མཛད་པ། 5
5
ལེའུ་ལྔ་པ།
ཨ་ནན་ཡཱ་དིང་བུད་མེད་སབ་ཕི་རཱའི་སྐོར།
1ཡིན་ནའང་། མིང་ལེ་ཨ་ནན་ཡཱ་ཟེར་མཁན་སྐྱེས་པ་ཞིག་འོད་དིག ཁོས་རང་གི་བུད་མེད་སབ་ཕི་རཱ་ཟེར་མཁན་མོ་དིང་སྐྱེན་ལེ་གྲོས་བྱས་ཏེ་ཞིང་ཞིག་བཙོངས་པི་དིག 2ཞིང་བཙོངས་པའི་རིན་པ་དེ་ནས་དུམ་བུ་ཞིག་ཁོ་གཉིས་ཀྱིས་ཅག་ག་བྱས་ཏེ། རིན་པ་གཞན་མ་དེ་སྐུ་ཚབ་ཀྱ་ཀྱི་དྲུང་དུ་འཁྱེར་འོངས་ཏེ་བཏད་དི་དིག 3དེ་ནས་པེ་ཏྲོས། ཨ་ནན་ཡཱ། ཁྱོད་ཀྱི་སེམས་པ་དེ་བདུད་སཱ་ཏན་གྱིས་དབང་འཛིན་བགྱིད་དུ་བཅུག་སྟེ། དམ་པའི་ཐུགས་ཉིད་ལེ་རྫུན་སྨྲས་ཏེ། ཞིང་བཙོངས་པའི་རིན་པ་ནས་དུམ་བུ་གཅིག་ཅི་ལེ་ཅ་ག་བགྱིད་དི་ཡིན་དོ། 4ཞིང་དེ་མ་བཙོངས་པའི་སྔོན་ལེ་ཁྱོད་ཀྱི་ཡིན་དིག ཡང་བཙོངས་པའི་རྗེས་ལེ་རིན་པ་དེ་ཟང་། ཁྱོད་ཀྱི་དབང་ཆ་འོད་དི་མ་གས། ཅི་ལེ་ཁྱོད་ཀྱི་སེམས་ལེ་འོ་དེ་གི་དྲན་བྱུང་ངོ་། ཁྱོད་ཀྱིས་མི་ལེ་རྫུན་སྨྲས་པི་མ་དིག དཀོན་མཆོག་ལེ་རྫུན་སྨྲས་པི་དིག་ཟིན་སྨྲས་ཕེན། 5-6ཨ་ནན་ཡཱ་ཁོས་ལབ་དེ་ཐོས་ལོང་མེད། ཁོ་རང་ས་ལེ་འགྱེལ་ཏེ་ཤི་པི་དིག ཡང་གནས་ཚུལ་དེའི་སྐོར་ལེ་ཐོས་མཁན་མི་ཀྱ་ཟང་འཇུ་གུ་འཇིགས་པི་དིག དེ་ནས་ཁྱོག་ཐོང་ཁ་ཤས་འོངས་ཏེ་ཁོའི་རོ་བཏུམས་ཏེ། དུར་ཁྲོད་ལེ་འཁྱེར་ཏེ་སྦས་པི་དིག
7དེ་ནས་ཆུ་ཚོད་གསུམ་ཚོད་རྗེས་ལེ། ཨ་ནན་ཡཱ་ཁོའི་བུད་མེད་མོ་རང་ཟང་སླེབས་པི་མ་ཟད། རང་གི་ཁྱོ་ག་ལེ་ཅི་བྱུང་འོད་མེད་དེའི་སྐོར་ལེ་མོ་རང་ལེ་ཆ་མེད་ཕེན། 8པེ་ཏྲོ་ཁོས་མོ་ལེ། ང་ལེ་ཤོད་དང་། ཞིང་བཙོངས་པའི་རིན་པ་འདི་རང་ཡིན་གས་ཟིན་དྲིས་ཏེ། མོས་ཟང་འོ་འདི་རང་ཡིན་དིག་སྨྲས་པི་དིག 