​རྗེས་​ལེ། ཡེ་ཤུ་མི་དེ་ཀྱ་དིང་ཁ་འབྲལ་ཏེ། ཁོང་རང་མི་དེ་ཀྱ་ལེ་ཡིབས་ཏེ་བཞུགས་པི་​དིག
ཡ་ཧུ་དཱ་པ་ཀྱ་ཀྱིས་ཡེ་ཤུ་ལེ་དད་པ་མ་བྱས་པ།
37དེ་ནས་​ཡང་​ཡེ་ཤུས་​མི་​དེ་​ཀྱ་​ཀྱི་​མིག་​མཐོང་​ས་​ལེ་​ཡ་མཚན་​གྱི་​རྟགས་​མང་པོ་​བསྟན་​ནའང་། མི་​དེ་​ཀྱིས་​ཁོང་​ལེ་​དད་པ་​མ་​བྱས་​པི་​དིག 38འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱའི་ལུང་བསྟན་འགྲུབ་རྒྱུ་ཆེད་དུ་ཡིན་དིག ཅི་ལེ་ཟེར་ནི། ཁོང་གིས།
ཇོ་བོ། འུའི་​གཏམ་བཟང་​འདི་​ལེ་​མི་​སུས་​ཡིད་​ཆེས་​རྒྱུ། །
ཇོ་བོས་རང་གི་ནུས་​མཐུ་དེ་སུ་ལེ་མངོན་པར་མཛད། །
ཟིན་བྲིས་​འོད་དིག#12.38 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 53 ཨང་ 1 ནང་ལེ་གཟིགས་རོགས། 39ཡང་​མི་​དེ་​ཀྱ་​ཀྱིས་​དད་པ་​བགྱིད་​མི་​ནུས་​པའི་རྒྱུ་མཚན་​དེ་ནི། ལུང་སྟོན་པ་​ཡེ་ཤ་ཡཱའི་​མདོ་​ནང་​ལེ།
40ཇོ་བོས་མི་དེ་ཀྱ་ཀྱི་མིག་ཞར་དུ་བཅུག །
མི་དེ་ཀྱ་ཀྱི་སེམས་པ་ཟང་གྱོང་པོ་བཟོས། །
མི་དེ་ཀྱ་ཀྱི་མིག་གིས་མ་མཐོང་པི་དིག །
ཡང་སེམས་ཀྱིས་ཟང་ཧ་མ་གོ་པི་དིག །
གལ་སྲིད་མི་དེ་ཀྱ་ངའི་དྲུང་དུ་འོང་ནི། །
ངས་མི་དེ་ཀྱ་ལེ་དྲག་ཏུ་འཇུག་གྱི་ཡིན། །
ཟིན་བྲིས་པི་དེ་ཅོག་འདྲ་གྲུབ་པི་དིག#12.40 ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 6 ཨང་ 10 ནང་ལེ་གཟིགས་རོགས། 41ཅི་ལེ་​ཟེར་​ནི། ལུང་སྟོན་པ་​ཡེ་ཤ་ཡཱས་​ཡེ་ཤུའི་​གཟི་བརྗིད་​དེ་མཐོང་ཕེན། ཁོང་​གི་​སྐོར་​ལེ་​འོ་དེ་གི་​སྨྲས་པི་​དིག 42དེ་ནས་​ཡང་​ཡ་ཧུ་དཱ་པའི་​དཔོན་རིགས་​ཀྱ་​ནང་​ནས་​མི་​མང་པོ་​ཞིག་​ཡེ་ཤུ་​ལེ་​དད་པ་​བྱས་​པི་​དིག ཡིན་ནའང་​། ཕཱ་རུ་ཤི་པ་​ཀྱ་​ཀྱིས་​ཡ་ཧུ་དཱ་པའི་​ཚོགས་ཁང་​ནས་​ཕྱི་​ལེ་​འབུད་​འོང་བསམས་​ཏེ་​འཇིགས་གྱོ་​འོད་​ཕེན། མངོན་སུམ་​དུ་​ལབ་​གླེང་​བགྱིད་​མ་​ནུས་པི་​དིག 43ཅི་ལེ་​ཟེར་​ནི། མི་​དེ་ཀྱ་​དཀོན་མཆོག་​གི་བསྟོད་པ་​ལས་​ལྷག་​ཚོད་​མིས་བསྟོད་པ་​བཏང་པི་དེ་ལེ་དགའ་རི་བ​གྱིད་​འོད་དིག
