མཛད་པ། 7
7
ལེའུ་བདུན་པ།
སེ་ཏེ་ཕཱན་གྱིས་རང་སྐྱོབ་ཀྱི་གཏམ་བཤད་པ།
1དེ་ནས་མཆོད་པ་འབུལ་མཁན་གཙོ་བོ་ཁོས་སེ་ཏེ་ཕཱན་ལེ། ངས་ཅི་ཐོས་པི་དེ་ཡེ་རེ་བདེན་པ་ཡིན་གས་ཟིན་དྲིས་ཕེན། 2སེ་ཏེ་ཕཱན་གྱིས་ཁྱེད་རྒན་མི་ཀྱ་དིང་གཞོན་ནུ་ཀྱ་ང་ལེ་ཉོན་དང་། འུའི་མེས་མེས་ཨབ་ར་ཧམ་ནི་ཧ་རན་ཟེར་རི་རྒྱལ་ས་ལེ་གཞིས་མ་ཆགས་པི་སྔོན་ལེ། མེ་སུའོ་པི་ཏ་མེ་ཡཱ་ཟེར་རི་ལུང་པ་ལེ་སྡོད་རྒྱ། ཨབ་ར་ཧམ་ལེ་གཟི་བརྗིད་ཅན་གྱི་དཀོན་མཆོག་མངོན་སུམ་དུ་མཇལ་ཕེན། 3ད་ཁྱོད་རང་གི་ཡུལ་དིང་གཉེན་ཚན་ཀྱ་དིང་ཁ་བྲལ་ཏེ། ངས་ཁྱོད་ལེ་སྟོན་རྒྱུ་ཡིན་དི་ས་ཆ་དེ་ལེ་ཤོག་ཅིག་ཟིན་གསུངས་མྱོང་འོད་དི་མ་ཟད།#7.3 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་དང་པོ་བཀོད་པ་ལེའུ་ 12 ཨང་ 1 ནང་ལེ་གཟིགས་རོགས། 4ཨབ་ར་ཧམ་ཁོ་རང་ཟང་ཀལ་དཱ་ལུང་པའི་མི་ཀྱ་དིང་ཁ་བྲལ་ཏེ། ཧ་རན་རྒྱལ་ས་ལེ་གཞིས་ཆགས་པི་དིག དེ་ནས་ཁོའི་ཨ་ཀྱི་གྲོངས་པི་རྗེས་ལེ། དཀོན་མཆོག་གིས་ཁོའི་སྡོད་སའི་ས་ཆ་ནས་ད་ལྟ་ཁྱེད་ཀྱ་བསྡད་འོད་ཡོད་ས་ཆ་འདི་རུ་ཁྲིད་འོངས་པི་དིག#7.4 ཀལ་དཱ་པ་མི་ཀྱ་ཟེར་རི་དེ་ནི། མེ་སུའོ་པི་ཏ་མེ་ཡཱ་ལུང་པ་ལེ་སྡོད་མཁན་གྱི་མིང་གཞན་ཞིག་ཡིན་དིག 5ཡིན་ནའང་། དཀོན་མཆོག་གིས་ཨབ་ར་ཧམ་ལེ་ས་ཆ་འདི་རུ་ཐོབ་ཐང་གནང་རྒྱུ་ག་ན་ག་ན། རྐང་པ་འབོར་སའི་ས་ལེད་ལེད་ཞིག་ཟང་གནང་མེད་དིག དཀོན་མཆོག་གིས་ས་ཆ་འདི་ནི་ཨབ་ར་ཧམ་དིང་ཁོའི་བུ་རྒྱུད་ཀྱ་ཀྱིས་བདག་པོ་རྒྱག་དགོས་པའི་ཞལ་ཆད་གནང་འོད་ནའང་། དེ་རྒྱ་ཁོ་རང་ལེ་བུ་ཕྲུག་གཅིག་ཟང་མེད་དིག 6ཡང་དཀོན་མཆོག་གིས་ཁོའི་བུ་རྒྱུད་ཀྱ་མི་རིགས་གཞན་གྱི་ཡུལ་ལེ་ཕྱི་རྒྱལ་ཅོག་འདྲ། ལོ་བཞི་བརྒྱའི་རིང་ལེ་ཚེ་གཡོག་བྱས་ཏེ་དཀའ་ངལ་མྱོང་གྱི་དིག 7ཡང་ཚེ་གཡོག་རྒྱུག་ས་ལུང་པ་དེའི་མི་ཀྱ་ལེ་ངས་ཁྲིམས་གཅོད་བགྱིད་ཀྱི་ཡིན། དེའི་རྗེས་ལེ་ཁོང་ཀྱ་ལུང་པ་དེ་ནས་ཐོན་འོང་སྟེ། ཁོང་ཀྱ་ཀྱིས་ལུང་པ་འདི་རུ་ང་ལེ་བསྙེན་བཀུར་བགྱིད་ཀྱི་དིག་ཟིན་གསུངས་པི་དིག#7.7 