9པེ་ཏྲོ་ཁོས་མོ་ལེ། ཁྱེད་གཉིས་ཀྱིས་མོས་མཐུན་བྱས་ཏེ། ཇོ་བོའི་ཐུགས་ཉིད་ལེ་ཉམས་ཚོད་ཅི་ལེ་བགྱིད་དི་ཡིན་དོ། ཁྱོད་ཀྱི་ཁྱོ་གའི་རོ་དུར་ཁྲོད་ལེ་སྦས་མཁན་ཀྱ་ཟང་སྒོ་རྩ་ལེ་སླེབས་འདུག ཁྱོད་ཟང་འཁྱེར་འགྲོ་གྱི་དིག་ཟིན་སྨྲས་ཕེན། 10དེ་ལོང་མེད་མོ་རང་ཟང་པེ་ཏྲོའི་རྐང་པའི་རྩ་རུ་ས་ལེ་འགྱེལ་ཏེ་ཤི་པི་དིག དེ་ནས་ཁྱོག་ཐོང་ཀྱ་ཟང་ནང་ལེ་འོངས་ཏེ་མོ་ཤི་ཚར་ཏེ་ས་ལེ་འགྱེལ་འོད་དི་མཐོང་ཕེན། ཁྱོ་གའི་རོ་སྦས་ས་དེ་རུ་མོའི་རོ་དེ་ཟང་སྦས་པི་དིག 11དེ་ནས་གནས་ཚུལ་དེའི་སྐོར་ལེ་ཐོས་མཁན་ཀྱ་དིང་། ཆོས་ཚོགས་ཀྱི་མི་ཡེ་རེ་འཇུ་གུ་འཇིགས་པི་དིག
སྐུ་ཚབ་པ་ཀྱ་ཀྱིས་མི་ནད་པ་དྲག་ཏུ་བཅུག་པ།
12ཡང་དཀོན་མཆོག་གིས་སྐུ་ཚབ་ཀྱ་བརྒྱུད་ནས་མི་ཀྱ་ཀྱི་ཁྲོད་ལེ་གྲུབ་རྟགས་དིང་དོན་ངོ་མཚར་མང་པོ་བསྟན་ཕེན། དད་པ་བགྱིད་མཁན་ཀྱ་ཟང་བློ་སེམས་གཅིག་བྱས་ཏེ་སོ་ལོ་མོན་གྱི་མཆོད་ཁང་གི་དྭངས་རའི་ནང་ལེ་འཛོམས་ཏེ་སྡོད་གྱོ་འོད་དིག 13མི་གཞན་མ་སུ་ཟང་ཁོང་ཀྱ་ཀྱི་རྩ་ལེ་འོང་མི་ཕོད་འོད་ནའང་། ཡུལ་མི་ཀྱ་ཀྱིས་ཁོང་ཀྱ་ལེ་བརྩི་བཀུར་བགྱིད་འོད་དིག 14ཡང་སྔོན་མ་ལས་ཟང་ལྷག་ཚོད་ཇོ་བོ་ཡེ་ཤུ་ལེ་དད་པ་བགྱིད་མཁན་མི་གྲངས་མང་དུ་འཕེལ་འགྲོ་འོད་དིག 15སྐུ་ཚབ་ཀྱ་ཀྱིས་བྱས་པའི་ལས་བཟང་པོ་དེ་ལེ་བརྟེན་ཏེ། ཐ་ན་མི་ཀྱ་ཀྱིས་ནད་པ་ཀྱ་གདན་དིང་སྐྱེན་ལེ་ཁྲོམ་གྱི་སྲང་ལེ་འཁྱེར་འོངས་ཏེ། པེ་ཏྲོ་འོང་རྒྱ། ཁོའི་གྲིབ་ཟུར་གྱི་སྣེ་མོ་ཞིག་ནད་པའི་ལུས་ལེ་ཕོག་རྒྱུ་ཆེད་དུ་འབོར་གྱོ་འོད་དིག 16ཡང་ཡེ་རུ་ས་གླིང་རྒྱལ་ས་དིང་། དེའི་ཉེ་འགྲམ་གྱི་གྲོང་སྡེའི་ནང་ནས་འཁྲིད་འོངས་པའི་ནད་པ་ཀྱ་དིང་། གདོན་འདྲེ་ཞུགས་འོད་ཡོད་མི་དེ་ཀྱ་དྲག་པི་དིག
