YouVersion Logo
Search Icon

མཛད་པ། 9

9
ལེའུ་དགུ་པ།
སོ་ལོ་​ཁོས་​ཟང་སྐྱབས་མགོན་​ཡེ་ཤུ་​ལེ་​དད་པ་​བྱས་པ།
1ཡང་དུས་དེ་རྒྱ། སོ་ལོ་​ཁོས་​མུ་མཐུད་དེ་​ཇོ་བོ་ཡེ་ཤུའི་​རྗེས་འབྲང་པ་ཀྱ། དམར་གསོད་གཏོང་གྱི་ཡིན་ཟིན་འཇིགས་སྐུལ་ལི་མ་ཟད། ཁོ་རང་​མཆོད་པ་འབུལ་མཁན་གཙོ་བོའི་དྲུང་​དུ་​ཕྱིན་ཏེ། 2སྐྱབས་མགོན་​ཡེ་ཤུའི་ཐར་ལམ་​ལེ་ཞུགས་​མཁན་​སྐྱེ་ཕོ་མོ་​སུ་​ཞིག་རྙེད་ནི​། འཛིན་བཟུང་​བྱས་​ཏེ་​ཡེ་རུ་ས་གླིང་​རྒྱལ་ས་​ལེ་​འཁྲིད་​འོང་​རྒྱུ་​ཆེད་དུ། དཱ་མེ་སེག་​རྒྱལ་ས་​ལེ་​འོད་​ཡོད་ཡ་ཧུ་དཱ་པའི་​ཚོགས་ཁང་​གི་​འགོ་ཁྲིད་​ཀྱ་​ལེ་​ཆོག་མཆན་​གྱི་​ཡི་གེ་​ཞུས་​པི་​དིག 3དེ་ནས་​སོ་ལོ་ཁོས་ཆོག་མཆན་གྱི་ཡི་གེ་དེ་ཁྱེར་ཏེ་དཱ་མེ་སེག་རྒྱལ་སའི་​ཉེ་འགྲམ་​ལེ་​སླེབས་​ལོང་མེད། དཀོན་མཆོག་གི་ཞིང་ཁམས་​ནས་འོད་ཆེན་པོ་ཞིག་ཤར་ཏེ། ཁོའི་​གཡས་​གཡོན་​ཡེ་རེ་​ལེ་​འོད་​ཆེན་པོ་དེ་ཁྱབ་ཕེན། 4ཁོ་རང་ས་ལེ་འགྱེལ་ལི་དིག ཡང་སོ་ལོ། སོ་ལོ། ཁྱོད་ཀྱིས་ང་ལེ་ཅི་ལེ་གནོད་སྐྱེལ་ལི་ཡིན་དོ་​ཟིན་གསུང་སྐད་ཞིག་ཐོས་​ཕེན། 5ཁོས། ཇོ་བོ། ཁྱེད་རང་​སུ་​ཡིན་​ཆེ་​བོ་​ཟིན་​ཞུས་​ཏེ། ཁོང་གིས་ང་ནི་​ཁྱོད་ཀྱིས་​ད་ལྟ་གནོད་​སྐྱེལ་​ས་​ཡེ་ཤུ་​ཟེར་མཁན་​དེ་​ཡིན། 6ད་ཁྱོད་རང་​ཡར་ལངས་​ཏེ་​རྒྱལ་སའི་ནང་ལེ་​རྒྱུགས་ཤིག ཁྱོད་ཀྱིས་ཅི་ཞིག་བགྱིད་​དགོས་​འོད་མེད་​མི་གཞན་​གྱིས་​ཁྱོད་​ལེ་སྟོན་​གྱི་​དིག་​ཟིན་གསུངས་པི་དིག 7ཡང་སོ་ལོ་ཁོའི་ལམ་རོགས་​ཀྱ་​ཀྱིས་​ཟང་​གསུང་སྐད་​དེ་པ་རྐྱང་ཐོས་པི་མ་གཏོགས་གཞན་ཅི་གང་མ་མཐོང་ཕེན། ཁོང་​ཀྱ་ཀྱིས་ཅི་གང་​ཟེར་མ་ནུས་ཏེ་བསྡད་དི་དིག 