མཛད་པ། 8
8
ལེའུ་བརྒྱད་པ།
1སེ་ཏེ་ཕཱན་གསོད་རྒྱུ་ལས་དེ་ལེ་སོ་ལོ་ཁོས་ཟང་མོས་མཐུན་བྱས་པི་དིག
སོ་ལོ་ཁོས་ཡེ་ཤུའི་ཆོས་ཚོགས་ལེ་གནོད་འཚེ་བཏང་བ།
ཡང་ཉིན་མ་དེ་ལེ་ཡེ་རུ་ས་གླིང་རྒྱལ་སའི་ནང་ལེ་འོད་ཡོད་ཆོས་ཚོགས་ཀྱ་ལེ་གནོད་འཚེ་ཆེན་པོ་ཞིག་བྱུང་ཕེན། སྐུ་ཚབ་ཀྱ་པ་རྐྱང་མ་གཏོགས་དད་པ་བགྱིད་མཁན་གཞན་མ་ཡེ་རེ་ནི། ཡ་ཧུ་དཱ་ལུང་པ་དིང་སཱ་མར་ཡཱ་ལུང་པ་ལེ་ཁ་འཐོར་རི་དིག 2ཡང་ཆོས་སེམས་ཆེན་པོ་འོད་ཡོད་མི་ཀྱ་ཀྱིས་སེ་ཏེ་ཕཱན་གྱི་རོ་དུར་ཁྲོད་ལེ་སྦས་ཏེ་མྱ་ངན་འཇུ་གུ་བྱས་པི་དིག 3ཡིན་ནའང་། སོ་ལོ་ཁོས་ཆོས་ཚོགས་རྩ་མེད་གཏོང་རྒྱུ་ཆེད་དུ། ཁྱིམ་རེ་རེ་ནང་ལེ་ཕྱིན་ཏེ། དད་པ་བགྱིད་མཁན་སྐྱེ་ཕོ་མོ་ཀྱ་ལེ་བཙན་དབང་བཏང་སྟེ་བཙོན་ལེ་བཅུག་པི་དིག 4དེ་ནས་ཁ་འཐོར་ཏེ་འགྲོ་མཁན་མི་ཀྱ་ཀྱིས་ཟང་ཡུལ་ལུང་ག་ན་ལེ་ཕྱིན་ནའང་། ཡེ་ཤུའི་སྐོར་གྱི་གཏམ་བཟང་དེ་ཤོད་གྱོ་འོད་དིག
སཱ་མར་ཡཱ་ལུང་པ་ནས་ཡིན་དི་ཕི་ལིབ་ཁོས་ཆོས་བཤད་པ།
5ཡང་ཕི་ལིབ་ཁོ་རང་ཟང་སྨད་ཕྱོགས་ཀྱི་སཱ་མར་ཡཱ་ལུང་པའི་རྒྱལ་ས་ཞིག་ལེ་ཕྱིན་ཏེ། ཡེ་ཤུ་ནི་དཀོན་མཆོག་གིས་བདམས་པའི་སྐྱབས་མགོན་དེ་ཡིན་དིག་ཟིན་ཆོས་བཤད་དི་དིག 6ཡང་མི་ཚོགས་ཀྱ་ཀྱིས་ཟང་ཕི་ལིབ་ཀྱིས་བཤད་དི་ཆོས་དིང་། གྲུབ་རྟགས་བསྟན་པི་དེ་ཀྱ་མཐོང་སྟེ། བློ་སེམས་རྩེ་གཅིག་གིས་ངང་ནས་ཉན་གྱོ་འོད་དིག 7ཅི་ལེ་ཟེར་ནི། མི་མང་པོ་ལེ་ཞུགས་འོད་ཡོད་གདོན་འདྲེ་དེ་ཀྱ་ཟང་སྐད་ཆེན་པོ་བརྒྱབ་ཏེ་མིའི་ཁོག་ནས་ཐོན་འགྲོ་བ་དིང་། རྐང་པ་ཞ་རིལ་དིང་དབང་པོ་སྐྱོན་ཅན་མང་པོ་ཞིག་དྲག་ཏུ་བཅུག་ཕེན། 8རྒྱལ་ས་དེའི་ནང་ལེ་འོད་ཡོད་མི་ཀྱ་དགའ་སྤྲོ་ཆེན་པོ་བྱུང་པི་དིག
རྫུ་འཕྲུལ་སྟོན་མཁན་སྔགས་པ་སི་མོན་གྱི་སྐོར།
