ཡོ་ཧ་ནན། 11
11
ལེའུ་བཅུ་གཅིག
ལཱ་ཟར་ཤི་པ།
1དེ་ནས་ཡང་ལཱ་ཟར་ཟེར་མཁན་མི་ནད་པ་ཞིག་པེ་ཐན་ཡཱ་ཡུལ་ལེ་སྡོད་གྱོ་འོད་དིག པེ་ཐན་ཡཱ་ཡུལ་ལེ་ཁོའི་སྤུན་མིར་ཡམ་དིང་མར་ཐཱ་ཟེར་མཁན་བུ་མའ་དེ་གཉིས་ཟང་སྡོད་གྱོ་འོད་དིག 2མིར་ཡམ་མོ་རང་ནི་སྔོན་མ་ཇོ་བོ་ཡེ་ཤུའི་ཞབས་ལེ་སྤོས་ཆུ་བླུགས་ཏེ་རང་གི་སྐྲས་ཁོང་གི་ཞབས་འཕྱིས་མཁན་དེ་ཡིན་དིག མོའི་ནུ་བོ་ལཱ་ཟར་ཁོ་ནི་ནད་པ་ཡིན་དིག 3དེ་ནས་མར་ཐཱ་དིང་མིར་ཡམ་ཁོང་གཉིས་ཀྱིས་ཡེ་ཤུ་ལེ། ཇོ་བོ། ཁྱེད་ཀྱི་མཛའ་རོགས་ལཱ་ཟར་ཁོ་ནི། ད་ལྟ་ནད་པ་བྱུང་འདུག་ཟིན་ཁས་ལེན་བསྐུར་རི་དིག 4དེ་ནས་ཡེ་ཤུས་ཁས་ལེན་དེ་གསན་ཏེ། ཁོང་གིས་ན་ཚ་དེ་ནི་ཤི་རྒྱུ་ལེ་ཐུག་པའི་ན་ཚ་མ་དིག དཀོན་མཆོག་གིས་གཟི་བརྗིད་མཐོང་རྒྱུ་ཆེད་དུ་ཡིན་ཕེན། དཀོན་མཆོག་གི་སྲས་ལེ་མི་ཀྱ་ཀྱིས་བསྙེན་བཀུར་བགྱིད་རྒྱུ་ཆེད་དུ་ན་ཚ་དེ་བྱུང་པི་དིག་ཟིན་གསུང་པི་དིག 5ཡེ་ཤུས་མིར་ཡམ་དིང་། མར་ཐཱ། ལཱ་ཟར་ཁོང་གསུམ་པོ་ལེ་བྱམས་བརྩེ་བ་འཇུ་གུ་བགྱིད་འོད་དིག 6ཡིན་ནའང་། ཡེ་ཤུས་ལཱ་ཟར་ནད་པ་ཡིན་དི་ལབ་ཐོས་ཕེན། ཁོང་རང་གི་བཞུགས་སའི་ས་ཆ་དེ་ད་རུང་ཉིན་མ་གཉིས་བཞུགས་པི་དིག 7དེ་ནས་ཁོང་གིས་རང་གི་སློབ་མ་ཀྱ་ལེ། ད་འོ་རང་ཀྱ་ཡང་དང་ཡ་ཧུ་དཱ་པའི་ལུང་པ་ལེ་འགྲོ་ཟིན་གསུངས་ཕེན། 8སློབ་མ་ཀྱ་ཀྱིས། རཱབ་བི། ཁ་སང་རང་ཡ་ཧུ་དཱ་པ་ཀྱ་ཀྱིས་ཁྱེད་ལེ་རྡོ་བརྒྱབ་སྟེ་གསོད་རྒྱུ་བྱས་འོད་ནའང་། ཡང་དང་ཡུལ་དེ་ལེ་འགྲོ་འདོད་འདུག་གས་ཟིན་ཞུས་པི་དིག 