8དེ་ནས་སོ་ལོ་ཁོང་རང་ས་ནས་ཡར་ལངས་​ཏེ་མིག་​གདངས་​ནའང་​མིག་​མཐོང་​རྒྱུ་​མེད་​དི་བྱུང་འོད་ཕེན། ལམ་རོགས་​ཀྱ་​ཀྱིས་​ཁོའི་​ལག་ག་​ནས་འཇུས་​ཏེ་​དཱ་མེ་སེག་​རྒྱལ་ས་​ལེ་​ཁྲིད་​དི་དིག 9དེ་ནས་​ཉིན་མ་​གསུམ་བར་དུ་​ཁོའི་མིག་དེ་མཐོང་རྒྱུ་མེད་མེད་བྱུང་པི་མ་ཟད། ཁོས་བཟའ་འཐུང་ཟང་ཅི་གང་མ་བྱས་ཏེ་བསྡད་དི་དིག
10དེའི་དུས་ལེ་དཱ་མེ་སེག་​རྒྱལ་ས་​དེ་རུ། མིང་​ལེ་​ཨ་ནན་ཡཱ་​ཟེར་​རི་དད་པ་བགྱིད་མཁན་ཞིག་འོད་དིག ཇོ་བོ་ཡེ་ཤུས་​ཁོ་ལེ། ཨ་ནན་ཡཱ་ཟིན་རང་གི་མིང་ནས་བོས་དི་ཞལ་གཟིགས་​གནང་པི་དིག དེ་ནས་ཁོས་​ཇོ་བོ། ཁྱེད་ཀྱིས་གསུངས་དང་ཟིན་ཞུས་​ཕེན། 11ཇོ་བོས་​ཁོ་ལེ། ཁྱོད་རང་​ཡར་​ལངས་​ཏེ། ལམ་​གྲེང་ངེ་​ཟེར་​རི་དེ་ལེ་​ཞུགས་​ཏེ། ཡུ་དཱ་​ཟེར་མཁན་​གྱི་​ཁྱིམ་​ནང་ལེ། ཊར་སཱུ་​རྒྱལ་ས་​ནས་​ཡིན་​དི་མིང་​ལེ་​སོ་ལོ་​ཟེར་མཁན་​དེ་​ཚོལ་​ལེད་དང་། ད་ལྟ་​ཁོ་རང་​གསོལ་བ་​སྨོན་ལམ་འདེབས་གྱོ་འོད་དི་མ་ཟད​། 12ཁོས་​ཨ་ནན་ཡཱ་​ཟེར་​མཁན་མི་​ཞིག་​རང་གི་རྩ་​ལེ་​འོངས་​ཏེ། མིག་ཡང་དང་མཐོང་ཐུབ་རྒྱུ་ཆེད་དུ། རང་གི་ལུས་ལེ་ལག་ག་​འབོར་​རི་​ཞལ་གཟིགས་གསལ་པོ་​མཐོང་​འོད་དིག་ཟིན་གསུངས་པི་དིག 13ཡིན་ནའང་། ཨ་ནན་ཡཱ་ཁོས་ཇོ་བོ། ངས་​མི་​མང་པོས་​ཁ་​ནས་​སོ་ལོ་​ཟེར་མཁན་​མི་དེ་​ཡེ་རུ་ས་གླིང་​རྒྱལ་ས་​ནས་ཁྱེད་ལེ་​དད་པ་​བགྱིད་མཁན་​ཀྱ་​ལེ་​གནོད་འཚེ་སྐྱེལ་ལི་​དིང་​། 14ཡང་མཆོད་པ་འབུལ་མཁན་​ཀྱ་​ཀྱི་​དྲུང་དུ་​ཕྱིན་ཏེ། ཁྱེད་​ཀྱི་​མཚན་​འབོད་​མཁན་​མི་ཀྱ་ནི། འཛིན་བཟུང་​བགྱིད་རྒྱུ་​ལེ་ཆོག་མཆན་འབྱོར་འོད་དི་གནས་ཚུལ་དེ་ནི། འདི་​རུ་​འོད་ཡོད་​མི་ཀྱ་​ཀྱིས་​ཟང་​ཐོས་​འོད་དིག་​ཟིན་​ཞུས་​པི་དིག 