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་དང་པོ་བཀོད་པ་ལེའུ་ 15 ཨང་ 13-14 དིང་། ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གཉིས་པ་ཐེགས་པ་ལེའུ་ 3 ཨང་ 12 ནང་ལེ་གཟིགས་རོགས། 8ཡང་དཀོན་མཆོག་གིས་ཨབ་ར་ཧམ་ལེ་ཞལ་ཆད་སྲུང་གྱོ་འོད་དི་རྟགས་ལེ། ཕོ་མཚན་གྱི་རྩེ་ལྤགས་པ་གཅོད་དུ་བཅུགས་པི་དིག ཨབ་ར་ཧམ་ལེ་བི་ས་ཨི་སཱག་ཟེར་མཁན་ཞིག་སྐྱེས་ཕེན། ཉིན་བརྒྱད་པ་ལེ་བི་སའི་ཕོ་མཚན་གྱི་རྩེ་ལྤགས་བཅད་དི་དིག དེ་ནས་ཡང་ཨི་སཱག་ཆེན་པོ་ཆག་ཕེན། ཁོ་རང་ལེ་ཟང་བི་ས་ཡ་ཀོབ་ཟེར་མཁན་ཞིག་སྐྱེས་པི་མ་ཟད། རྗེས་ལེ་ཡ་ཀོབ་ཟང་ཆེན་པོ་ཆག་ཕེན། ཁོ་ལེ་ཟང་བི་ས་བཅུ་གཉིས་སྐྱེས་པི་དིག བི་ས་བཅུ་གཉིས་དེ་ཀྱ་ནི་འུའི་མེས་མེས་ཀྱ་ཀྱི་རྒྱུད་པ་ཡིན་དིག#7.8 ཕོ་མཚན་གྱི་རྩེ་ལྤགས་གཅོད་རྒྱུ་དེ་ནི། དཀོན་མཆོག་གིས་གནང་བའི་ཞལ་ཆད་དེ་བསྲུང་རྒྱུ་ཆེད་དུ་རྟགས་ཤིག་ཡིན་ཕེན། སྐྱེས་པ་ཀྱ་ཀྱི་ཕོ་མཚན་གྱི་རྩེ་ལྤགས་གཅོད་གྱོ་འོད་དིག
9དེ་ནས་མེས་མེས་དེ་ཀྱ་ཀྱིས་རང་གི་སྤུན་ཡོ་སེབ་ལེ་ཕྲག་དོག་སྐྱེས་ཏེ། ཁོ་རང་ཨེ་ཇེབ་ལུང་པ་ལེ་འགྲོ་མཁན་འགྲུལ་བ་ཞིག་ལེ་བཙོངས་པི་དིག ཡིན་ནའང་། དཀོན་མཆོག་གིས་ཡོ་སེབ་ལེ་ཐུགས་རྗེ་གཟིགས་སྐྱོང་གནང་སྟེ། 10ཁོ་རང་ལེ་འོད་ཡོད་དཀའ་ངལ་ཡེ་རེ་ནས་བསྐྱབས་གནང་པི་མ་ཟད། ཨེ་ཇེབ་ལུང་པའི་རྒྱལ་པོ་ཕཱར་ཨོ་ཁོང་གི་དྲུང་དུ་ཡོ་སེབ་ལེ་ཐུགས་རྗེ་དིང་ཤེས་རབ་ཐོབ་ཕེན། རྒྱལ་པོ་ཁོས་ཡོ་སེབ་ཁོ་རང་ནི་ཨེ་ཇེབ་ལུང་པའི་སྤྱི་དཔོན་དིང་ཕོ་བྲང་གི་གཉེར་པ་ལེ་བསྐོས་པི་དིག 11དེའི་རྗེས་ལེ་ཨེ་ཇེབ་ལུང་པ་དིང་ཀ་ནཱན་ཟེར་རི་ཡུལ་ཀུན་ལེ་མུ་གེ་བྱུང་ཕེན། མི་ཀྱ་ཡེ་རེ་ལེ་དཀའ་ངལ་ཆེན་པོ་བྱུང་པི་མ་ཟད། འུའི་ཕ་མའི་ཕ་མ་ཀྱ་ལེ་ཟང་ཟ་རྒྱུ་ཆད་དི་དིག 12དེ་རྒྱ་ཡ་ཀོབ་ཀྱིས་ཨེ་ཇེབ་ལུང་པ་ལེ་འབྲུ་རིགས་འོད་དི་ཐོས་ཕེན། རང་གི་བི་ས་ཀྱ་ལན་མ་དང་པོ་ལུང་པ་དེ་ལེ་བརྫངས་པི་དིག 13-14ཡང་ལན་མ་གཉིས་པ་རྫོང་རྒྱ། ཡོ་སེབ་ཀྱིས་རང་གི་ཨ་ཇོ་ཀྱ་ལེ། ཁོ་རང་སུ་ཡིན་མིན་བཤད་དི་མ་ཟད། རྒྱལ་པོ་ཕཱར་ཨོ་ཁོས་ཟང་ཁོའི་གཉེན་ཚན་ཡིན་དི་ཧ་གོ་པི་དིག