YouVersion Logo
Search Icon

ཡོ་ཧ་ནན། 13

13
ལེའུ་བཅུ་གསུམ།
ཡེ་ཤུས་​རང་གི་​སློབ་མ་​ཀྱ་​ཀྱི་​རྐང་པ་​བཀྲུས་པ​།
1དེ་ནས་​སྲོག་​ཐར་རི་​དུས་ཆེན་​གྱི་​སྔོན་​ལེ། ཡེ་ཤུ་​ཁོང་​རང་​འཇིག་རྟེན་​འདི་​ནས་ཡབ་ཀྱི་​དྲུང་​དུ་འགྲོ་དགོས་པའི་དུས་དེ་སླེབས་འོད་དི་​མཁྱེན་​གནང་ཕེན། ཁོང་​གིས་​རང་གི་​སློབ་མ་​ཀྱ་​ལེ་​དུས་​རྟག་​ཏུ་​བྱམས་བརྩེ་བ་​གནང་​པི་​མ་ཟད། མཐའ་མའི་དབུགས་ཀ་བར་​དུ་​བྱམས་བརྩེ་བ་གནང་​གྱོ་​འོད་དིག 2དེ་ནས་​ཁོང་རང་གི་​སློབ་མ་​ཀྱ་​དིང་སྐྱེན་​ལེ་​དགོང་མོའི་ཞལ་ལག་​མཆོད་​རྒྱ། བདུད་​ཀྱི་​རྒྱལ་པོས་​ཡེ་ཤུ་​དགྲའི་​ལག་​ལེ་​གཏོད་​རྒྱུ་​བསམ་ཚུལ་​དེ། སི་མོན་​གྱི་​བི་ས་​ཡུ་དཱ་ཨི་སི་ཀར་རེའི་སེམས་​ནང་​ལེ་​བོར་​ཚར་འོད་​དིག 3ཡབ་​ཀྱིས་​ཁོང་རང་ལེ་དབང་ཆ་​ཡེ་རེ་​གནང་​འོད་​དི་​མཁྱེན་གནང་​པི་​མ་ཟད། ཁོང་རང་ནི་དཀོན་མཆོག་​ནས་​འོངས་པི་​དིང་​། ཡང་དང་​དཀོན་མཆོག་​གི་​དྲུང་​དུ་​ལོག་​འགྲོ་​དགོས་​འོད་​དི་​ཟང་མཁྱེན་གནང་​པི་​དིག 4དེ་ནས་​ཡེ་ཤུས་ཞལ་ལག་མཆོད་​ས་ནས་ཡར་བཞེངས་​པི་མ་ཟད། རང་གི་ཕྱུ་བའི་​ཕུ་ཐུང་​བུད་​དེ་​རྐེད་པ་​ལེ་​བཅིངས་གནང་པི་རྗེས་ལེ། ཡང་​རས་​ལེབ་​ཞིག་​རྐེད་པ་​ལེ་​གཟེར་​ཏེ་བོར་རི་དིག 5དེ་ནས་ཡང་གཞོང་པའི་​ནང་​ལེ་​ཆུ་​འཁྱེར་​འོངས་ཏེ། སློབ་མ་​ཀྱ་རེ་​རེ་​བྱས་​ཏེ་​ཁོང་ཀྱ་ཀྱི་རྐང་པ་དེ་​བཀྲུས་​གནང་པི་མ་ཟད། རང་གི་རྐེད་པ་​ལེ་​གཟེར་​འོད་ཡོད་​རས་​ལེབ་​དེའི་​རྐང་པ་​འཕྱིས་​པི་​དིག 6ཡང་​ཡེ་ཤུ་​སི་མོན་པེ་ཏྲོའི་རྩ་ལེ་ཕེབས་འོངས་པི་དིག དེ་ནས་ཁོས་ཡེ་ཤུ་ལེ། ཇོ་བོ། ཁྱེད་ཀྱིས་ངའི་རྐང་པ་​བཀྲུ་ཀྱི་དས་​ཟིན་ཞུས་​ཕེན། 7ཡེ་ཤུས་ཁོ་ལེ། ད་ལྟ་ངས་ཅི་བགྱིད་​དི་ལས་འདིའི་དོན་དག་དེ་ནི། ཁྱོད་ཀྱིས་རྗེས་​ལེ་​མ་གཏོགས་​ཧ་གོ་ཐུབ་ཀྱི་​མ་​དིག་ཟིན་​གསུངས་​པི་​དིག 