15ཡིན་ནའང་། ཇོ་བོ་ཡེ་ཤུས་​ཁོ་ལེ། ད་ཁྱེད་རང་​སོ་ལོ་​འོད་ས་​ལེ་​རྒྱུགས་​དང་​། ཁོས་​ཕྱི་མི་ཀྱ་ལེ་དིང་​། ཡང་རྒྱལ་པོ་ཀྱ་དིང་། ཡི་སི་ར་ཨེལ་མི་​རྒྱུད་མདུན་​ལེ། ངའི་​སྐོར་​ཀྱི་གཏམ་བཟང་ཤོད་རྒྱུ་ཆེད་དུ། ཁོ་ནི་ངས་བདམས་པའི་སློབ་མ་ཞིག་ཡིན་དིག 16ངའི་​མིང་གི་ཆེད་དུ་ཁོས་དཀའ་ངལ་​ཆེན་པོ་ཅི་གི་ཞིག་མྱོང་​དགོས་​འོད་​མེད་​དི་​ངས་​ཁོ་​ལེ་སྟོན་​གྱི་​ཡིན་​ཟིན་གསུངས་ཕེན། 17ཨ་ནན་ཡཱ་​ཁོ་རང་ཟང་། ཁྱིམ་​དེའི་ནང་ལེ་​འཛུལ་ལི་དིང་། སོ་ལོའི་​ལུས་ལེ་ལག་ག་བོར་ཏེ། སྤུན་ཟླ་སོ་ལོ། ཁྱོད་​ལམ་​ལེ་​འོང་​རྒྱ། མངོན་​སུམ་མཇལ་ལི་ཇོ་བོ་ཡེ་ཤུས་ཁྱོད་ཀྱི་མིག་​ཡང་དང་​མཐོང་​རྒྱུ་འོད་ཡོད་བཟོས་གནང་པི་མ་ཟད​། ཁྱེད་​ལེ་​དམ་པའི་ཐུགས་ཉིད་​ཁྱབ་རྒྱུ་ཆེད་དུ། ང་​འདི་རུ་བརྫངས་​བྱུང་​ཟིན་སྨྲས་​པི་དིག 18འོ་འདི་གི་སྨྲས་ལོང་མེད། སོ་ལོ་ཁོའི་​མིག་​ནས་​ཉའི་ལྤགས་པོ་ཅོག་འདྲ་སྲབ་པོ་ཞིག་འཛར་འོང་​ཕེན། ཁོའི་མིག་​མཐོང་​རྒྱུ་​འོད་ཡོད་​བྱུང་​ཕེན། ཁོ་​ཡར་​ལངས་ཏེ་​ཁྲུས་གསོལ་བྱས་པི་མ་ཟད། 19ཟ་མ་​བཟས་​ཏེ་ལུས་​ལེ་​དབང་པོ་​སྐྱེས་​པི་​དིག
སོ་ལོ་ཁོས་དཱ་མེ་སེག་རྒྱལ་ས་ལེ་ཆོས་བསྟན་པ།
དེ་ནས་སོ་ལོ་​ཁོ་རང་དཱ་མེ་སེག་རྒྱལ་སའི་ནང་ལེ་​འོད་​ཡོད་དད་པ་​བགྱིད་​མཁན་ཀྱ་ཀྱི་སྐྱེན་ལེ་ཉིན་མ་​ཁ་ཤས་​བསྡད་​དི་དིག 20དེ་ལོང་མེད་ཁོ་རང་ཡ་ཧུ་དཱ་པའི་​ཚོགས་​ཁང་​ཡེ་རེ་​ལེ་​ཇོ་བོ་ཡེ་ཤུ་​ནི་དཀོན་མཆོག་​གི་​སྲས་​ཡིན་​དིག་ཟིན་​བཤད་​དི་དིག 