9དེ་ནས་ཡེ་ཤུས་ཁོང་ཀྱ་ལེ། ཉིན་མ་གཅིག་ལེ་ཆུ་ཚོད་བཅུ་གཉིས་འོད་དི་མ་གས། ཉིན་མོ་ལམ་ལེ་འགྲོ་མཁན་དེ་ཀྱ་ཀྱིས་འཇིག་རྟེན་འདིའི་འོད་ཟེར་མཐོང་ཕེན། ས་ལེ་རྐང་པ་ཐོགས་ཏེ་མི་འགྱེལ་འོད་དིག 10ཡིན་ནའང་། མི་སུ་ཞིག་མཚན་མོ་ལམ་ལེ་ཕྱིན་ནི། མི་དེ་ཀྱ་ལེ་འོད་ཟེར་མེད་ཕེན་ས་ལེ་རྐང་པ་ཐོགས་ཏེ་འགྱེལ་གྱི་དིག་ཟིན་གསུངས་པི་དིག 11ཡང་དེ་རྗེས་ལེ་ཁོང་གིས་འུའི་རོགས་པོ་ལཱ་ཟར་ཁོ་གཉིད་ཤོར་འོད་ཕེན། ང་ཁོ་གཉིད་གསོད་རྒྱུ་ཆེད་དུ་འགྲོ་ཡིན་ཟིན་གསུངས་པི་དིག 12དེ་ནས་སློབ་མ་ཀྱ་ཀྱིས། ཇོ་བོ། ལཱ་ཟར་གཉིད་ཤོར་འོད་ནི་དྲག་འོང་གྱི་དིག་ཟིན་ཞུས་པི་དིག 13ཡིན་ནའང་། ཁོང་གིས་ལཱ་ཟར་ཤི་ཚར་རི་མཁྱེན་གནང་ཕེན། འོ་དེ་གི་གསུངས་པི་དིག ཡང་སློབ་མ་ཀྱ་ཀྱིས་ཡེ་ཤུས་ལཱ་ཟར་ཁོ་རང་ངོ་ཐོག་གཉིད་ཤོར་རི་སྐོར་ལེ་གསུངས་པི་དིག་བསམས་ཏེ་གོ་ནོར་ཐེབས་པི་དིག 14འོ་དེ་ལེ་བརྟེན་ཏེ། ཡེ་ཤུས་སློབ་མ་ཀྱ་ལེ། ལཱ་ཟར་ཤི་ཚར་རི་དིག 15ཁྱེད་ཀྱ་ཀྱིས་དད་པ་བགྱིད་རྒྱུ་ཆེད་དུ། ང་ལཱ་ཟར་སྐྱེན་ལེ་མེད་དི་དགའ་མོ་འཇུ་གུ་བྱུང་པི་དིག ད་འོ་རང་ཀྱ་ཁོ་འོད་ས་ལེ་འགྲོ་ཟིན་གསུངས་པི་དིག 16དེ་ནས་སློབ་མ་ཀྱ་ནང་ནས་ཐོ་མཱ་ཟེར་མཁན་མི་ཞིག་འོད་དིག ཡིན་ནའང་། མི་ཀྱ་ཀྱིས་ཁོའི་མིང་ལེ་མཚེ་མ་ཟིན་འོད་དིག ཁོས་སློབ་མ་གཞན་མ་ཀྱ་ལེ། འོ་རང་ཀྱ་ཟང་ཁོང་དིང་སྐྱེན་ལེ་ཤི་རུ་འགྲོ་སྨྲས་པི་དིག
ཡེ་ཤུས་ལཱ་ཟར་གྱི་སྤུན་བུ་མའ་གཉིས་ལེ་སེམས་གསོ་གནང་བ།
