YouVersion Logo
Search Icon

མཛད་པ། 6

6
ལེའུ་དྲུག་པ།
ཞབས་ཕྱི་​རྒྱུག་རྒྱུ་ཆེད་དུ་སྐྱེས་པ་བདུན་བདམས་པ།
1ཡང་དེའི་རྗེས་ལེ། ཡེ་ཤུ་​ལེ་​དད་པ་བགྱིད་​མཁན་​མང་པོ་​འཕེལ་​འོད་​ཕེན། གེ་རིག་​གི་སྐད་རྒྱག་​མཁན་​ཡ་ཧུ་དཱ་པ་​ཀྱ་​ཀྱིས་​ཡ་ཧུ་དཱ་པའི་​སྐད་རྒྱག་མཁན་​ཀྱ་​ལེ། ཉིན་རེའི་ཟས་སྐལ་བགོ་​རྒྱ། ཉེད་ཀྱ་ཀྱི་ཡུགས་མོ་​ཀྱ་ལེ་སྣང་མི་བགྱིད་འདུག་ཟིན་ཁོང་ཀྱ་ཀྱི་བར་ལེ་ལྟ་བ་མ་མཐུན་པ་ཞིག་བྱུང་པི་དིག 2དེ་ནས་​སྐུ་ཚབ་​བཅུ་གཉིས་​ཀྱ་​ཀྱིས་​དད་པ་​བགྱིད་​མཁན་​ཡེ་རེ་​འཛོམས་​ལེད་​སྨྲས་​ཏེ། ཉིན་རེའི་ཟས་​སྐལ་​བགོ་རྒྱུ་ཆེད་དུ། ཉེད་ཀྱ་ཀྱིས་དཀོན་མཆོག་​གི་​བཀའ་​སྟོན་​རྒྱུ་​དེ་གཡུག་​ནི་དགའ་མོ་​མི་​འདུག 3ཁྱེད་​སྤུན་ཟླ་ཀྱ། ཁྱེད་ཀྱ་ཀྱིས་རང་གི་ནང་​ནས་​མིང་སྙན་གྲགས་འོད་ཡོད་དིང་། ཐུགས་ཉིད་​དིང་ཤེས་རབ་ཀྱིས་ཁྱབ་འོད་ཡོད་སྐྱེས་པ་བདུན་​འདོམས་ཤིག ཉེད་ཀྱ་ཀྱིས་མི་​དེ་​ཀྱ་​ལེ་​ཉིན་རེའི་ཟས་​སྐལ་​གཉེར་རྒྱུ་ལས་འགན་འདི་བསྐོས་ཀྱི་​ཡིན། 4ཡིན་ནའང་། ཉེད་​ཀྱ་ཀྱིས་​དཀོན་མཆོག་​ལེ་​གསོལ་བ་​སྨོན་ལམ་འདེབས་​རྒྱུ་​དིང་​། བསླབ་བྱ་​སྟོན་​རྒྱུ་​ལས་​དེ་ལེ་བརྩོན་འགྲུས་བགྱིད་​ཀྱི་ཡིན་ཟིན་སྨྲས་​པི་​དིག 5དེ་ནས་​དད་པ་​བགྱིད་​མཁན་​ཡེ་རེས་​གྲོས་དེ་ལེ་མོས་མཐུན་བྱས་པི་མ་ཟད། ཁོང་ཀྱ་ཀྱིས་ཟང་དད་པ་དིང་​དམ་པའི་ཐུགས་ཉིད་​ཀྱིས་ཁྱབ་འོད་ཡོད་སེ་ཏེ་ཕཱན་​ཟེར་མཁན་​ཁོ་དིང་​། ཕི་ལིབ། པོ་རོ་ཀུ་རུ། ནི་ཀ་ནོར། ཏི་མོན། པར་མེ་ནཱ། ཡང་སྔོན་མ་ཡ་ཧུ་དཱ་པའི་​ཆོས་ལུགས་​ནང་​ལེ་​བཞུག་​མཁན་​ཨན་ཏི་ཡོག་ཡཱ་​ཟེར་​རི་​རྒྱལ་ས་​ནས་​ཡིན་མཁན་ནི་ཀོ་ལཱ་​ཟེར་མཁན་​མི་དེ་ཀྱ་བདམས་​པི་དིག 6མི་​དེ་​ཀྱ་​སྐུ་ཚབ་​དྲུང་​དུ་​འཁྲིད་​འོངས་ཏེ། སྐུ་ཚབ་ཀྱ་ཀྱིས་ཁོང་ཀྱ་ལེ་ཕྱག་དབང་​གནང་​སྟེ། དཀོན་མཆོག་​ལེ་གསོལ་བ་​སྨོན་ལམ་​བཏབ་​པི་​དིག#6.6 ཕྱག་དབང་གནང་རྒྱུ་དེའི་དོན་དེ་ནི། ལས་འགན་བསྐོས་རྒྱུ་དིང་། དད་པ་བགྱིད་མཁན་གྱིས་ལས་འགན་དེ་ལེ་མོས་མཐུན་བྱས་པའི་རྟགས་ཞིག་ཡིན་དིག 7དེ་ནས་​དཀོན་མཆོག་​གི་​བཀའ་​དེ་ཕྱོགས་ཀུན་ལེ་རིམ་བ་བཞིན་​དུ་ཁྱབ་ཕེན། ཡེ་རུ་ས་གླིང་​རྒྱལ་ས་​ལེ་​དད་པ་​བགྱིད་​མཁན་མང་པོ་འཕེལ་​འགྲོ་བ་མ་ཟད། ཡ་ཧུ་དཱ་པའི་​མཆོད་པ་འབུལ་མཁན་ཀྱ་ནང་ནས་མང་པོ་​ཞིག་​གིས་ཟང་སྐྱབས་མགོན་​ཡེ་ཤུ་ལེ་དད་པ་​བྱས་པི་​དིག