21དེ་ནས་གཏམ་ཐོས་མཁན་ཡེ་རེས་​ཡ་མཚན་ཆེན་པོས་ངང་ནས་མི་​འདི་​ནི་​ཡེ་རུ་ས་གླིང་​རྒྱལ་ས་ལེ་ཇོ་བོའི་མཚན་བོས་མཁན་ཀྱ་རྩ་​མེད་​བཏོང་​མཁན་ཁོ་མ་གས། ཡང་དད་པ་​བགྱིད་​མཁན་​ཀྱ་​འཛིན་བཟུང་​བྱས་​ཏེ། མཆོད་པ་འབུལ་མཁན་ཀྱ་ཀྱི་དྲུང་དུ་​འཁྲིད་​རྒྱུ་ཆེད་དུ་འདི་​རུ་​འོང་​མཁན་དེ་​ཁོ་​མ་གས་​ཟིན་​འོད་དིག 22ཡིན་ནའང་​། སོ་ལོ་ཁོ་རང་འཛེན་སྙིང་​སྟོབས་སྐྱེས་ཕེན​། ཡེ་ཤུ་ནི་​སྐྱབས་མགོན་​ཡིན་​དི་སྐོར་ལེ་​ར་​སྤྲོད་​བྱས་​པི་དེ་ལེ། དཱ་མེ་སེག་རྒྱལ་ས་​ལེ་​འོད་​ཡོད་​ཡ་ཧུ་དཱ་པའི་​མི་​ཀྱ་​ཀྱིས་ཁོ་​ལེ་ལན་བསློགས་མ་ཐུབ་པི་​དིག
23ཡང་དུས་ཡུན་རིང་པོ་བུད་དི་རྗེས་​ལེ། ཡ་ཧུ་དཱ་པའི་​མི་​ཀྱ་​ཀྱིས་​སོ་ལོ་​གསོད་​རྒྱུ་​ངན་ཇུས་​བྱས་​པི་དིག 24ཡིན་ནའང་། སོ་ལོ་ཁོས་​ངན་ཇུས་དེ་​ཧ་གོ་​པི་​དིག མི་​དེ་​ཀྱ་​ཀྱིས་​སོ་ལོ་​གསོད་​རྒྱུ་དོན་ལེ་​ཉིན་མཚན་​མེད་​རྒྱལ་སའི་རྒྱལ་སྒོ་ཡེ་རེ་​བསྲུངས་པི་དིག 25ཡིན་ནའང་། སོ་ལོའི་​སློབ་མ་​ཀྱ་​ཀྱིས་​མཚན་མའི་​དུས་​ལེ། ཁོ་རྐོན་པའི་​ནང་​ལེ་བླུགས་ཏེ་གྱང་​གི་མིག་ཁུང་ནས་མར་ཕབ་སྟེ་​བྲོས་འགྲོ་རུ་​བཅུག་​པི་​དིག
སོ་ལོ་ཡེ་རུ་ས་གླིང་ལེ་སླེབས་པ།
26ཁོ་རང་​ཡེ་རུ་ས་གླིང་​རྒྱལ་ས་​ལེ་​སླེབས་​ཕེན། ཡེ་ཤུ་​ལེ་​དད་པ་​བགྱིད་མཁན་གྱི་སྐྱེན་རོགས་བགྱིད་འདོད་​བྱས་​ནའང་། ཁོང་ཀྱ་ཀྱིས་སོ་ལོ་ཁོ་རང་ནི་དངོས་གནས་དད་པ་​བགྱིད་​མཁན་​ཞིག་ཡིན་​དི་ཡིད་​ཆེས་མ་བྱས་ཏེ་​ཁོ་​ལེ་​འཇིགས་​པི་​དིག 