དེ་ནས་ཡོ་སེབ་ཀྱིས་རང་གི་ཨ་ཇོ་ཀྱ་ཕ་ལེ་ལོག་བརྫངས་ཏེ། རང་གི་ཨ་ཀྱི་ཡ་ཀོབ་དིང་ནང་མི་བདུན་ཅུ་དོན་ལྔ་ཡེ་རེ་ཚུར་ཁྲིད་འོངས་ཏེ། 15ཨེ་ཇེབ་ལུང་པ་ལེ་ཡ་ཀོབ་གཞིས་ཆགས་པི་དིག དེ་ནས་རྗེས་ལེ་ཡ་ཀོབ་དིང་། འུའི་མེས་མེས་ཀྱ་ཟང་ཡུལ་དེ་རུ་གྲོངས་པི་དིག 16ཁོང་ཀྱ་ཀྱིས་ཤེ་ཀེམ་ཟེར་རི་ཡུལ་དུ་མེས་མེས་ཀྱི་ཕུང་པོ་ཁྱེར་ཏེ། སྔོན་མ་ཨབ་ར་ཧམ་གྱིས་ཤེ་ཀེམ་ཡུལ་གྱི་ཧེ་མོར་ཟེར་རི་བུ་རྒྱུད་ཀྱི་ལག་ནས་དངུལ་གྲངས་དུམ་དུམ་ཞིག་གཏད་དེ་རོ་སྤས་ས་ཞིག་ཉོས་འོད་ཕེན་འོ་དེ་རུ་རོ་སྦས་པི་དིག
17ཡིན་ནའང་། དཀོན་མཆོག་གིས་ཨབ་ར་ཧམ་ལེ་བོར་རི་ཞལ་ཆད་དི་སྒྲུབ་པའི་དུས་དེ་སླེབས་རྒྱ། ཨེ་ཇེབ་ལུང་པ་ལེ་རང་གི་མི་རིགས་ཡི་སི་ར་ཨེལ་པ་མང་པོ་འཕེལ་འོད་དིག 18དེ་ནས་དུས་དེ་རྒྱ་ཡོ་སེབ་ཀྱི་སྐོར་ལེ་ཆ་རྒྱུས་མེད་མེད་རྒྱལ་པོ་གསར་པ་ཞིག་ཨེ་ཇེབ་ལུང་པ་ལེ་དབང་བསྒྱུར་བྱས་པི་དིག 19རྒྱལ་པོ་ཁོས་འུའི་རྒྱུད་པའི་མི་རིགས་ཀྱ་ལེ་གཡོ་སྒྱུ་བྱས་པི་མ་ཟད། ཕ་མ་ཀྱ་ལེ་ཟང་གནོད་འཚེ་བཏང་སྟེ། འུའི་ཕྲུ་གུ་དམར་འབྱར་དེ་ཀྱ་ཟང་ཕ་མ་དིང་ཁ་འབྲལ་གཏོང་རྒྱུ་བཀའ་གནང་པི་དིག 20དུས་དེ་རྒྱ་མོ་ཤེ་ཟེར་མཁན་བི་ས་ཞིག་སྐྱེས་ཕེན། དཀོན་མཆོག་གི་སྤྱན་སྔར་ལེ་ཟང་བི་ས་དེ་སྙིང་རྗེ་མོ་འཇུ་གུ་འོད་དི་མ་ཟད། ཟླ་བ་གསུམ་བར་དུ་ཕ་མས་གསོ་སྐྱོང་བྱས་པི་རྗེས་ལེ། 21ཆུ་ལེ་མི་སྐུར་ཀ་མེད་བྱུང་པི་དིག ཡང་དེ་རྒྱ་རྒྱལ་པོ་ཕཱར་ཨོའི་སྲས་མོ་མོས་ཕྲུ་གུ་དེ་བླངས་ཏེ་བུ་ཚབ་བཟོས་ཏེ་གསོ་སྐྱོང་བྱས་པི་དིག 22དེ་ནས་བི་ས་མོ་ཤེ་ཁོ་རང་ཨེ་ཇེབ་ཀྱི་ལུགས་སྲོལ་དིང་ཤེས་བ་ཡོན་ཏན་ཡེ་རེ་བསླབས་ཏེ། ཁ་ཡོད་ལག་ཡོད་ཀྱི་འཇོན་ཐང་འོད་ཡོད་མི་ཞིག་བྱུང་པི་དིག 23དེ་ནས་ཁོ་རང་ལོ་བཞི་བཅུ་ཡིན་རྒྱ། ཁོའི་སེམས་པ་ལེ་རང་གི་མི་རིགས་ཡི་སི་ར་ཨེལ་པ་ཀྱ་ལེ་ཐུག་འཕྲད་བགྱིད་དུ་འགྲོ་གོ་བསམས་པི་དིག 