17དེ་ནས་ཡེ་ཤུ་ཡུལ་དེ་ལེ་ཕེབས་པི་མ་ཟད། ཁོང་གི་ལཱ་ཟར་གྱི་རོ་དུར་ཁྲོད་ལེ་འབོར་ཏེ་ཉིན་མ་བཞི་བུད་ཚར་ཡིན་དི་ཟང་མཁྱེན་གནང་པི་དིག 18པེ་ཐན་ཡཱ་ཡུལ་ནས་ཡེ་རུ་ས་གླིང་རྒྱལ་ས་བར་དུ་རྒྱང་ཐག་ཆུ་ཚོད་ཕྱེད་ཀ་ཚོད་འགྲོ་དགོས་འོད་དིག 19ཡང་ཡ་ཧུ་དཱ་པའི་མི་མང་པོ་ཞིག་གིས་མར་ཐཱ་དིང་མིར་ཡམ་གྱི་སྤུན་ལཱ་ཟར་ཤི་ཕེན། ཁོང་གཉིས་ལེ་སྡུག་འཁོར་བགྱིད་དུ་འོངས་པི་དིག 20དེ་ནས་མར་ཐཱ་མོས་ཡེ་ཤུ་ཕེབས་འོང་གི་གནས་ཚུལ་ཐོས་ཕེན། མོ་རང་ཁོང་གི་གདོང་ལེ་བསུ་རུ་བུད་དི་དིག ཡིན་ནའང་། མིར་ཡམ་མོ་རང་ཁྱིམ་ལེ་བསྡད་དི་དིག 21དེ་ནས་མར་ཐཱ་མོས་ཡེ་ཤུ་ལེ། ཇོ་བོ། ཁྱེད་རང་སྔོན་མ་ནས་འདི་རུ་ཕེབས་འོང་ནི། ངའི་སྤུན་ཤི་སྲིད་ཀྱི་མ་དིག 22ཡིན་ནའང་། ང་ད་ལྟ་ཁྱེད་ཀྱིས་དཀོན་མཆོག་ལེ་ཞུ་བ་ཅི་ཞིག་ཞུས་ནའང་། དེ་གནང་རྒྱུ་ཡིན་དི་ངས་ཧ་གོ་འོད་ཞུས་ཕེན། 23ཡེ་ཤུས་མོ་ལེ། ཁྱོད་ཀྱི་སྤུན་ཡང་དང་གསོན་གྱི་དིག་ཟིན་གསུངས་པི་དིག 24དེ་ནས་མར་ཐཱ་མོས་ཁོང་ལེ། མཇུག་མཐའ་མའི་དུས་དེ་ལེ་གཤིན་པོ་ཡེ་རེ་ཡང་དང་གསོན་པོ་ལང་རྒྱ། ཁོ་རང་ཟང་གསོན་པོ་འོང་གྱི་དིག་ཟིན་ཞུས་པི་དིག 25ཡང་ཡེ་ཤུས་མོ་ལེ། གཤིན་པོ་ནས་ཡང་དང་གསོན་པོ་ལང་མཁན་དིང་། ཚེ་སྲོག་གནང་མཁན་དེ་ནི་ང་རང་ཡིན་ཕེན། ང་ལེ་དད་པ་བགྱིད་མཁན་སུ་ཞིག་ཤི་ནའང་། ཡང་དང་གསོན་པོ་འོང་གྱི་དིག 26ཡང་ང་ལེ་དད་པ་བྱས་ཏེ་མཐའ་མེད་པའི་ཚེ་སྲོག་ཐོབ་མཁན་སུ་ཞིག་ཡིན་ནའང་། དུས་ནམ་ཟང་ཤི་མི་སྲིད། ཡིན་ནའང་། ཁྱོད་རང་དོན་དེ་ལེ་ཡིད་ཆེས་འོད་དས་ཟིན་གསུངས་པི་དིག 27དེ་ནས་མོས་ཁོང་ལེ། ཇོ་བོ། ང་དད་པ་འོད། ཁྱེད་རང་ནི་སྐྱབས་མགོན་དིང་། དཀོན་མཆོག་གི་སྲས་འཇིག་རྟེན་དུ་ཕེབས་མཁན་དེ་ཡིན་དི་ངས་སྔོན་མ་ནས་ཕེན་ཡིད་ཆེས་བགྱིད་འོད་ཟིན་ཞུས་པི་དིག