27ཡིན་ནའང་​། པར་ན་པཱ་​ཟེར་མཁན་​ཁོས་​སོ་ལོ་སྐུ་ཚབ་ཀྱ་​ཀྱི་​མདུན་​དུ་​ཁྲིད་​འོངས་ཏེ། དེ་སྔོན་​ཁོ་རང་​ལམ་ལེ་​ཅི་གི་བྱས་ཏེ་ཇོ་བོ་ཡེ་ཤུ་​མཇལ་​ལི་དིང་། ཁོང་གིས་ཁོ་ལེ་བཀའ་མོལ་ཅི་གསུངས་​པའི་སྐོར་དིང་། ཡང་​ཁོ་རང་​དཱ་མེ་སེག་​རྒྱལ་ས་​ལེ་ཇོ་བོ་ཡེ་ཤུའི་མཚན་གྱི་བརྒྱུད་ནས་སྙིང་སྟོབས་​ཆེན་པོས་​ངང་​ནས་​ཆོས་​བཤད་དི་གནས་ཚུལ་དེ་ཀྱ་བཤད་དི་དིག 28དེ་ནས་​སོ་ལོ་​ཁོ་རང་​ཡེ་རུ་ས་གླིང་​རྒྱལ་ས་​ལེ་​སྐུ་ཚབ་ཀྱ་ཀྱི་སྐྱེན་ལེ་མངོན་སུམ་བསྡད་དེ། ཇོ་བོ་ཡེ་ཤུའི་​མཚན་​གྱི་བརྒྱུད་ནས་འཇིགས་སྣང་མེད་དི་​ངང་​ནས་​ཆོས་​བཤད་​དི་མ་ཟད​། 29གེ་རིག་​གི་​སྐད་​རྒྱག་​མཁན་​ཡ་ཧུ་དཱ་པ་​ཀྱ་​ལེ་​ཟང་​རྩོད་གླེང་​བྱས་​པི་​དིག ཡིན་ནའང་​། མི་​དེ་​ཀྱ་​ཀྱིས་​སོ་ལོ་​གསོད་​རྒྱུ་​ཐབས་ཤེས་​མང་པོ་​འཚོལ་གྱོ་འོད་དིག 30གནས་ཚུལ་དེའི་སྐོར་ལེ་ཆོས་གྲོགས་​ཀྱ་​ཀྱིས་​ཧ་གོ་​ཕེན། ཁོང་ཀྱ་ཀྱིས་སོ་ལོ་ཁོ་སྨད་​ཕྱོགས་​ཀྱི་ཀེ་སར་ཡཱ་​རྒྱལ་ས་​ལེ་​བསྐྱལ་​ཏེ། ཁོ་རང་གི་​ཕ་ཡུལ་​ཊར་སཱུ་​རྒྱལ་ས་​ལེ་​ལོག་བརྫངས་​པི་​དིག 31དུས་དེ་རྒྱ་ཡུ་ཧུ་དཱ་​པ། ག་ལིལ། སཱ་མར་ཡཱ་​དིང་​ཡུལ་​སོ་སོའི་​ཆོས་ཚོགས་​ཀྱ་​ལེ་​མི་​གཞན་​གྱིས་​བརྒྱུད་​ནས་​དཀའ་ངལ་​ཅི་གང་མེད་​དི་དུས་​བདེ་མོ་​དིང་​སེམས་ཤུགས་​ཟང་​བསྐྱེས་​ཏེ། ཇོ་བོ་དཀོན་མཆོག་​ལེ་​གུས་ཞབས་​བྱས་པི་མ་ཟད། དམ་པའི་ཐུགས་ཉིད་​ཀྱིས་​ཟང་​སེམས་གསོ་​གནང་སྟེ་མི་གྲངས་ཟང་མང་པོ་​འཕེལ་​ལི་​དིག
སྐུ་ཚབ་​པེ་ཏྲོས་​ནད་པ་དིང་གཤིན་པོ་​ཀྱ་​ཡང་དང་​གསོན་དུ་བཅུག་པ།