9དེ་ནས་ཡང་སི་མོན་ཟེར་མཁན་མི་ཞིག་འོད་དིག ཁོས་སྔོན་མ་ནས་ཕེན་སཱ་མར་ཡཱ་རྒྱལ་ས་ལེ། ང་རང་སྔགས་པ་ཞིག་ཡིན་ཟིན་འབོར་ཤོབ་ཆེན་པོས་རྫུ་འཕྲུལ་བསྟན་ཕེན། སཱ་མར་ཡཱ་ལུང་པའི་མི་ཀྱ་ཧ་ལས་དུ་བཅུག་པི་མ་ཟད། 10མཐོ་སའི་སྐུ་ཕྲག་ནས་བྱས་ཏེ་སྨད་སའི་མི་དཀྱུས་མ་ཡེ་རེས་ཟང་སྔགས་པ་ཁོ་ལེ། མི་དེ་ནི་དངོས་ནས་དཀོན་མཆོག་གི་མཐུ་ནུས་པ་ཆེན་པོ་འོད་ཡོད་ཞིག་ཡིན་དིག་ཟིན་ཁོའི་ལབ་ལེ་ཉན་གྱོ་འོད་དིག 11ཡང་ཁོས་ཡུན་རིང་པོ་མི་ཀྱ་ལེ་རྫུ་འཕྲུལ་བསྟན་ཏེ། ཁོང་ཀྱ་ཧ་ལས་དུ་བཅུག་ཕེན། མི་ཀྱ་ཀྱིས་ཁོའི་ལབ་ལེ་ནན་ཏན་བྱས་ཏེ་ཉན་གྱོ་འོད་དིག 12ཡིན་ནའང་། ཕི་ལིབ་ཀྱིས་དཀོན་མཆོག་གི་རྒྱལ་ཁབ་སྐོར་གྱི་གཏམ་བཟང་བཤད་དི་དིང་། སྐྱབས་མགོན་ཡེ་ཤུའི་མཚན་གྱི་བརྒྱུད་ནས་ཆོས་བཤད་དི་དེ་ལེ། མི་ཀྱ་ཀྱི་དད་པ་བྱས་པི་མ་ཟད། དད་པ་བགྱིད་མཁན་སྐྱེ་ཕོ་མོ་མང་པོ་ཞིག་ལེ་ཁྲུས་གསོལ་བྱས་པི་དིག 13སི་མོན་ཁོས་ཟང་དད་པ་བྱས་ཏེ་ཁྲུས་གསོལ་བྱས་པི་མ་ཟད། དུས་རྟག་ཏུ་ཕི་ལིབ་ཀྱི་སྐྱེན་ལེ་འགྲོ་བ་དིང་། ཕི་ལིབ་ཀྱིས་བསྟན་པའི་གྲུབ་རྟགས་དིང་ངོ་མཚར་ཆེ་བའི་དོན་དེ་ཀྱ་མཐོང་སྟེ། ཁོ་རང་ཧ་ལས་ཆེན་པོ་བྱུང་པི་དིག
14དེ་ནས་ཡང་ཡེ་རུ་ས་གླིང་རྒྱལ་ས་ལེ་སྡོད་མཁན་སྐུ་ཚབ་ཀྱ་ཀྱིས་སཱ་མར་ཡཱ་ལུང་པའི་མི་ཀྱ་ཀྱིས་ཟང་དཀོན་མཆོག་གི་བཀའ་ལེ་དད་པ་བགྱིད་འོད་དི་ཐོས་ཏེ། པེ་ཏྲོ་དིང་ཡོ་ཧ་ནན་ཁོ་གཉིས་མི་དེ་ཀྱ་འོད་ས་ལེ་བརྫངས་པི་དིག 15དེ་ནས་ཁོང་གཉིས་ས་ཆ་དེ་རུ་སླེབས་ཕེན། མི་དེ་ཀྱ་ལེ་དམ་པའི་ཐུགས་ཉིད་ཐོབ་རྒྱུ་ཆེད་དུ་ཁོ་གཉིས་ཀྱིས་གསོལ་བ་བཏབ་པི་དིག 16ཅི་ལེ་ཟེར་ནི། ཇོ་བོ་ཡེ་ཤུའི་མཚན་ནང་ལེ་ཆུའི་ཁྲུས་གསོལ་བྱས་ནའང་། མི་སུ་ཞིག་ལེ་ཟང་དམ་པའི་ཐུགས་ཉིད་མ་ཁྱབ་པི་དིག 17དེ་ནས་པེ་ཏྲོ་དིང་ཡོ་ཧ་ནན་ཁོ་གཉིས་ཀྱིས་མི་དེ་ཀྱ་ལེ་ཕྱག་དབང་གནང་ཕེན། མི་དེ་ཀྱ་ལེ་དམ་པའི་ཐུགས་ཉིད་ཁྱབ་པི་དིག 