ཡེ་ཤུས་དཀོན་མཆོག་གི་བཀའ་གསུངས་པ།
44དེ་ནས་​ཡེ་ཤུས་​གསུངས་​སྐད་​ཆེན་པོས་​ངང་​ནས། མི་​སུ་ཞིག་གིས་​ང་​ལེ་​དད་པ་​བྱས་​ནི། ང་​རྫོང་​མཁན་​དཀོན་མཆོག་​ལས་​ཟང་​དད་པ་​བྱས་​པི་​དིག 45ཡང་​མི་​སུ་ཞིག་གིས་​ང་​མཐོང་​པི་​ཡིན་​ནི། ང་​རྫོང་​མཁན་​ཁོང་​ཟང་​མཐོང་​པི་​དིག 46ང་​ལེ་​དད་པ་​བགྱིད་​མཁན་​ཡེ་རེ་​མུན་ནག་​ནང་​ལེ་​མི་​ལུས་པའི་​ཆེད་དུ། ང་​ནི་​འཇིག་རྟེན་​མུན་ནག་​འདི་རུ་འོད་ཟེར་ཅོག་འདྲ་​འོངས་པི་​ཡིན། 47ཡང་​མི་​སུ་ཞིག་གིས་​ངའི་བཤད་པའི་བཀའ་​ཐོས་​ཏེ་མཉན་​ནི། ངས་​མི་​དེ་​ལེ་​ཁྲིམས་​གཅོད་​རྒྱུ་​མན། ཅི་ལེ་​ཟེར་​ནི། ང་​མི་​ཡེ་རེ་​སྐྱོབ་​དུ་​འོངས་པི་​མ་གཏོགས་​ཞིག་​ལེ། ང་འཇིག་རྟེན་ལེ་ཁྲིམས་​གཅོད་​བགྱིད་དུ་​འོངས་​པི་​མན། 48ཡང་​ང་​རིང་​ངའི་​བཀའ་​ལེ་མི་ཉན་མཁན་ལེ་ཁྲིམས་གཅོད་བགྱིད་མཁན་​ཞིག་​འོད་དིག ངས་​བཤད་པའི་​བཀའ་​དེ་རང་གིས​་​དུས​་​ཀྱི་མཐའ་མའི་​ཉིན་མོ་​ལེ་​ཁྲིམས་གཅོད་​བགྱིད་​ཀྱི་​དིག 49ཅི་ལེ་​ཟེར་​ནི། ངས་​ང་རང་​ལེ་​བརྟེན་ཏེ་གཏམ་​བཤད་དི་​མན། ང་​རྫོང་​མཁན་​ཨ་ཀྱིས་​ང་ལེ་ཅི་ཟེར་དགོས་པའི་བཀའ་གནང་བྱུང་། 50ངའི་​ཨ་ཀྱིས་​གནང་བའི་​བཀའ་​དེ་​ལེ་​མཐའ་​མེད་​པའི་​ཚེ་སྲོག་​གནང་​ཐུབ་​པའི་ནུས་​མཐུ་​འོད་​དི་​ངས་​ཧ་གོ་​འོད། ངས་​ཅི་བཤད་དི་དེ་​ནི། ངའི་​ཨ་ཀྱིས་​ང་​ལེ་​གསུངས་​པི་ཅོག་འདྲ་​ཤོད་གྱོ་འོད་ཟིན་གསུངས་​པི་​དིག །

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in