28མོས་འོ་དེ་གི་ཞུས་པི་རྗེས་ལེ། མོ་རང་ཁྱིམ་ལེ་ལོག་འོངས་ཏེ། མིར་ཡམ་ཟུར་ཞིག་ལེ་ཁྲིད་དེ། སློབ་དཔོན་འདི་རུ་ཕེབས་འདུག ཁོང་གིས་ཁྱོད་ལེ་ཐུགས་འདོད་བགྱིད་འདུག་ཟིན་སྨྲས་པི་དིག 29དེ་ནས་མིར་ཡམ་གྱིས་ལབ་དེ་ཐོས་ལོང་མེད་ཡར་ལངས་ཏེ་ཁོང་གི་དྲུང་དུ་བུད་དི་དིག 30དེ་རྒྱ་ཡེ་ཤུ་ཁོང་རང་ད་རུང་ཡུལ་དེའི་ནང་ལེ་ཕེབས་གནང་མེད་དིག མར་ཐཱས་བསུ་སའི་ཆ་ས་དེ་རུ་ཁོང་བཞུགས་འོད་དིག 31དེ་ནས་མིར་ཡམ་གྱི་སྐྱེན་ལེ་ཁྱིམ་ལེ་བསྡད་དེ་སྡུག་བསྐོར་བགྱིད་དུ་འོང་མཁན་ཡ་ཧུ་དཱ་པ་ཀྱ་ཀྱིས་ཟང་། མོ་རང་ཡར་ལངས་ཏེ་ཕྱི་ལེ་འགྲོ་བ་མཐོང་ཕེན། མོ་ནི་རང་གི་སྤུན་གྱི་རོ་བོར་ས་དུར་ཁྲོད་ལེ་ངུ་རུ་འགྲོ་བ་ཡིན་གྱི་དིག་བསམ་སྟེ། མོའི་རྗེས་ལེ་ཁོང་ཀྱ་ཟང་འབྲངས་བུད་དི་དིག 32དེ་ནས་མིར་ཡམ་མོ་ཡེ་ཤུའི་རྩ་ལེ་སླེབས་ལོང་མེད། པུས་མོ་ས་ལེ་བཙུགས་ཏེ། ཇོ་བོ། ཁྱེད་རང་སྔོན་མ་ནས་འདི་རུ་ཕེབས་འོད་ནི། ངའི་སྤུན་ཤི་སྲིད་ཀྱི་མ་དིག་ཟིན་ཞུས་པི་དིག 33དེ་ནས་ཡེ་ཤུས་མིར་ཡམ་དིང་མོའི་རྗེས་ལེ་འབྲང་མཁན་ཡ་ཧུ་དཱ་པའི་མི་དེ་ཀྱ་ཟང་ངུ་འོད་དི་གཟིགས་ཏེ། ཁོང་རང་ཟང་ཐུགས་སྐྱོ་པོ་འཇུ་གུ་བྱུང་པི་དིག 34-35དེ་ནས་ཡེ་ཤུས་ཁོང་ཀྱ་ལེ། ཁྱེད་ཀྱ་ཀྱིས་ཁོའི་རོ་ག་ན་ལེ་བོར་འོད་དོ་ཟིན་དྲིས་ཕེན། ཁོང་ཀྱ་ཀྱིས་ཡེ་ཤུ་ལེ། ཇོ་བོ། ཁྱེད་རང་ཕེབས་ཏེ་གཟིགས་རོགས་གནང་ཟིན་ཞུས་ཕེན། ཡེ་ཤུ་ཟང་བཤུམས་པི་དིག 36འོ་དེ་ལེ་བརྟེན་ཏེ། ཡ་ཧུ་དཱ་པ་ཀྱ་ཕན་ཚུན་གཅིག་གིས་གཅིག་ལེ། ལྟོས་དང་། ཁོང་གིས་ཁོ་ལེ་བརྩེ་བ་ཆེན་པོ་བགྱིད་འདུག་ཨེད་ཟིན་འོད་དི་དིང་། 37ཡང་མི་ཁ་ཤས་ཞིག་གིས། མི་དེས་ཞར་ར་མཐོང་རྒྱུ་འོད་ཡོད་བཟོ་ནུས་ཕེན། ལཱ་ཟར་ཟང་འཆི་བ་ནས་སྐྱོབ་ཐུབ་ཀྱི་དིག་ཟིན་འོད་དིག