18སྐུ་ཚབ་ཀྱ་ཀྱིས་མི་དེ་ཀྱ་ལེ་ཕྱག་དབང་གནང་སྟེ། དམ་པའི་ཐུགས་ཉིད་ཐོབ་པི་དེ་སི་མོན་གྱིས་ཟང་མཐོང་ཕེན། ཁོང་གཉིས་ལེ་དངུལ་གཏད་དེ། 19ངས་ཟང་མི་སུའི་ལྟག་ག་ལེ་ལག་ག་འབོར་ཏེ། མི་དེ་ཀྱ་ལེ་དམ་པའི་ཐུགས་ཉིད་ཐོབ་རྒྱུ་ཆེད་དུ་ནུས་པ་དེ་ང་ལེ་གནང་རོགས་ཟིན་སྨྲས་པི་དིག 20ཡིན་ནའང་། པེ་ཏྲོས་ཁོ་ལེ། དཀོན་མཆོག་གི་འཇོན་ཐང་དེ་ནི། དངུལ་གྱིས་ཉོ་ཐུབ་གྱོ་འོད་དིག་བསམ་གྱི་གས། ཁྱོད་དིང་དངུལ་གཉིས་ཀ་སྐྱེན་ལེ་རྩ་མེད་འགྲོ་བར་ཤོག 21དཀོན་མཆོག་གི་དྲུང་དུ་ཁྱོད་རང་སེམས་དྲང་པོ་མེད་ཕེན། ཁྱོད་ལེ་ལས་འགན་འདི་ཐོབ་ཐང་མེད་དིག 22དེ་ལས་ཁྱོད་ཀྱིས་རང་གི་ནག་ཉེས་དེ་ལེ་ཁས་ལེན་དིང་འགྱོད་བཤགས་བྱས་ཏེ། ཇོ་བོ་དཀོན་མཆོག་ལེ་གསོལ་བ་ཐོབ་ཅིག ཁོང་གི་ཐུགས་དགོངས་དིང་མཐུན་ནི། ཁྱོད་ཀྱིས་བཅངས་པའི་ངན་སེམས་དེ་ལེ་དགོངས་ཡངས་ཐོབ་སྲིད། 23ཁྱོད་ནི་ཕྲག་དོག་གིས་ཁེངས་ཏེ་སྡིག་པས་གནོན་འོད་དི་ངས་མཐོང་གི་འདུག་སྨྲས་པི་དིག 24ཡང་སི་མོན་གྱིས་ཁྱེད་ཀྱིས་སྨྲས་པི་དེ་ངའི་ཐོག་ལེ་མི་ཡོང་གི་ཆེད་དུ། ཁྱེད་ཀྱིས་ཇོ་བོ་དཀོན་མཆོག་ལེ་གསོལ་བ་འདེབས་རོགས་ཟིན་སྨྲས་པི་དིག 25དེ་ནས་པེ་ཏྲོ་དིང་ཡོ་ཧ་ནན་ཁོ་གཉིས་ཀྱིས་ཇོ་བོ་ཡེ་ཤུའི་བཀའ་ལེ་དཔང་པོ་བྱས་ཏེ་གཏམ་བཟང་བཤད་དི་རྗེས་ལེ། ཕར་ཡེ་རུ་ས་གླིང་རྒྱལ་ས་ལེ་ལོག་འགྲོ་རྒྱ། སཱ་མར་ཡཱ་ཡུལ་སྡེ་མང་པོ་ལེ་གཏམ་བཟང་བཤད་དི་དིག
ཕི་ལིབ་དིང་ཨེ་ཐི་ཨོ་ཕི་ཡཱ་ཟེར་རི་ལུང་པའི་མི་ཞིག་གི་སྐོར།
26ཡང་ཇོ་བོ་དཀོན་མཆོག་གི་ཕོ་ཉ་ཞིག་གིས་ཕི་ལིབ་ལེ། ལྷོ་ཕྱོགས་ཀྱི་ཡེ་རུ་ས་གླིང་རྒྱལ་ས་ནས་ག་ཟཱ་ཟེར་རི་རྒྱལ་ས་ལེ་འགྲོ་སའི་ལུང་སྟོང་གི་ལམ་ལེ་རྒྱུགས་ཅིག་ཟིན་བཀའ་གནང་ཕེན། 27ཕི་ལིབ་ཀྱིས་ཟང་ཁོང་གིས་གསུངས་པའི་ལམ་དེ་ལེ་ཞུགས་ཏེ་འགྲོ་རྒྱ། ཨེ་ཐི་ཨོ་ཕི་ཡཱ་ཟེར་རི་ལུང་པའི་དབང་ཆ་ཆེན་པོ་འོད་ཡོད་གཉེར་པ་སྐྱེས་པ་མཛོ་བོ་ཞིག་ཐུག་པི་དིག