8དེ་ནས་ཡང་​པེ་ཏྲོས་ཁོང་ལེ། ཁྱེད་​ཀྱིས་​ངའི་​རྐང་པ་​རྩ་བ་​ནས་​བཀྲུ་​མི་​ཆོག་​འོད་དིག་​ཟིན་ཞུས་​ཕེན། ཡེ་ཤུས་​ཁོ་ལེ། གལ་​སྲིད་​ངས་​ཁྱོད་ཀྱི་​རྐང་པ་​མ་​བཀྲུས་​པི་​ཡིན་​ནི། ཁྱོད་​ང་རིང་འབྲེལ་བ་མེད་​དིག་ཟིན་གསུངས་​ཕེན། 9སི་མོན་པེ་ཏྲོས་ཁོང་ལེ། ཇོ་བོ། འོ་དེ་གི་ཡིན་​ནི། ངའི་​རྐང་པ་པ་རྐྱང་མ་དིག ངའི་གཟུགས་པོ་​ཡེ་རེ་ཟང་​ཁྲུས་​རོགས་​གནང་ཟིན་ཞུས་​ཕེན། 10ཡེ་ཤུས་ཁོ་ལེ། མི་གཟུགས་པོ་བཀྲུས་ཚར་འོད་ཡོད་ཞིག་ཡིན་ནི། རྐང་པ་​མ་​གཏོགས་བཀྲུ་དགོས་​མེད་​དིག ཁྱེད་​སློབ་མ་ཀྱ་ཡེ་རེ་​གཙང་མ་​གཙང་རྐྱང་​ཡིན། ཡིན་ནའང་། ཁྱེད་​ནང་​ནས་མི་ཁ་ཤས་ཞིག་​གཙང་མ་​མེད་དིག་​ཟིན་གསུངས་​པི་​དིག 11མི་ཁ་ཤས་ཞིག་གཙང་མ་​མེད་དིག་​ཟེར་​རི་​དོན་​ནི། ཁོང་རང་​དགྲའི་​ལག་​ལེ་​གཏོད་​མཁན་​དེ་​སུ་​ཡིན་​དི་​ཡེ་ཤུས་མཁྱེན་​གནང་པི་དེ་ལེ་བརྟེན་ཏེ་​འོ་དེ་གི་ཟིན་གསུངས་​པི་​དིག
12དེ་ནས་​ཡེ་ཤུས་​སློབ་མ་​ཀྱ་​ཀྱི་​རྐང་པ་​བཀྲུས་​ཚར་​རི་​རྗེས་​ལེ། ཡང་​དང་ཕྱུ་བའི་​ཕུ་ཐུང་​གྱོན་ཏེ་​མར་​བཞུགས་​གནང་པི་དིག དེ་ནས་​ཡང་​ཁོང་​གིས་སློབ་མ་ཀྱ་ལེ། ངས་​ཁྱེད་​ཀྱ་​ལེ་​ཅི་​བྱས་​པའི་དོན་​འདི་​ཅི་​ཡིན་​དི་ཧ་གོ་​འདུག་​གས། 13ཁྱེད་​ཀྱ་​ཀྱིས་​ང་​ལེ། ཇོ་བོ་དིང་​སློབ་དཔོན་​སྨྲས་​པི་​དེ་ཟང་​བདེན་པ་​ཡིན་དིག ང་​ནི་​ངོ་ཐོག་​དེ་​རང་​ཡིན། 14འོ་དེ་ལེ་བརྟེན་ཏེ། ང་ཁྱེད་ཀྱ་ཀྱི་ཇོ་བོ་དིང་སློབ་དཔོན་​ཡིན་​ཕེན། ངས་​ཁྱེད་​ཀྱ་​ཀྱི་​རྐང་པ་​བཀྲུས་​པི་​ཡིན། ད་​ཁྱེད་​ཀྱ་​ཀྱིས་​ཟང་གཅིག་​གིས་​གཅིག་​ལེ་​རྐང་པ་​འཁྲུད་​དགོས་​འོད་དིག 15ཅི་ལེ་ཟེར་ནི། ངས་​ཁྱེད་​ཀྱ་​ལེ་​མིག་དཔེ་​ཞིག་བསྟན་​འོད། ད་ཁྱེད་​ཀྱ་​ཀྱིས་​ཟང་​ངས་​ཁྱེད་​ཀྱ་ལེ་ཅི་བྱས་པི་ཅོག་འདྲ་​གྱིས་​ཤིག 16ང་ཁྱེད་​ཀྱ་ལེ་བདེན་པ་ཟེར་རོ། གཡོག་པོ་​བདག་པོའི་​གོང་​ལེ་​མི་​སླེབས་​འོད་དིག