ཡེ་ཤུས་ལཱ་ཟར་ཡང་དང་གསོན་དུ་བཅུག་པ།
38དེ་ནས་ཡེ་ཤུ་ཡང་དང་ཐུགས་སྐྱོ་རེ་དུར་ཁྲོད་རྩ་ལེ་ཕེབས་གནང་པི་དིག ཡིན་ནའང་། རོ་དེ་བྲག་ཕུག་ཞིག་ནང་ལེ་བོར་ཏེ། ཕོང་གན་ཆེན་པོ་ཞིག་གིས་སྒོ་དེ་བཀག་བོར་འོད་དིག 39དེ་ནས་ཡེ་ཤུས་མི་དེ་ཀྱ་ལེ། རྡོ་འདི་ཕ་ལེ་འཕུལ་ཞིག་ཟིན་གསུངས་ཕེན། མར་ཐཱ་མོས། ཇོ་བོ། ཁོ་ཤི་རེ་ཉིན་མ་བཞི་ཚོད་བུད་ཚར་འོད་ཕེན། ད་དྲི་མ་གདུག་ཅག་ཁ་འོང་ཟིན་ཞུས་པི་དིག 40ཡང་ཡེ་ཤུས་མོ་ལེ། ཁྱོད་ཀྱིས་དད་པ་བྱས་པི་ཡིན་ནི། དཀོན་མཆོག་གི་གཟི་བརྗིད་མཐོང་སྲིད་ཀྱི་དིག་ཟིན་ངས་ཁྱོད་ལེ་དེ་སྔོན་མ་བཤད་བྱུང་གས་ཟིན་གསུངས་པི་དིག 41དེ་ནས་ཁོང་ཀྱ་ཀྱིས་རྡོ་དེ་ཕ་ལེ་འཕུལ་ཕེན། ཡེ་ཤུས་ཡར་གཟིགས་ཏེ། ངའི་ཨ་ཀྱི་ཁྱེད་ཀྱིས་ང་ལེ་གསན་གནང་པི་དེ་ལེ་ཐུགས་རྗེ་ཆེ། 42ཁྱེད་ཀྱིས་རྟག་ཏུ་ངས་ཞུས་པ་དེ་ལེ་གསན་གནང་གྱོ་འོད་དི་ངས་ཧ་གོ་འོད། ཡིན་ནའང་། འདི་རུ་འོད་ཡོད་མི་ཀྱ་ཀྱིས་ང་ནི། ཁྱེད་ཀྱིས་བརྫངས་པི་ཡིན་དི་ཡིད་ཆེས་བགྱིད་རྒྱུ་ཆེད་དུ། ངས་འོ་དི་གི་ཞུས་པི་ཡིན་ཟིན་གསུངས་པི་རྗེས་ལེ། 43ཁོང་གིས་གསུང་སྐད་ཆེན་པོས་ངང་ནས། ལཱ་ཟར། ཁྱོད་རང་ཕྱི་ལེ་ཐོན་ལེད་ཟིན་གསུངས་ལོང་མེད། 44ཁོ་གསོན་པོ་བྱུང་སྟེ་ཕྱི་ལེ་ཐོན་འོངས་པི་དིག དེ་ནས་ཁོའི་མགོ་ནས་རྐང་པ་ཐུབ་རས་ཀྱིས་བཏུམས་འོད་ཕེན། ཡེ་ཤུས་མི་དེ་ཀྱ་ལེ། རས་འདི་བཀྲོལ་ཏེ་ཁོ་འགྲོ་རུ་ཆུག་ཅིག་ཟིན་གསུངས་པི་དིག
ཡེ་ཤུ་དགྲོང་རྒྱུ་ཇུས་ངན་བྱས་པ།