སྐུ་ཚབ་ཀྱ་ལེ་འཛིན་བཟུང་བྱས་པ།
17དེ་ནས་མཆོད་པ་འབུལ་མཁན་གཙོ་བོ་དིང་། སཱ་ཅུ་སེ་པའི་ཕྱོགས་ཁག་གི་ཁོངས་གཏོགས་ཀྱི་མི་ཀྱ་ཀྱིས་གནས་ཚུལ་དེ་ལེ་ཕྲག་དོག་སྐྱེས་ཕེན། 18སྐུ་ཚབ་ཀྱ་ལེ་འཛིན་བཟུང་བྱས་ཏེ་བཙོན་ཁང་ལེ་བཅུག་པི་དིག 19ཡིན་ནའང་། མཚན་མོའི་དུས་ལེ་ཇོ་བོའི་ཕོ་ཉ་ཞིག་ཕེབས་འོངས་ཏེ། བཙོན་ཁང་གི་སྒོ་ཕྱེས་ཏེ་ཁོང་ཀྱ་ཡེ་རེ་ཕྱི་ལེ་འཁྲིད་དེ། 20ཁྱེད་ཀྱ་མཆོད་ཁང་ལེ་རྒྱུགས་ཤིག ཚེ་སྲོག་གི་གཏམ་དེ་མི་ཀྱ་ལེ་ཤོད་ཅིག་ཟིན་གསུངས་པི་དིག 21ཡང་ཁོང་ཀྱ་ཀྱིས་དེ་ཐོས་ཏེ་ནམ་མ་ལངས་པའི་སྔོན་ལེ་མཆོད་ཁང་གི་སྒོ་རའི་ནང་དུ་ཕྱིན་ཏེ། མི་ཀྱ་ལེ་ཆོས་བསྟན་པི་དིག དེ་ནས་མཆོད་པ་འབུལ་མཁན་གཙོ་བོ་དིང་། ཁོང་གི་སྐྱེན་ལེ་འོད་ཡོད་མི་ཀྱ་འོངས་ཏེ། ཁོང་ཀྱ་ཀྱིས་ཆོས་ཀྱི་གྲོས་ཚོགས་ཀྱི་མི་ཀྱ་དིང་། ཡི་སི་ར་ཨེལ་གྱི་རྒན་མི་ཀྱ་སྐྱེན་ལེ་དོན་དེའི་སྐོར་ལེ་ཐག་གཅོད་བགྱིད་རྒྱུ་ཆེད་དུ་འཛོམས་འོངས་པི་མ་ཟད། ཁོང་ཀྱ་ཀྱིས་སྲུང་དམག་མི་ཁ་ཤས་ཞིག་བརྫངས་ཏེ། བཙོན་ཁང་ནང་ལེ་འོད་ཡོད་སྐུ་ཚབ་ཀྱ་འཁྲིད་ལེད་ཟིན་བཀའ་བཏང་ཕེན། 22སྲུང་དམག་མི་དེ་ཀྱ་ཀྱིས་ཟང་བཙོན་ནང་ལེ་བུད་དི་དིག ཡིན་ནའང་། བཙོན་ཁང་ནང་ལེ་མི་སུ་ཟང་མེད་དི་མཐོང་ཕེན་ཕ་ལེ་ལོག་འོངས་ཏེ། 23བཙོན་ཁང་གི་རྒྱལ་སྒོ་དགའ་མོ་བརྒྱབ་འོད་དི་མ་ཟད། སྒོ་སྲུང་མཁན་ཟང་བསྡད་འོད་དི་ཉེད་ཀྱ་ཀྱིས་མཐོང་བྱུང་། ཡིན་ནའང་། ཉེད་ཀྱ་ཀྱིས་རྒྱལ་སྒོ་ཕྱེ་རྒྱ་ནང་ལེ་བཙོན་པ་གཅིག་ཟང་མི་འདུག་ཟིན་ཞུས་པི་དིག 