24དེ་ནས་ཉིན་མ་ཞིག་ཁོ་རང་ས་ཆ་དེ་ལེ་འགྲོ་རྒྱ། ཡི་སི་ར་ཨེལ་པའི་མི་གཅིག་ལེ་དོན་མེད་ལེ། ཨེ་ཇེབ་མི་གཅིག་གིས་གནོད་འཚེ་གཏོང་གྱོ་འོད་དི་མཐོང་ཕེན། མོ་ཤེས་ཡི་སི་ར་ཨེལ་པའི་མི་དེ་ལེ་སྲུང་སྐྱོབ་བྱས་ཏེ། ཨེ་ཇེབ་པའི་མི་དེ་ལེ་དགྲ་ཤ་ལེན་རྒྱུ་ཆེད་དུ་བརྡུངས་ཏེ་བསད་དི་དིག 25ཡང་མོ་ཤེའི་སེམས་པ་ལེ་དཀོན་མཆོག་གིས་ངའི་བརྒྱུད་ནས་མི་དེ་ཀྱ་ལེ་སྐྱོབ་རྒྱུ་ཡིན་དི་དེ་ནི། རང་གི་མི་རིགས་ཀྱ་ཀྱིས་ཧ་གོ་པི་དིག་བསམས་ནའང་མི་དེ་ཀྱ་ཀྱིས་ཧ་མ་གོ་པི་དིག 26ཡང་དེའི་སྔ་དྲོ་མོ་ཤེས་ཡི་སི་ར་ཨེལ་པའི་མི་གཉིས་ལག་འཛིན་བགྱིད་དི་མཐོང་ཕེན། ཁོས་མི་དེ་གཉིས་ལེ་བར་ཕྱེ་བྱས་ཏེ། ཁྱེད་གཉིས་པོ་ནི་ནང་ཚོགས་ཡིན་དི་མ་ཟད། ཅི་ལེ་ཕན་ཚུན་བར་ལེ་རྨ་སྐྱོན་བཟོ་བ་ཡིན་དོ་ཟིན་སྨྲས་པི་དིག 27ཡང་གཞན་ལེ་བརྙས་བཅོས་བགྱིད་མཁན་ཁོས་མོ་ཤེ་ཕ་ལེ་འཕུལ་ཏེ། མི་སུས་ཁྱོད་ཉེད་ཀྱ་ལེ་དབང་སྒྱུར་བགྱིད་རྒྱུ་དིང་ཁྲིམས་དཔོན་ལེ་བསྐོས་བྱུང་། 28ཁྱོད་ཀྱིས་མདང་ཨེ་ཇེབ་ཀྱི་མི་བསད་དི་ཅོག་འདྲ། ང་ཟང་གསོད་འདོད་འདུག་གས་ཟིན་སྨྲས་ཕེན།#7.28 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གཉིས་པ་ཐེགས་པ་ལེའུ་ 2 ཨང་ 14 ནང་ལེ་གཟིགས་རོགས། 29མོ་ཤེས་ལབ་དེ་ཐོས་ལོང་མེད། མིད་རྡེ་ཡཱན་ཟེར་རེ་ལུང་པ་ལེ་འབྲོས་ཏེ་ཡུན་རིང་པོ་དེ་རུ་བསྡད་དི་མ་ཟད། ལུང་པ་དེ་རུ་མི་ཚེ་བྱས་ཏེ་ཁོ་རང་ལེ་བི་ས་གཉིས་སྐྱེས་པི་དིག
30དེ་ནས་ལོ་བཞི་བཅུ་རྗེས་ལེ། སི་ནཱ་རི་བོའི་དབེན་སྟོང་དུ་མེ་འབར་འོད་ཡོད་སེའི་སྡོང་པོ་འདྲ་པོ་ཞིག་གི་ནང་ནས་དཀོན་མཆོག་གི་ཕོ་ཉ་ཞིག་ཁོ་ལེ་མངོན་སུམ་དུ་མཇལ་ཕེན། 31མོ་ཤེས་ངོ་མཚར་སྐྱེས་ཏེ་མེ་འབར་དེའི་རྩ་ལེ་བལྟ་རུ་འགྲོ་རྒྱ། ཇོ་བོ་དཀོན་མཆོག་གིས་ཁོ་ལེ། 32ང་ནི་ཁྱོད་ཀྱི་མེས་མེས་ཨབ་ར་ཧམ་དིང་། ཨི་སཱག ཡ་ཀོབ་ཀྱི་དཀོན་མཆོག་ཡིན་ཟིན་གསུང་སྐད་ཐོས་པི་དིག དེ་ནས་མོ་ཤེ་འཇུ་གུ་འཁྱར་ཏེ་འདར་ཕེན་ཁོང་ལེ་ལྟ་མ་ནུས་པི་དིག#7.32 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གཉིས་པ་ཐེགས་པ་ལེའུ་ 3 ཨང་ 6 ནང་ལེ་གཟིགས་རོགས། 33དེ་ནས་ཇོ་བོ་དཀོན་མཆོག་གིས་མོ་ཤེ་ལེ། ཁྱོད་རང་ལངས་སྡོད་སའི་ས་ཆ་འདི་ནི་གནས་ས་ཡིན་དིག ཟོམ་པ་བུད་ཅིག#7.33 གེ་རིག་གི་སྐད་ནང་ལེ། ཟོམ་པ་མ་སྨྲས་འོད་དིག གསིལ་ལྷམ་ཟིན་འོད་དིག