45དེ་ནས་མིར་ཡམ་འོད་ས་ལེ་སྡུག་བསྐོར་བགྱིད་དུ་འོང་མཁན་ཡ་ཧུ་དཱ་པའི་མི་མང་པོ་ཞིག་གིས་ཡེ་ཤུས་ཅི་མཛད་པ་དེ་ཡེ་རེ་མཐོང་སྟེ། ཁོང་ལེ་དད་པ་བྱས་པི་དིག 46ཡིན་ནའང་། མི་དེ་ཀྱ་ནང་ནས་མི་ཁ་ཤས་ཞིག་ཕཱ་རུ་ཤི་པ་ཀྱ་ཀྱི་རྩ་ལེ་ཕྱིན་ཏེ། ཡེ་ཤུས་ཅི་མཛད་པའི་དོན་ཡེ་རེ་བཤད་ཕེན། 47ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། ཡང་ཕཱ་རུ་ཤི་པ་ཀྱ་དིང་། ཆོས་ཀྱི་གྲོས་ཚོགས་མི་ཀྱ་ཡེ་རེ་སྐྱེན་ལེ་འཛོམས་ཏེ། མི་དེས་ཡ་མཚན་གྱི་རྟགས་མང་པོ་ཞིག་སྟོན་གྱི་འདུག ད་འུ་ཀྱ་ཀྱིས་ཅི་གི་བགྱིད་ཀྱི་དོ། 48གལ་སྲིད་འོ་དེ་གི་བགྱིད་དུ་བཅུག་པི་ཡིན་ནི། མི་ཡེ་རེ་ཁོང་ལེ་དད་པ་བགྱིད་དི་མ་ཟད། རོ་མཱའི་མི་ཡེ་རེ་འོངས་ཏེ། འུའི་མཆོད་ཁང་ཆེན་མོ་དེ་ཟང་གཏོར་བཤིག་གཏང་སྟེ། ཡ་ཧུ་དཱ་པའི་མི་རིགས་ཡེ་རེ་ཟང་འཕྲོག་གི་ཉེན་ཁ་འོད་དིག ད་འུ་ཀྱ་ཀྱིས་ཅི་གི་བགྱིད་ཀྱི་དོ་ཟིན་སྨྲས་པི་དིག 49ཡང་མི་དེ་ཀྱ་ནང་ནས་ཀ་ཡ་ཕཱ་ཟེར་མཁན་ཞིག་འོད་དིག ཁོ་རང་ནི་ལོ་དེ་ལེ་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་གཙོ་བོ་དེ་ཡིན་དིག ཁོས་མི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱིས་ཅི་གང་ཧ་མོ་གོ་འོད་དིག 50མི་མང་གི་ཆེད་དུ་མི་གཅིག་མེད་དི་བྱུང་པི་དེ་དགའ་ཤོས་ཡིན་དིག་སྨྲས་པི་དིག 51ཡིན་ནའང་། ཁོས་ལབ་དེ་རང་གི་བརྒྱུད་ནས་མ་སྨྲས་པི་དིག ལོ་དེ་ལེ་ཁོང་རང་ནི་མཆོད་པ་འབུལ་མཁན་གཙོ་བོ་ཡིན་ཕེན། ཡེ་ཤུ་ནི་ཡ་ཧུ་དཱ་པའི་མི་རིགས་ཀྱི་དོན་ལེ་སྐུ་དགྲོང་རྒྱུ་དིང་། 