24དེ་ནས་ལབ་དེ་ཐོས་ལོང་མེད། མཆོད་ཁང་གི་སྲུང་དམག་གི་དཔོན་པོ་དིང་། མཆོད་པ་འབུལ་མཁན་ཀྱ་ཅི་བགྱིད་དི་བགྱིད་མེད་མེད་བྱུང་སྟེ། གནས་ཚུལ་འདི་ཅི་གི་ཞིག་བྱུང་འོངས་བསམས་པི་དིག 25ཡང་དེ་རྒྱ་མི་ཞིག་འོངས་ཏེ། ལྟོས་དང་། ཁྱེད་ཀྱ་ཀྱིས་བཙོན་ཁང་ནང་ལེ་བཅུག་པའི་མི་དེ་ཀྱ་ནི། མཆོད་ཁང་གི་དྭངས་རའི་ནང་དུ་མི་ཀྱ་ལེ་ཆོས་ཤོད་ཀྱི་འདུག་ཟིན་སྨྲས་པི་དིག 26དེ་ནས་དམག་དཔོན་ཁོ་རང་སྲུང་དམག་དིང་སྐྱེན་ལེ་མཆོད་ཁང་ལེ་འོངས་པི་དིག ཡིན་ནའང་། དེ་རུ་འོད་ཡོད་མི་ཚོགས་ཀྱ་ཀྱིས་རང་ལེ་རྡོ་རུབ་གཏང་འོང་བསམས་ཏེ་འཁྱར་སྣང་བྱུང་ཕེན། ཁོང་ཀྱ་ཀྱིས་སྐུ་ཚབ་ཀྱ་ལེ་ཁ་འཇམ་པོ་བྱས་ཏེ་ཚུར་གྲོས་ཚོགས་ལེ་ཁྲིད་འོངས་པི་དིག 27དེ་ནས་སྐུ་ཚབ་ཀྱ་གྲོས་ཚོགས་ཀྱི་མདུན་དུ་ཡར་བསླངས་འབོར་ཏེ། མཆོད་པ་འབུལ་མཁན་གཙོ་བོ་ཁོས་ཁོང་ཀྱ་ལེ། 28ཉེད་ཀྱ་ཀྱིས་མི་དེའི་མིང་བརྒྱུད་ནས་མི་གཞན་ལེ་ཆོས་མ་སྟོན་ཟིན་ནན་ཏན་བྱས་ཏེ་བཀའ་བཏང་འོད། ཡིན་ནའང་། ཁྱེད་ཀྱ་ཀྱིས་ཡེ་རུ་ས་གླིང་རྒྱལ་ས་ཡེ་རེ་ལེ་རང་གི་ཆོས་དེ་ཁྱབ་དུ་བཅུག་སྟེ། མི་དེའི་ཁྲག་ལན་དེ། ཉེད་ཀྱ་ཀྱི་མགོ་ལེ་སྒྲིལ་འདོད་འདུག་གས་ཟིན་སྨྲས་པི་དིག 29ཡིན་ནའང་། པེ་ཏྲོ་དིང་སྐུ་ཚབ་གཞན་མ་ཀྱ་ཀྱིས་ཉེད་ཀྱ་ནི་དཀོན་མཆོག་གི་བཀའ་ལེ་མ་གཏོགས་མིའི་བཀའ་ལེ་ཉན་དགོས་མེད། 30ཁྱེད་ཀྱ་ཀྱིས་གདུང་མ་ཀུ་རུ་ཁ་ལེ་བརྒྱངས་ཏེ་བསད་དི་ཡེ་ཤུ་ཁོང་ནི། འུའི་མེས་མེས་ཀྱ་ཀྱི་དཀོན་མཆོག་གིས་ཁོང་རང་ཡང་དང་འཆི་བ་ནས་གསོན་པོ་བསླངས་པི་དིག 