34ངའི་མི་མང་གིས་ཨེ་ཇེབ་ལུང་པ་ལེ་དཀའ་སྡུག་མྱངས་པི་དེ་ངས་དངོས་སུམ་མཐོང་པི་མ་ཟད། དེ་ཀྱ་ཀྱིས་སྡུག་སྐད་ཀྱི་ངུ་གཟི་བརྒྱབ་པི་དེ་ཟང་ངས་ཐོས་བྱུང་། ང་ད་ལྟ་ཁྱེད་ཀྱ་དཀའ་ངལ་ནས་སྐྱོབ་དུ་འོངས་པི་ཡིན། ཤོག་དང་། ཁྱོད་རང་ཨེ་ཇེབ་ལུང་པ་ལེ་རྫོང་རྒྱུ་ཡིན་ཟིན་གསུངས་མྱོང་འོད་དིག་སྨྲས་ཕེན།#7.34 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གཉིས་པ་ཐེགས་པ་ལེའུ་ 3 ཨང་ 5-10 ནང་ལེ་གཟིགས་རོགས། 35ཡང་མི་དེ་ཀྱ་ཀྱིས་མོ་ཤེ་ལེ་ཁ་ཡ་མ་བྱས་ཏེ། ཁྱོད་ལེ་མི་སུས་ཉེད་ཀྱ་ཀྱི་དབང་སྒྱུར་བགྱིད་མཁན་དིང་ཁྲིམས་དཔོན་ལེ་བསྐོས་བྱུང་ངོ་སྨྲས་པི་དིག ཡིན་ནའང་། ཚེར་མའི་མེ་འབར་ནང་ནས་མངོན་སུམ་དུ་མཇལ་མཁན་ཕོ་ཉའི་བརྒྱུད་ནས་དཀོན་མཆོག་གིས་མོ་ཤེ་ནི། རང་གི་མི་རྒྱུད་ལེ་དབང་སྒྱུར་དིང་སྐྱོབ་མཁན་ལེ་བསྐོས་ཏེ་བརྫངས་པི་དིག 36ཡང་མོ་ཤེས་ངོ་མཚར་གྱི་དོན་དིང་གྲུབ་རྟགས་སྣ་ཚོགས་བསྟན་ཏེ། མི་མང་ཀྱ་ཨེ་ཇེབ་ལུང་པ་ནས། མཚོ་དམོར་པོ་དིང་། མི་མེད་ལུང་སྟོང་བརྒྱུད་ནས་ལོ་བཞི་བཅུ་བར་དུ་འགོ་སྟོན་བྱས་པི་དིག 37ཡང་སྔོན་མ་མོ་ཤེས་ཁྱེད་ཡི་སི་ར་ཨེལ་པའི་མི་རིགས་ལེ་དཀོན་མཆོག་གིས་ཁྱེད་ཀྱ་དོན་ལེ། ང་ཅོག་འདྲ་ལུང་སྟོན་པ་ཞིག་ཁྱེད་ཀྱ་ཀྱི་མི་རིགས་ནང་ནས་བསྐོ་གནང་གྱི་དིག་ཟིན་གསུངས་འོད་དིག#7.37 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་ལྔ་པ་བཀའ་ལུང་ལེའུ་ 18 ཨང་ 15 ནང་ལེ་གཟིགས་རོགས། 38ཡང་མོ་ཤེ་ནི་དབེན་སྟོང་ལུང་པ་ལེ་ཡི་སི་ར་ཨེལ་པའི་མི་ཚོགས་དིང་སྐྱེན་ལེ་བསྡད་དི་མ་ཟད། སི་ནཱ་རིའི་ལྟག་ག་ནས་དཀོན་མཆོག་གི་ཕོ་ཉས་ཁོ་ལེ་བཀའ་མོལ་གནང་པི་དིག ཁོ་རང་ནི་འུའི་མེས་མེས་སྐྱེན་ལེ་བསྡད་དེ་ཁོང་གིས་མཐའ་མེད་པའི་ཚེ་སྲོག་གི་བཀའ་དེ་ལེ་ཁས་བླངས་ཏེ། འུ་ཀྱ་ལེ་ཟང་བཀའ་དེ་བཤད་དི་དིག 