ཁོ་རང་ཨེ་ཐི་ཨོ་ཕི་ཡཱ་ལུང་པའི་རྒྱལ་མོ་ཀན་དཱ་ཀེ་ཟེར་མཁན་གྱི་དངུལ་གཉེར་ཟང་ཡིན་དིག ཁོ་རང་ཡེ་རུ་ས་གླིང་རྒྱལ་ས་ལེ་དཀོན་མཆོག་ལེ་མཆོད་པ་འབུལ་དུ་ཕྱིན་ཏེ། 28ད་ལྟ་ཁོ་རང་ཤིང་རྟ་ལེ་བཞོན་ཏེ་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ཞིག་ཀློག་གིན་ཀློག་གིན་ཕ་ལེ་ལོག་འགྲོ་བ་མཐོང་པི་དིག 29དེ་ནས་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཕི་ལིབ་ལེ། ཁྱོད་རང་ཤིང་རྟའི་སྐྱེན་ལེ་རྒྱུགས་ཅིག་ཟིན་གསུངས་ཕེན། 30ཕི་ལིབ་ཀྱིས་ཟང་ཁོང་གིས་ཅི་གསུངས་ཅོག་འདྲ། བརྒྱུགས་ཕྱིན་ཏེ་ཁོའི་འགྲམ་ལེ་སླེབས་པི་དིག དེ་ནས་ཁོས་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ཞིག་སྒྲོག་གྱོ་འོད་དི་ཐོས་ཕེན། ཕི་ལིབ་ཀྱིས་ཁོ་ལེ། ཁྱེད་ཀྱིས་སྒྲོགས་པའི་མདོ་དེའི་དོན་དག་ཧ་གོ་འདུག་གས་ཟིན་དྲིས་ཏེ། 31མི་ཁོས་ཕི་ལིབ་ལེ། ང་ལེ་གསལ་བཤད་བགྱིད་མཁན་མེད་དི་ངས་དོན་དག་ཅི་གི་བྱས་ཏེ་ཧ་གོ་ཐུབ་རྒྱུ། ཁྱེད་རང་ངའི་ཤིང་རྟའི་ནང་ལེ་ཤོག་ཟིན་སྨྲས་ཕེན། ཕི་ལིབ་ཟང་ཁོའི་སྐྱེན་ལེ་བསྡད་དི་དིག 32ཁོས་སྒྲོག་གྱོ་འོད་ཡོད་མདོ་ནི།
ཁོང་ནི་ལུག་ཅོག་འདྲ་ཤན་པའི་མདུན་དུ་ཁྲིད། །
བལ་འབྲེག་མཁན་མདུན་ལེ་བསྡད་དི་ལུ་གུ་ཅོག་འདྲ། །
ཁོང་གི་ཞལ་ནས་ཟང་སྐད་སྒྲ་ཅི་གང་བསྟན་མ་གནང་། །
33མི་གཞན་གྱིས་ཁོང་ལེ་འཕྱམ་ཆ་དིང་དམོད་མོ་བརྒྱབ། །
བདེན་པའི་ཁྲིམས་ཐག་དེ་དུས་གཏན་དུ་མེད་པར་བཟོས། །
ཁོང་གི་ཚེ་སྲོག་ས་ནས་འཕྲོག་རྒྱུ་ཆེད་དུ། །
ཁོང་གི་རྒྱུད་པ་མི་སུས་འཆད་ནུས་སྲིད་རྒྱུ། །#8.33 ཚིགས་བཅད་འདི་ནི། ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 53 ཨང་ 7-8 ནང་ལེ་གཟིགས་རོགས།
ཟིན་གསུངས་པི་དེ་ཡིན་དིག