སེ་ཏེ་ཕཱན་​འཛིན་བཟུང་​བྱས་པ།
8དེ་ནས་སེ་ཏེ་ཕཱན་ལེ་དཀོན་མཆོག་​གི་​ཐུགས་རྗེ་​གཟིགས་སྐྱོང་དིང་མཐུ་ནུས་པས་​ཁྱབ་ཕེན། ཁོས་​མི་ཀྱ་ནང་ནས་ངོ་མཚར་​ཆེ་བོའི་​རྟགས་​མང་པོ་​བསྟན་པི་​དིག 9ཡིན་ནའང་​། རང་དབང་​ཅན་ཟེར་​རི་ཡ་ཧུ་དཱ་པའི་​ཚོགས་ཁང་​ནང་​ལེ་​འོད་ཡོད་​ཀི་རེ་ནེ་དིང་​། ཨ་ལིག་​ཟན་​དྲི་ཡཱ་​ཟེར་​རི་​རྒྱལ་སའི་​མི་​ཁ་ཤས་དིང་། ཀི་ལིག་ཡཱ་​དིང་ཨེ་ཞེ་ཡཱ་​ཟེར་རི་ལུང་པ་​ལེ་སྡོད་​མཁན་​ཡ་ཧུ་དཱ་པ་​ཀྱ་​ཀྱིས་​སེ་ཏེ་​ཕཱན་​ལེ་​རྩོད་གླེང་བྱས་པི་དིག 10དེ་ནས་སེ་ཏེ་​ཕཱན་​གྱིས་​བློ་​ཤེས་རབ་​དིང་​དམ་པའི་ཐུགས་ཉིད་​ཀྱི་བརྒྱུད་​ནས་​ལབ་​སྨྲས་ཕེན། མི་​དེ་​ཀྱ་​ཀྱིས་ཁོ་ལེ་​འགེག་རྒོལ་བགྱིད་​མ་​ཐུབ་​པི་དིག 11དེ་ནས་མི་དེ་ཀྱ་ཀྱིས་མི་འདི་ནི་​ལུང་སྟོན་པ་མོ་ཤེ་​དིང་​དཀོན་མཆོག་​ལེ་​སྐུར་བ་​འདེབས་གྱོ་འོད་དི་ཉེད་ཀྱ་ཀྱིས་​ཐོས་​བྱུང་​སྨྲོས་​ཟིན་​མི་​གཞན་​ལེ་​ལྐོག་ཏུ་​ངན་བསྐུལ་བྱས་ཏེ་​ཟེར་​དུ་​བཅུག་​པི་དིག 12ཡང་​མི་​དེ་​ཀྱ་​ཀྱིས་​ཡུལ་མི་དིང་​། རྒན་མི་ཀྱ་དིང་​། ཆོས་ཁྲིམས་​མཁས་པའི་མི་ཀྱ་​ལེ་ངན་བསྐུལ་བྱས་ཏེ། གྲོས་ཚོགས་ཀྱི་​མདུན་​དུ་​བཙན་དབང་ངང་ནས་སེ་ཏེ་ཕཱན་ཁྲིད་དི་དིག 13དེ་ནས་མི་དེ་ཀྱ་ཀྱིས་​དཔང་པོ་​རྫུས་མ་​བཙལ་​ཏེ། མི་​འདི་ནི་ནམ་​ཡིན་ནའང་​། འུའི་​མཆོད་ཁང་​རྩལ་ཆེན་དིང་​། མོ་ཤེ་​ལེ་​དཀོན་མཆོག་གིས་གནང་བའི་​ཆོས་ཁྲིམས་​དེ་ལེ་སྐུར་བ་འདེབས་ཀྱི་འདུག 14ཅི་ལེ་ཟེར་ནི། དེ་སྔོན་​ནཱ་ཙ་རེལ་​པ་ཡེ་ཤུ་​ཟེར་མཁན་​ཁོས་མཆོད་ཁང་​རྩལ་ཆེན་དེ་བཤིག་​གྱི་ཡིན་ཟེར་རི་མ་ཟད​། ལུང་སྟོན་པ་​མོ་ཤེས་​འུ་​ཀྱ་​ལེ་​གནང་བའི་​ཆོས་ཁྲིམས་​དེ་ཟང་། སྒྱུར་བ་​གཏོང་​གྱི་​ཡིན་​ཟེར་​རི་​ཉེད་ཀྱ་ཀྱིས་​ཐོས་​བྱུང་​ཟིན་སྨྲས་​པི་དིག 15ཡང་གྲོས་ཚོགས་ཀྱི་དྭངས་རའི་ནང་ལེ་སྡོད་མཁན་མི་​ཡེ་རེས་​སེ་ཏེ་ཕཱན་​གྱི་​ངོ་གདོང་​ལེ​་​མིག་​བལྟས་ཕེན། ཁོའི་ངོ་གདོང་དེ་ནི། དཀོན་མཆོག་​གི་​ཕོ་ཉའི་ཞལ་རས་དིང་ཅོག་འདྲ་​འོད་ཟེར་ཤར་འོད་དི་མཐོང་​པི་དིག །

Currently Selected:

མཛད་པ། 6: DLPO

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in