39ཡིན་ནའང་། འུའི་མེས་མེས་ཀྱ་ཀྱིས་ཁོང་གི་བཀའ་ལེ་མ་ཉན་ཏེ། ཁོང་ལེ་ཁ་ཡ་མ་བྱས་པི་མ་ཟད། མེས་མེས་ཀྱ་ཀྱི་སེམས་པ་དེ་ནི་ཨེ་ཇེབ་ལུང་པའི་ཕྱོགས་ལེ་ལོག་འདོད་ལྷང་ངེ་འོད་ཕེན། 40མེས་མེས་ཀྱ་ཀྱིས་ཨཱ་རོན་ལེ་ཉེད་ཀྱ་ཨེ་ཇེབ་ལུང་པ་ནས་དབེན་སྟོང་དུ་འཁྲིད་འོངས་མཁན་མོ་ཤེ་ལེ་ཅི་བྱུང་མ་བྱུང་ཆ་མེད། ཁྱེད་ཀྱིས་ཉེད་ཀྱ་ཀྱི་ཆེད་དུ་ལམ་སྟོན་བགྱིད་མཁན་ལྷ་སྐུ་ཁ་ཤས་ཞིག་བཞེངས་རོགས་གནང་ཟིན་ཞུས་མྱོང་འོད་དིག#7.40 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གཉིས་པ་ཐེགས་པ་ལེའུ་ 32 ཨང་ 1 ནང་ལེ་གཟིགས་རོགས། 41དུས་དེ་རྒྱ་ཁོང་ཀྱ་ཀྱིས་གསེར་ནས་གླང་ཕྲུག་གི་སྐུ་ཞིག་བཟོས་ཏེ། དེ་ལེ་མཆོད་པ་ཕུལ་ལི་མ་ཟད། རང་གི་ལག་གས་བཟོས་པའི་དེ་ལེ་དགའ་རི་ཆེན་པོ་བགྱིད་འོད་དིག 42ཡིན་ནའང་། དཀོན་མཆོག་གིས་ཁོང་ཀྱ་ལེ་མིག་མ་དགོས་ལྟག་རྩི་ཟང་མ་ལྟས་ཏེ། ཁོང་ཀྱ་ཀྱི་འདོད་པ་ཅི་འོད་ཡོད་ཅོག་འདྲ། ནམ་མཁའི་ཉི་ཟླ་སྐར་གསུམ་ལེ་ཕྱག་མཆོད་པ་འབུལ་དུ་བཅུག་པི་དིག ཡང་ལུང་སྟོན་པ་ཀྱ་ཀྱིས་བྲིས་པའི་མདོ་ནང་ལེ།
ཡི་སི་ར་ཨེལ་པའི་མི་རིགས་ཀྱ། །
དབེན་སྟོན་ལུང་པའི་ནང་ལེ་སྡོད་དི་ལོ་བཞི་བཅུའི་རིང་ལེ། །
དམར་མཆོད་དིང་ཚོགས་རྫས་དེ་ཀྱ་ང་ལེ་འབུལ་གྱོ་འོད་དས། །
43མའོ་ལོག་ཟེར་རིའི་ལྷ་སྐུའི་གུར་ཁང་དིང་། །
གཟའ་སྐར་རེམ་ཕན་ཟེར་རི་ལྷ་སྐུ་དིང་། །
རང་གིས་བཟོས་པའི་ལྷ་སྐུའི་གཟུགས་ལེ་བསྙེན་བཀུར་བྱས་ཕེན། །
སྦ་བི་ལོན་གྱི་ཐགས་རིང་རྒྱལ་སའི་མཐའ་ལེ་ཕྱིར་འབུད་གཏོང་། །
ཟིན་གསུངས་འོད་དིག#7.43 ཚིགས་བཅད་འདི་ནི་ལུང་སྟོན་པ་ཨ་མོ་སཱས་བྲིས་པའི་མདོ་ལེའུ་ 5 ཨང་ 25-27 ནང་ལེ་གཟིགས་རོགས།