ཡང་​བང་ཆེན་​དེ་ཟང་​རྫོང་​མཁན་​གྱི་​གོང་ལེ་​མི་​སླེབས་​འོད་དིག 17ད་ལྟ་​ཁྱེད་ཀྱ་ཀྱིས་​ཟང་​དོན་​དེ་ཀྱ་​ཧ་གོ་​ཕེན། འོ་དེ་གི་ཅོག་འདྲ་​བྱས་​ནི་​དགའ་སྤྲོ་ཆེན་པོ་འོང་གྱི་དིག 18ངས་​ལབ་​འདི་​ཁྱེད་​ཡེ་རེའི་སྐོར་ལེ་​ཟེར་​རི་​མན། ངས་​བདམས་པའི་​སློབ་མ་​ཀྱ་​ཅི་གི་​ཡིན་​དི་​ངས་​ཧ་གོ་​འོད། ཡིན་ནའང་། དཀོན་མཆོག་​གི་​གསུང་རབ་ཀྱི་​མདོ་​ནང་​ལེ། ང་​རིང་​སྐྱེན་​ལེ་​ཟ་མ་​བཟའ་​མཁན་​གྱིས་ང་​དགྲའི་ལག་ལེ་གཏོད་ཀྱི་དིག་ཟིན་གསུངས་པི་དེ་བདེན་པ་འགྲུབ་རྒྱུ་ཆེད་དུ་ཡིན་དིག#13.18 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 41 ཨང་ 9 ནང་ལེ་གཟིགས་རོགས། 19ད་ལྟ་​དོན་​འདི་​མ་འ​གྲུབ་པའི་​སྔོན་​ལེ། ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། དོན་​དེ་འགྲུབ་རྒྱ་ཁྱེད་​ཀྱ་​ཀྱིས་​ང་​ཁོང་རང་​ཡིན་​དི་​དད་པ་​བགྱིད་​རྒྱུ་​ཆེད་དུ་ཡིན་དིག 20ང་ཁྱེད་​ཀྱ་​ལེ་བདེན་པ་ཟེར་རོ​། མི་​སུ་ཞིག་གིས་​ངས་​བརྫངས་​པའི་མི་ཞིག་ལེ་སྣེ་ལེན་བྱས་ནི། ང་​ལེ་​སྣེ་ལེན་བྱས་​པི་ཡིན་​དིག ང་​ལེ་​སྣེ་ལེན་བྱས་ནི། ང་​རྫོང་​མཁན་​ཁོང་​ལེ་​ཟང་​སྣེ་ལེན་བྱས་པི་དིག་​ཟིན་གསུངས་​པི་​དིག
ཡེ་ཤུས་​ཁོང་རང་དགྲའི་ལག་ལེ་གཏོད་མཁན་​དེ་སུ་​ཡིན་​དི་སྐོར་ལེ་གསུངས་​པ།
21དེ་ནས་​ཡེ་ཤུས་​དེ་གསུངས་ནུས་པའི་རྗེས་ལེ་ཁོང་རང་ཐུགས་​སྐྱོ་རེ། ང་ཁྱེད་​ཀྱ་ལེ་བདེན་པ་ཟེར་རོ​། ཁྱེད་ཀྱ་ཀྱི་​ནང་​ནས་​མི་​གཅིག་​གིས་​ང་དགྲའི་ལག་ལེ་གཏོད་ཀྱི་དིག་ཟིན་གསུངས་པི་དིག 22དེ་ནས་​སློབ་མ་​ཀྱ་​ཀྱིས་​ཁོང་​གིས་​གསུངས་​པའི་​མི་​དེ་སུ་​ཞིག་​ཡིན་​མིན་ཧ་​མ་​གོ་​ཕེན་ཕར་ཚུར་​བལྟས་​པི་​དིག 23དེ་ནས་​ཡེ་ཤུས་​བྱམས་བརྩེ་བ་གནང་ས་​སློབ་མ་​དེ་ཞལ་ལག་མཆོད་རྒྱ། ཡེ་ཤུའི་རྩ་ལེ་ཁོང་གི་གཟུགས་པོ་བསྙེས་ཏེ་བསྡད་འོད་ཕེན། 