31ཡི་སི་ར་ཨེལ་པའི་མི་རིགས་ཀྱ་འགྱོད་བཤགས་བགྱིད་རྒྱུ་དིང་། སྡིག་ཉེས་སེལ་པའི་གོ་སྐབས་གནང་རྒྱུ་ཆེད་དུ། དཀོན་མཆོག་གིས་ཁོང་ནི། ཇོ་བོ་དིང་སྐྱོབ་མཁན་ལེ་བསྐོས་གནང་སྟེ། ཁོང་རང་གི་ཕྱག་གཡས་ལེ་བོར་གནང་པི་དིག 32ཉེད་ཀྱ་ཀྱིས་ཟང་དོན་དེ་ལེ་དཔང་པོ་བགྱིད་འོད་དི་མ་ཟད། དཀོན་མཆོག་ཁོང་རང་གི་བཀའ་ལེ་ཉན་མཁན་ཡེ་རེ་ལེ་གནང་བའི་དམ་པའི་ཐུགས་ཉིད་ཀྱིས་ཟང་། དོན་ལེ་དེ་དཔང་པོ་གནང་འོད་དིག་ཟིན་སྨྲས་པི་དིག
33དེ་ནས་གྲོས་ཚོགས་ཀྱི་མི་ཀྱ་ཀྱིས་ལབ་དེ་ཐོས་ཏེ་ཞེ་སྡང་འཇུ་གུ་ལངས་ཕེན། མི་དེ་ཀྱ་གསོད་འདོད་བྱུང་པི་དིག 34ཡིན་ནའང་། ས་ཆ་དེ་རུ་མི་ཡེ་རེས་གུས་ཞབས་བགྱིད་ས་ཆོས་ཁྲིམས་མཁས་པ་གཱ་མཱ་ལི་ཨེལ་ཟེར་མཁན་ཕཱ་རུ་ཤི་པ་ཞིག་འོད་དིག ཁོ་རང་ཚོགས་མི་ཀྱ་ཀྱི་མདུན་ནས་ཡར་ལངས་ཏེ། སྐུ་ཚབ་ཀྱ་དུས་ཁྱུག་ཚོད་ཞིག་ཕྱི་ལེ་འཁྲིད་དགོས་པའི་བཀའ་བཏང་པི་རྗེས་ལེ། 35ཁོས་གྲོས་ཚོགས་ཀྱི་མི་ཀྱ་ལེ། ཁྱེད་ཡི་སི་ར་ཨེལ་པ་ཀྱ། ཁྱེད་ཀྱ་ཀྱིས་མི་འདི་ཀྱ་ལེ་ཅི་གི་ཞིག་བགྱིད་དགོས་འོད་ནའང་། གཟབ་གཟབ་བྱས་ཏེ་ཐག་གཅོད་གྱིས་ཤིག 36ཅི་ལེ་ཟེར་ནི། སྔོན་མ་ཐེའུ་དཱ་ཟེར་མཁན་ཁོས་རང་བསྟོད་ཆེན་པོས་ངང་ནས་མི་བཞི་བརྒྱ་ཚོད་ཕྱོགས་བཟོས་ཏེ། རོ་མཱའི་གཞུང་ལེ་ངོ་ལོག་བྱས་པི་དིག ཡིན་ནའང་། མཇུག་མཐའ་མ་མི་གཞན་གྱིས་ཁོ་བསད་དི་མ་ཟད། ཁོའི་ཕྱོགས་ཀྱི་མི་ཡེ་རེ་ཟང་ཁ་འཐོར་ཏེ་དོན་མེད་མེད་བྱུང་པི་དིག 37དེའི་རྗེས་ལེ་ཡང་རོ་མཱའི་གཞུང་གིས་ཡ་ཧུ་དཱ་ལུང་པའི་མི་གྲངས་ཀྱི་མིང་ཐོ་ལེན་རྒྱ། ཡུ་དཱ་ཟེར་མཁན་ག་ལིལ་པ་མི་ཞིག་གིས་ཟང་མི་མང་པོ་ཞིག་རང་གི་ཕྱོགས་ཁག་བཟོས་ཏེ། རོ་མཱའི་གཞུང་ལེ་ངོ་ལོག་བྱས་པི་དིག