34དེ་ནས་གཉེར་པ་ཁོས་ཕི་ལིབ་ལེ། ལུང་བསྟན་པ་དེ་ནི། ལུང་སྟོན་ཁོ་རང་གི་སྐོར་ལེ་ཡིན་གོ། ཡང་ནི་མི་གཞན་སུའི་སྐོར་ལེ་གསུངས་པི་ཡིན་གོ། ང་ལེ་སྨྲོས་དང་ཟིན་སྨྲས་ཕེན། 35ཕི་ལིབ་ཀྱིས་མདོ་དེ་ནས་མགོ་བཙུགས་ཏེ་ཡེ་ཤུའི་སྐོར་ཀྱི་གཏམ་བཟང་ཡེ་རེ་ཁོ་ལེ་བཤད་དི་དིག 36ཡང་ཁོང་གཉིས་ལམ་ཞུགས་ཏེ་འགྲོ་རྒྱ། ཆུ་འོད་ས་ཆ་ཞིག་རུ་སླེབས་ཕེན། གཉེར་པ་ཁོས་ཕི་ལིབ་ལེ། ལྟོས་དང་། འདི་རུ་ཆུ་འདུག ངས་ཁྲུས་གསོལ་བགྱིད་རྒྱུ་ལེ་དོན་ཅི་ཞིག་གིས་འགེག་གྱོ་འོད་དི་གོ་ཟིན་སྨྲས་པི་དིག 37#8.37 སྐུ་ཚབ་ཀྱ་ཀྱིས་མཛད་པ་བཤུས་ཡིག་སྔོན་ཤོས་ནང་ལེ། འོག་གི་ཚིགས་བཅད་འདི་འོད་དིག 37 དེ་ནས་ཕི་ལིབ་ཀྱིས་ཁོ་ལེ་ཁྱོད་རང་བློ་སེམས་རྩེ་གཅིག་གིས་དད་པ་བྱས་ནི། དོན་ཅི་ཞིག་གིས་འགེག་མི་ཐུབ་འོད་དིག་ཟིན་སྨྲས་ཕེན། ཁོས་ཟང་སྐྱབས་མགོན་ཡེ་ཤུ་ནི། དཀོན་མཆོག་གི་སྲས་ཡིན་དི་ངས་དད་པ་བགྱིད་ཀྱི་ཡིན་སྨྲས་པི་དིག 38དེ་ནས་ཁོས་ཤིང་རྟ་ཁ་ཁོག་དང་ཟིན་བཀའ་གནང་ཕེན། ཁོ་གཉིས་ཆུའི་ནང་ལེ་ཕྱིན་ཏེ། ཕི་ལིབ་ཀྱིས་གཉེར་པ་ཁོ་ལེ་ཁྲུས་གསོལ་བྱས་པི་དིག 39དེ་ནས་ཁོང་གཉིས་པོ་ཆུའི་ནང་ནས་ཡར་ཐོན་འོང་རྒྱ། ཇོ་བོ་དཀོན་མཆོག་གི་ཐུགས་ཉིད་ཀྱིས་དེ་ལོང་མེད། ཕི་ལིབ་ས་ཆ་གཞན་མ་ཞིག་ལེ་ཁྲིད་དི་དིག ཡང་གཉེར་པ་ཁོས་ཟང་ཕི་ལིབ་ག་ན་ལེ་འགྲོ་བ་ཧ་མ་གོ་ནའང་། ཁོ་རང་སེམས་པ་དགའ་སྤྲོ་ཆེན་པོས་ངང་ནས་ལམ་ཞུགས་ཏེ་ལོག་བུད་དི་དིག 40ཡང་དེའི་རྗེས་ལེ་ཕི་ལིབ་ཁོ་རང་ནི། ཨ་ཟོད་ཐུ་ཟེར་རི་རྒྱལ་ས་རུ་སླེབས་འོད་དི་ཧ་གོ་ཕེན། དེའི་ནང་ལེ་འོད་ཡོད་རྒྱལ་ས་ཡེ་རེ་བརྒྱུད་ནས་བྱས་ཏེ། ཀེ་སར་ཡཱ་རྒྱལ་ས་རུ་མ་སླེབ་བར་དུ་གཏམ་བཟང་བཤད་དི་དིག །
Currently Selected:
མཛད་པ། 8: DLPO
Highlight
Share
Copy

Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.