24སི་མོན་པེ་ཏྲོས་​ཁོ་​ལེ་​མགོ་​གཡུག་གཡུག་​བྱས་​ཏེ། སུའི་​སྐོར་​ལེ་​ཟེར་​རི་​ཡིན་​མིན་​དེ་དྲིས་​དང་སྨྲས་​པི་དིག 25དེ་ནས་​ཁོས་​ཟང་​རང་གི་མགོ་​ཡེ་ཤུའི་​བྲང་ཁ་​ལེ་​བསྙེས་ཏེ། ཇོ་བོ། མི་​དེ་​སུ་​ཡིན་​གོ་​ཟིན་​ཞུས་​ཕེན། 26ཡེ་ཤུས་​ཁོ་ལེ། ངས་སྒོར་ཕྱེ་དེ་​ཕྱེད་ཀ་བཏང་སྟེ་ཁུ་བ་ནང་ལེ་སྦངས་ཏེ་སུ་ལེ་བྱིན་ནི་འོ་དེ་རང་ཡིན་དིག་ཟིན་གསུངས་ཏེ། ཁོང་​གིས་​སྒོར་ཕྱེ་ཕྱེད་ཀ་དེ་ཁུ་བ་ནང་ལེ་​སྦངས་​ཏེ་​སི་མོན་​ཨི་སི་ཀར་རེའི་བི་ས་​ཡུ་དཱ་ཁོ་ལེ་བྱིན་དི་དིག 27དེ་ནས་ཁོས་​ཟང་​སྒོར་ཕྱེ་དེ་​བླངས་​ཏེ་​ཟས་​ལོང་​མེད། བདུད་​ཀྱི་​རྒྱལ་པོ་​དེ་ཟང་​ཁོའི་​སེམས་​ནང་​ལེ་​ཞུགས་​པི་​དིག དེ་ནས་​ཡེ་ཤུས་​ཁོ་ལེ། ཁྱོད་ཀྱིས་བགྱིད་​འདོད་​འོད་​ཡོད་ལས་​དེ་​མགྱོགས་པོ་​གྱིས་​ཤིག་​ཟིན་​གསུངས་​པི་​དིག 28ཡིན་ནའང་​། ཁོང་​དིང་​སྐྱེན་​ལེ་​ཟ་མ་​བཟའ་​མཁན་​མི་​སུ་ཞིག་གིས་​ཟང་​ཁོང་​གིས་​ཅིའི་​ཆེད་དུ་དོན་དེ་གསུངས་གནང་པི་དེ་ཧ་​མ་​གོ་​པི་​དིག 29ཅི་ལེ་​ཟེར་​ནི། ཡུ་དཱའི་ལག་ག་​ལེ་དངུལ་ཁུག་​འཁྱེར་​འོད་​ཕེན། ཡེ་ཤུས་​ཁོ་​དུས་ཆེན་​ལེ་​དགོས་པ་​འོད་ཡོད་​ཅ་ལག་​ཉོ་​རུ་​བརྫངས་​པི་ཡིན་གྱི་དིག ཡང་​ནི​། སློང་མཁན་​ཀྱ་​ལེ་​ཅིག་སྟེར་​དུ་​བརྫངས་​པི་ཡིན་​གྱི་དིག་བསམས་​པི་​དིག 30དེ་ནས་​ཡུ་དཱས་ཁུ་བ་ནང་ལེ་སྦངས་​པའི་སྒོར་ཕྱེ་དེ་བླངས་ལོང་མེད་ཕྱི​་ལེ་བུད་​དི་དིག དུས་དེ་ནི་མཚན་མོ་​ཡིན་དིག
ཡེ་ཤུས་​སློབ་མ་​ཀྱ་​ལེ་​བཀའ་​གསར་པ་​གནང་​བ།
31དེ་ནས་​ཡུ་དཱ་​བུད་དེ་རྗེས་ལེ་ཡེ་ཤུས། ད་​མིའི་བི་སའི་གཟི་བརྗིད་མངོན་པི་དིང་། ཡང་ཁོང་གི་བརྒྱུད་ནས་དཀོན་མཆོག་གི་​གཟི་བརྗིད་དེ་མངོན་གྱི་དིག 32དཀོན་མཆོག་​གི་​གཟི་བརྗིད་​ཁོང་གི་བརྒྱུད་ནས་མངོན་ཕེན། དཀོན་མཆོག་​གིས་​རང་གི་​བརྒྱུད་​ནས་​མིའི་​བི་སའི་​གཟི་བརྗིད་​དེ་ཟང་གང་​མྱུར་​མངོན་པར་གནང་གྱི་དིག 