32ཡང་​པེ་ཏྲོ་​ཡུལ་ཕྱོགས་​ཀུན་​ལེ་​འགྲོ་རྒྱ། ལད་དཱ་​ཟེར་​རི་​རྒྱལ་ས་​ལེ་འོད་ཡོད་​དད་པ་​བགྱིད་​མཁན་​ཀྱ་​འོད་​ས་​ལེ་​བུད་དི་དིག 33རྒྱལ་ས་དེ་​རུ་​མིང་ལེ་ཨ་ནི་ཡཱ་​ཟེར་མཁན་​མི་​ཞིག་འོད་དི་དིང་། ཁོ་​ལེ་ན་ཚ་​ཕོག་​སྟེ། ལོ་​བརྒྱད་​རྐང་པ་ཞ་རིལ་བྱུང་སྟེ་ཉལ་ས་​ལེ་ལུས་འོད་ཡོད་ཁོ་ཐུག་པི་དིག 34ཡང་པེ་ཏྲོས་​ཁོ་ལེ། ཨ་ནི་ཡཱ། སྐྱབས་མགོན་​ཡེ་ཤུས་​ཁྱོད་ཀྱི་ན་ཚ་དྲག་ཏུ་བཅུག་པི་དིག ད་ཁྱོད་རང་​ཡར་​ལོངས་དང་། རང་གི་​གདན་སྡུས་ཤིག་སྨྲས་​ལོང་​མེད་​ཁོ་རང་​ཡར་​ལངས་​པི་​དིག 35ལད་དཱ་​རྒྱལ་ས་​དིང་​ཤཱ་རོན་​ལུང་པ་​ལེ་​སྡོད་​མཁན་​མི་​ཡེ་རེས་​ཞ་རིལ་​ཁོ་​དྲག་​འོད་དི་མཐོང་​སྟེ། ཇོ་བོ་​ཡེ་ཤུའི་​ཕྱོགས་ལེ་སེམས་བསྒྱུར་ཏེ་དད་པ་བྱས་པི་​དིག
ཐཱ་པི་ཐཱ་ཟེར་རི་བུ་མའ་དེ་ཡང་དང་གསོན་དུ་བཅུག་པ།
36དེ་ནས་ཡོ་ཕཱ་​ཟེར་རི་རྒྱལ་ས་​ལེ་​སྡོད་​མཁན་​མིང་​ལེ་​ཐཱ་པི་ཐཱ་​ཟིན་འོད་དི་མ་ཟད། མོ་རང་ནི་དད་པ་​བགྱིད་​མཁན་​ཞིག་​ཡིན་དིག ཐཱ་པི་ཐཱ་ཟེར་རི་མིང་དེ་གེ་རིག་​གི་སྐད་ལེ་བསྒྱུར་​ནི། དོར་ཀེ་​ཟིན་འོད་དིག མོ་རང་​དུས་རྟག་ཏུ་​ལས་​བཟང་པོ་​བགྱིད་དི་མ་ཟད། མི་ཀྱ་ལེ་​སྦྱིན་པ་​ཟང་​མང་པོ་​བཏང་​པི་དིག#9.36 དོར་ཀེ་ཟེར་རི་དོན་དེ་ནི་བོད་སྐད་ལེ་བསྒྱུར་ནི། གཅོད་ཟེར་རི་དོན་ཡིན་དིག 37ཡིན་ནའང་། དུས་དེ་རྒྱ་མོ་རང་​ལེ་​ན་ཚ་​ཕོག་​སྟེ་​ཤི་​ཕེན། མི་​ཀྱ་​ཀྱིས་​མོའི་​རོ་​བཀྲུས་​ཏེ་​སྟེང་ཐོག་​ཞིག་​གི་​ནང་​ལེ་བོར་​འོད་དིག 38ཡོ་ཕཱ་​རྒྱལ་ས་​དིང་​ལད་དཱ་​རྒྱལ་ས་​དེ་གཉིས་​ཀྱི་ཉེ་འགྲམ་​ལེ་​པེ་ཏྲོ་​བསྡད་​འོད་དི་དད་པ་​བགྱིད་​མཁན་ཀྱ་ཀྱི​ས་​ཐོས་​ཏེ། མི་​གཉིས་​པེ་ཏྲོ་​འོད་ས་​ལེ་​བརྫངས་​པི་དིག དེ་ནས་མི་དེ་གཉིས་ཀྱིས་པེ་ཏྲོ་ལེ། ཁྱེད་རང་དུས་​ཡུན་མ་འགོར་རི་ཉེད་​འོད་​ས་​ལེ་​ཤོག་དང་ཟིན་​ནན་ཏན་​བྱས་​ཏེ་​ཞུ་​བ་ཕུལ་​ཕེན། 