52ཡང་ཕྱོགས་བཞི་ཀུན་ལེ་འོད་ཡོད་དཀོན་མཆོག་གི་སྲས་དིང་སྲས་མོ་ཀྱ་ཕྱོསས་གཅིག་ལེ་བསྡུ་རྒྱུ་ཆེད་དུ་སྐུ་དགྲོང་དགོས་འོད་དིག་ཟིན་དཀོན་མཆོག་གིས་ཁོའི་བརྒྱུད་ནས་ལུང་བསྟན་པི་དིག 53འོ་དེ་ལེ་བརྟེན་ཏེ། ཉིན་མ་དེ་ནས་ཕྱིན་ཆད། ཡ་ཧུ་དཱ་པའི་དཔོན་རིགས་ཀྱ་ཀྱིས་ཡེ་ཤུ་ཅི་གི་བྱས་ཏེ་དགྲོང་རྒྱུ་ཟིན་ཇུས་བཏིང་པི་དིག 54འོ་དེ་ལེ་བརྟེན་ཏེ། ཡེ་ཤུས་ཡ་ཧུ་དཱ་པའི་མི་ཚོགས་ཀྱི་ནང་ལེ་མངོན་སུམ་དུ་ཕྱག་ལས་མཛད་རྒྱུ་མཚམས་བཅད་དི་མ་ཟད། རྒྱལ་ས་དེ་ནས་ཐོན་ཏེ་སློབ་མ་ཀྱ་དིང་སྐྱེན་ལེ་ས་ཆ་དབེན་སྟོང་ཞིག་གི་ཉེ་འགྲམ་ལེ་འོད་ཡོད་ཨེབ་ར་ཡིམ་ཟེར་རི་ཡུལ་དེ་ལེ་ཕེབས་ཏེ་བཞུགས་པི་དིག
55དེ་ནས་ཡ་ཧུ་དཱ་པའི་སྲོག་ཐར་རི་དུས་ཆེན་ཟེར་རི་དེ་སླེབས་ལྷག་འོད་ཕེན། དུས་ཆེན་དེ་མ་སླེབས་སྔོན་ལེ་ཡུལ་ག་ས་ག་ནས་མི་ཚོགས་མང་པོ་འཇུ་གུ་ཡེ་རུ་ས་གླིང་ལེ་རྒྱལ་ས་ལེ་གཙང་སྦྲའི་སྐུ་རིམ་བགྱིད་དུ་སླེབས་འོད་དིག 56མི་དེ་ཀྱ་ཀྱིས་ཡེ་ཤུ་བཙལ་ལི་མ་ཟད། མཆོད་ཁང་གི་སྒོ་རའི་ནང་ལེ་ལངས་ཏེ་སྡོད་རྒྱ། ཕན་ཚུན་གཅིག་གིས་གཅིག་ལེ་ཁྱེད་ཀྱ་ཀྱིས་ཅི་བསམ་གྱི་གོ། ཡེ་ཤུ་དུས་ཆེན་འདི་ལེ་འོང་འོད་དི་གས་ཟིན་འོད་དིག 57ཡང་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། ཕཱ་རུ་ཤི་པ་ཀྱ་ཀྱིས་ཡེ་ཤུ་འཛིན་བཟུང་བགྱིད་རྒྱུ་ཆེད་དུ། མི་ཡེ་རེ་ལེ་ཁྱེད་ཀྱ་ཀྱིས་ཡེ་ཤུ་ག་ན་ལེ་སྡོད་གྱོ་འོད་མེད་ཆ་འོད་ནི། ཉེད་ཀྱ་ལེ་ཤོད་དགོས་འོད་ཟིན་བཀའ་བཏང་པི་དིག །
Currently Selected:
ཡོ་ཧ་ནན། 11: DLPO
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.