33ཁྱེད་གཅེས་ཕྲུག་​ཀྱ། ད་ལྟ་​ང་​ཁྱེད་ཀྱ་ཀྱི་སྐྱེན་​ལེ་​སྡོད་རྒྱུ་དུས་ཚོད་​ཐུང་མ་​ཞིག་​འོད། དེ་​སྔོན་​ངས་​ཡ་ཧུ་དཱ་པའི་​ཆོས་དཔོན་​ཀྱ་​ལེ་​ཅི་​སྨྲས་​པི་ཅོག་འདྲ། ད་​ངས་​ཁྱེད་​ཀྱ་​ལེ་​ཟང་​ཟེར་​རོ། ཁྱེད་ཀྱ་ཀྱིས་ང་ལེ་འཚོལ་གྱི་དིག ཡིན་ནའང་​། ང་འགྲོ་​ས་​ལེ་​ཁྱེད་​ཀྱ་​འགྲོ་​ནུས་​ཀྱི་​མ་དིག 34ད་​ངས་​ཁྱེད་​ཀྱ་​ལེ་​བཀའ་​གསར་པ་​ཞིག་​སྟེར་རོ། བཀའ་དེ་​ནི་​ཁྱེད་​ཀྱ་​ཕན་ཚུན་​གཅིག་གིས་གཅིག་ལེ་བྱམས་བརྩེ་བ་བགྱིད་དགོས་པི་དིང་། ཡང་ངས་​ཁྱེད་​ཀྱ་​ལེ་​བྱམས་བརྩེ་བ་བྱས་​པི་ཅོག་འདྲ་​ཁྱེད་​ཀྱ་​ཀྱིས་​ཟང་། ཁྱེད་ཕན་ཚུན་​གཅིག་གིས་གཅིག་ལེ་བྱམས་བརྩེ་བ་བགྱིད་དགོས་འོད་དིག 35ཁྱེད་​ཕན་ཚུན་​བར་​ལེ་​བྱམས་བརྩེ་བ་བྱས་​ནི། མི་​ཡེ་རེས་​ཁྱེད་​ཀྱ་​ནི་ངའི་​སློབ་མ་​ཡིན་​དི་​ཧ་གོ་​ཐུབ་ཀྱི་དིག་ཟིན་​གསུངས་​པི་​དིག
པེ་ཏྲོའི་སྐོར་ལེ་ལུང་བསྟན་པ།
36དེ་ནས་​སི་མོན་པེ་ཏྲོས། ཇོ་བོ། ཁྱེད་རང་​ག་ན་​ལེ་​ཕེབས་​གནང་གྱི་དོ་​ཟིན་​ཞུས་​ཕེན། ཡེ་ཤུས་ཁོ་ལེ། ཁྱོད་​ད་ལྟ་​ང་​འགྲོ་​ས་​ལེ་​འགྲོ་​ནུས་​ཀྱི་​མ་དིག ཡིན་ནའང་། རྗེས་​ལེ་​ཁྱོད་​ཀྱིས་ངའི་​རྗེས་ལེ་འབྲང་​གྱི་​དིག་​ཟིན་གསུངས་​ཕེན། 37པེ་ཏྲོས་ཁོང་​ལེ། ཇོ་བོ། ཅིའི་དོན་ལེ་ང་ད་ལྟ་ཁྱེད་ཀྱི་རྗེས་​ལེ་​འབྲང་མི་​ཐུབ་​འོད་​དི་​གོ། ཁྱེད་ཀྱི་ཆེད་དུ་ངའི་​རང་གི་སྲོག་​བློས་​གཏོང་​རྒྱུ་ལེ་སེམས་གྲ་སྒྲིག་​འོད་​ཟིན་ཞུས་​ཕེན། 38ཡེ་ཤུས་​ཁོ་ལེ། ཁྱོད་ཀྱིས་ངའི་དོན་ལེ་​སྲོག་​བློས་​གཏོང་​ཐུབ་​གྱོ་འོད་དས། ང་ཁྱོད་ལེ་བདེན་པ་ཟེར་རོ​། བྱ་ཕོས་​བྱ་​སྐད་​མ་​རྒྱག་​པའི་སྔོན་​ལེ། ཁྱོད་​ཀྱིས་ང་​སུ་ཡིན་དི་ངོ་​མི་​ཤེས་​འོད་ཟིན་​ལན་མ་​གསུམ་ཟེར་གྱི་​དིག་ཟིན་གསུངས་​པི་​དིག །

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in