44དཀོན་མཆོག་གིས་ལུང་སྟོན་པེ་མོ་ཤེ་ལེ་བསྟན་གནང་བའི་དཔེ་དེ་ཅོག་འདྲ། སྐུ་ངོ་བོ་བཞུགས་སའི་དཔང་པོའི་གུར་ཁང་དེ་བཟོས་པི་དིང་། ཡང་གུར་ཁང་དེ་ནི་འུའི་མེས་མེས་ཀྱ་ལེ་འོད་དིག 45དེའི་རྗེས་ལེ་མེས་མེས་ཀྱ་ཀྱི་བུ་རྒྱུད་ཀྱ་ལེ་ཟང་གུར་ཁང་དེ་ཐོབ་འོད་དིག ཡང་ལོ་གྲངས་མང་པོ་བུད་དི་རྗེས་ལེ། དཀོན་མཆོག་གིས་ཁོང་ཀྱ་ཀྱི་མདུན་ནས་ཕྱིའི་མི་རིགས་ཀྱ་རང་སོ་སོའི་ས་ཆ་ནས་ཕྱིར་འབུད་བཏང་ཕེན། འུའི་མེས་མེས་ཀྱ་ཀྱིས་ཟང་ས་ཆ་དེ་ཕྲོགས་ཏེ་མེས་མེས་ཡོ་ཤུ་ཨ་ཟེར་མཁན་དིང་སྐྱེན་ལེ་གུར་ཁང་དེ་ཡུལ་འདི་རུ་ཁུར་ཏེ་རྒྱལ་པོ་དཱ་བིད་བར་དུ་གནས་འོད་དིག 46དེ་ནས་རྒྱལ་པོ་དཱ་བིད་ལེ་དཀོན་མཆོག་གི་ཐུགས་རྗེ་ཐོབ་ཏེ། ཁོས་མེས་མེས་ཡ་ཀོབ་ཀྱི་དཀོན་མཆོག་ལེ། ཁྱེད་རང་བཞུགས་ས་མཆོད་ཁང་ཞིག་བཞེངས་ཆོག་གི་ཆོག་མཆན་གནང་རོགས་ཟིན་ཞུ་བ་ཕུལ་ལི་དིག 47ཡིན་ནའང་། དཀོན་མཆོག་ལེ་བཞུགས་ཁང་བཞེངས་མཁན་དེ་ནི་རྒྱལ་པོ་སོ་ལོ་མོན་ཟེར་མཁན་ཁོང་རང་ཡིན་དིག 48ཡང་དོན་ངོ་ཐོག་བྱས་ནི་བླ་ན་མེད་པའི་དཀོན་མཆོག་ནི་མིས་ལག་གས་བཟོས་པའི་ཁང་པ་ལེ་མི་བཞུགས་འོད་དིག དེ་མ་ཟད་ལུང་སྟོན་པས་གསུངས་པི་ཅོག་འདྲ། ཡང་ཇོ་བོ་དཀོན་མཆོག་གིས།
49ནམ་མཁའ་ནི་ངའི་བཞུགས་ཁྲི་དིང་། །
ས་གཞི་ནི་ངའི་རྐང་སྟེགས་ཡིན་དིག །
ཁྱོད་ཀྱིས་ང་ལེ་ཁང་པ་ཅི་གི་ཞིག་བརྩིག་གྱི་དོ། །
ཡང་ནི་ངལ་གསོའི་གནས་མཆོག་ག་ན་འོད་དོ། །
50མཐོང་རྒྱུ་འོད་ཡོད་དངོས་པོ་ཡེ་རེ་ངས་བཟོས་པི་མ་གས། །
ཟིན་གསུངས་པི་དིག#7.50 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 66 ཨང་ 1-2 ནང་ལེ་གཟིགས་རོགས། 51དུས་རྟག་ཏུ་སེམས་གྱོང་པོ་དིང་། ཆོས་སེམས་མེད་མེད་བྱས་ཏེ་དམ་པའི་ཐུགས་ཉིད་ལེ་སྐུར་བ་བཏབ་མཁན་ཁྱེད་ཀྱ་ཀྱིས་ཟང་། རང་གི་མེས་མེས་ཀྱ་ཀྱིས་བགྱིད་དང་ཅོག་འདྲ་བྱས་པི་དིག 52ལུང་སྟོན་མཁན་སུ་ལེ་ཡིན་ནའང་། ཁྱེད་ཀྱ་ཀྱི་མེས་མེས་ཀྱིས་དགྲ་སྡང་པོ་བྱས་པི་མ་གས། སྔོན་མ་ནས་སྐྱབས་མགོན་དྲངས་བདེན་ཁོང་ཕེབས་རྒྱུ་ཡིན་དི་སྐོར་ལེ་ལུང་སྟོན་པ་དེ་ཀྱ་ཟང་། ཁྱེད་ཀྱ་ཀྱི་མེས་མེས་ཀྱིས་བསད་དི་མ་གས། ད་ལྟ་སྐྱབས་མགོན་དྲང་བདེན་ཁོང་མངོན་སུམ་དུ་ཕེབས་ནའང་། ཁྱེད་ཀྱ་ཀྱིས་དགྲའི་ལག་ཏུ་གཏད་དེ་བཀྲོངས་པི་དིག 53ཁྱེད་ཀྱ་འོད་ས་ལེ་དཀོན་མཆོག་གིས་བརྫངས་པའི་ཕོ་ཉ་ཀྱ་བརྒྱུད་ནས་ཆོས་ཁྲིམས་ཐོས་ནའང་། ཆོས་ཁྲིམས་དེ་ཁྱེད་ཀྱ་ཀྱིས་མ་བསྲུངས་པི་དིག་ཟིན་སེ་ཏེ་ཕཱན་གྱིས་སྨྲས་པི་དིག