39པེ་ཏྲོ་​ཁོ་རང་ལམ་སང་མི་དེ་གཉིས་ཀྱི་​སྐྱེན་​ལེ་​ཕྱིན་ཏེ། ཡོ་ཕཱ་​རྒྱལ་ས་ལེ་​སླེབས་​པི་​དིག ཡང་མི་​ཀྱ་​ཀྱིས་​ཁོང་རང་ཁྱིམ་​སྟེང་ཐོག་​ལེ་​ཁྲིད་​དི་དིག དེ་རུ་འོད་ཡོད་ཡུགས་མོ་​ཀྱ་​ཀྱིས་​པེ་ཏྲོའི་​མདུན་​དུ་​ལངས་​ཏེ་​ངུས་སྐད་ཆེན་པོས་ངང་ནས། དོར་ཀེ་མོ་རང་ཉེད་ཀྱ་ཀྱི་སྐྱེན་​ལེ་སྡོད་​རྒྱ། མོས་​ཁོང་ཀྱ་ལེ་བཟོས་​ཏེ་​བྱིན་དི་གོས་ལག་​ཡེ་རེ་ཟང་​པེ་ཏྲོ་​ལེ་​བསྟན་​པི་​དིག 40དེ་ནས་​པེ་ཏྲོས་​ངུས་སྐད་རྒྱག་​མཁན་​བུ་མའ་​ཡེ་རེ་ཕྱི་ལེ་​བརྫངས་པི་དིག དེ་ནས་པེ་ཏྲོས་པུས་མོ་​ས་ལེ་བཙུགས་​ཏེ། དཀོན་མཆོག་​ལེ་​གསོལ་བ་​བཏབ་པི་རྗེས་ལེ། རོའི་ཕྱོགས་ལེ་ཁ་​བསྐོར་​ཏེ། ཐཱ་པི་ཐཱ། ཡར་​ལོངས་​དང་​སྨྲས་​ལོང་མེད། བུ་མའ་དེ་མིག་​གདངས་ཕེན། མོས་​པེ་ཏྲོ་​མཐོང་​སྟེ་ཙོག་​ཙོག་​བྱས་​ཏེ་​བསྡད་​དི་​དིག 41དེ་ནས་​པེ་ཏྲོས་​མོའི་​ལག་ག་​ནས་​འཇུས་​ཏེ་ཡར་བསྐྱོར་ཏེ་བསླངས་​པི་མ་ཟད། ཡང་དད་པ་​བགྱིད་​མཁན་​དིང་​ཡུགས་མོ་​ཀྱ་​ནང་​ལེ་​ཤོག་​སྨྲས་​ཏེ། མོ་ཤི་​རེ་​ཡང་དང་​གསོན་པོ་​བྱུང་པི་དིག་ཟིན་​ཁོང་​ཀྱ་​ལེ་​བསྟན་​པི་​དིག 42དེ་ནས་​གནས་ཚུལ་​དེ་​ཡོ་ཕཱ་​རྒྱལ་ས་​ཡེ་རེ་​ལེ་​ཁྱབ་​ཕེན། མི་​མང་པོས་​ཇོ་བོ་​ཡེ་ཤུ་​ལེ་​དད་པ་​བྱས་​པི་​དིག 43ཡང་དེའི་རྗེས་​ལེ་​པེ་ཏྲོ་​ཁོ་རང་​ཡོ་ཕཱ་​རྒྱལ་སའི་​ནང་ལེ་འོད་ཡོད་​ཀོ་བ་​བཟོ་​མཁན་​སི་མོན་​ཟེར་མཁན་ཁོའི་​ཁྱིམ་​ལེ་​ཡུན་​རིང་པོ་​སྐྱེན་​ལེ་​བསྡད་​དི་​དིག །

Currently Selected:

མཛད་པ། 9: DLPO

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in