ཡིན་ནའང་། མཇུག་ཐམའ་མ་ཁོ་རང་ཤི་པི་མ་ཟད། ཁོའི་ཕྱོགས་ཁག་གི་མི་ཡེ་རེ་ཟང་ཁ་འཐོར་རི་དིག 38འོ་དེ་ལེ་བརྟེན་ཏེ། ད་ལྟའི་གནས་ཚུལ་འདིའི་སྐོར་ངས་ཁྱེད་ཀྱ་ལེ་ཟིན་འོད། མི་འདི་ཀྱ་ལེ་ཟང་ཅི་གང་མ་བྱས་ཏེ་གློད་བཀྲོལ་གཏོང་ཞིག ཅི་ལེ་ཟེར་ནི། གལ་སྲིད་ཁོང་ཀྱ་ཀྱིས་འཆར་གཞི་ཡང་ནི། ལས་འདི་མི་ནས་བྱུང་པི་ཡིན་ནི་ཡུན་རིང་པོ་སྡོད་ཀྱི་མ་དིག 39ཡིན་ནའང་། གལ་སྲིད་དཀོན་མཆོག་ནས་བྱུང་པི་ཡིན་ནི། ཁྱེད་ཀྱ་ཀྱིས་མི་འདི་ཀྱ་ལེ་འགེག་ཐུབ་ཀྱི་མ་དིག དེ་མ་ཟད། ཁྱེད་ཀྱ་ཟང་དཀོན་མཆོག་ལེ་ངོ་ལོག་བགྱིད་མཁན་གྲངས་ལེ་ཚུད་རྒྱུ་ཉེན་ཁ་འོད་དིག་ཟིན་སྨྲས་པི་དིག 40དེ་ནས་གྲོས་ཚོགས་ཀྱི་མི་ཀྱ་ཀྱིས་གཱ་མཱ་ལི་ཨེལ་གྱི་གྲོས་ལེ་ཉན་ཏེ། གྲོས་ཚོགས་ཀྱི་མི་ཀྱ་ཀྱིས་སྐུ་ཚབ་ཀྱ་ཤོག་སྨྲས་ཏེ། ཁོང་ཀྱ་ལེ་ལྕག་ཚན་གཞུས་རི་རྗེས་ལེ། དུས་ད་ནས་ཕྱིན་ཆད། ཡེ་ཤུའི་མཚན་གྱི་བརྒྱུད་ནས་ཡང་དང་མི་ཀྱ་ལེ་གཏམ་གླེང་བགྱིད་མི་ཆོག་ཟིན་བཀའ་བཏང་སྟེ་ཕྱི་ལེ་བརྫངས་པི་དིག 41དེ་ནས་སྐུ་ཚབ་ཀྱ་གྲོས་ཚོགས་དེ་ནས་འཐོན་འགྲོ་རྒྱ། དགའ་རི་ཆེན་པོས་ངང་ནས་རང་སོ་སོ་ནི་ཡེ་ཤུའི་མཚན་གྱི་དོན་ལེ་དཀའ་སྡུག་འདི་ཅོག་འདྲ་མྱོང་དགོས་འོས་པ་ཞིག་ལེ་བརྩིས་པི་དིག 42ཡང་ཉིན་མ་དེའི་རྗེས་ལེ། ཁོང་ཀྱ་ཀྱིས་མཆོད་ཁང་གི་དྭངས་ར་དིང་། ཁྱིམ་ཚང་ག་ན་ལེ་ཡིན་ནའང་། ཡེ་ཤུ་ནི་སྐྱབས་མགོན་ཡིན་དིག་ཟིན་མུ་མཐུད་དེ་གཏམ་བཟང་བཤད་དི་དིག །
Currently Selected:
མཛད་པ། 5: DLPO
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.