སེ་ཏེ་ཕཱན་བསད་པ།
54ཡང་མི་དེ་ཀྱ་ཀྱིས་སེ་ཏེ་ཕཱན་གྱིས་སྨྲས་པི་ལབ་དེ་ཐོས་ཕེན་སེམས་ལེ་འཇུ་གུ་ཕོག་སྟེ་མ་ཁ་བསྡམས་པི་དིག 55ཡིན་ནའང་། སེ་ཏེ་ཕཱན་ལེ་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་སྟེ། ནམ་མཁའ་ལེ་མིག་ཧྲིག་གས་ལྟ་རྒྱ། ཁོས་དཀོན་མཆོག་གི་གཟི་བརྗིད་དིང་། སྐྱབས་མགོན་ཡེ་ཤུ་ནི་དཀོན་མཆོག་གི་ཕྱག་གཡས་ལེ་བཞུགས་འོད་དི་མཐོང་ཕེན། 56ཁོས་ལྟོས་དང་། ནམ་མཁའི་སྒོ་ཕྱེ་སྟེ་དཀོན་མཆོག་གི་ཕྱག་གཡས་ལེ་མིའི་བི་ས་ཟེར་མཁན་ཁོང་བཞུགས་འོད་དི་ངས་མཐོང་བྱུང་སྨྲས་པི་དིག 57དེ་ནས་མི་དེ་ཀྱ་ཀྱིས་ལབ་དེ་ཉན་འདོད་མེད་ཕེན། སྐད་ཆེན་པོས་ངང་ནས་འུར་སྒྲ་བརྒྱབ་པི་མ་ཟད། རྣ་མཆོག་ལག་གས་བཀག་སྟེ། མ་ཁ་བསྡམས་ཏེ་སེ་ཏེ་ཕཱན་གྱི་མདུན་ལེ་བརྒྱུགས་འོངས་པི་དིག 58ཡང་མི་དེ་ཀྱ་ཀྱིས་སེ་ཏེ་ཕཱན་རྒྱལ་ས་དེའི་ཕྱི་ལེ་དྲུད་ཕྱིན་ཏེ་རྡོ་རུབ་བཏང་པི་དིག ཡང་དཔང་པོ་བགྱིད་མཁན་ཀྱ་ཀྱིས་ཟང་། རང་གི་ཁ་གྱོན་བུད་དེ་སོ་ལོ་ཟེར་མཁན་གཞོན་ནུ་ཁོའི་མདུན་ལེ་བོར་ཏེ་རྡོ་གཞུས་རོགས་བྱས་པི་དིག#7.58 སོ་ལོ་ཟེར་རི་མིང་དེ་ནི། སྐུ་ཚབ་ཕོལ་ལོལ་གྱི་མིང་གཞན་མ་ཞིག་ཡིན་དིག 59ཡང་མི་ཀྱ་ཀྱིས་སེ་ཏེ་ཕཱན་ལེ་རྡོ་གཞུ་རྒྱ། ཁོས་ཇོ་བོ་ཡེ་ཤུ། ངའི་རྣམ་ཤེས་ཁྱེད་ཀྱི་བཞེས་རོགས་གནང་ཟིན་གསོལ་བ་བཏབ་པི་མ་ཟད། 60པུས་མོ་ས་ལེ་བཙུགས་ཏེ་སྐད་ཆེན་པོས་ངང་ནས། ཇོ་བོ། རྡོ་གཞུ་མཁན་མི་འདི་ཀྱ་ལེ་ཟང་ཉེས་པ་མ་གཏོང་རོགས་གནང་ཟིན་ཞུས་ལོང་མེད་ཁོ་ཤི་པི་དིག །
Currently Selected:
མཛད་པ། 7: DLPO
Highlight
Share
Copy
![None](/_next/image?url=https%3A%2F%2Fimageproxy.youversionapi.com%2F58%2Fhttps%3A%2F%2Fweb-assets.youversion.com%2Fapp-icons%2Fen.png&w=128&q=75)
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.