མཛད་པ། 4
4
ལེའུ་བཞི་པ།
པེ་ཏྲོ་དིང་ཡོ་ཧ་ནན་ཁོ་གཉིས་ལེ་དྲི་རྩད་བྱས་པ།
1ཡང་པེ་ཏྲོ་དིང་ཡོ་ཧ་ནན་ཁོ་གཉིས་ཀྱིས་མི་ཀྱ་ལེ་གཏམ་ཤོད་རྒྱ། ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། མཆོད་ཁང་སྲུང་མཁན་གྱི་དམག་དཔོན། སཱ་ཅུ་སེ་པའི་ཕྱོགས་ཁག་ནང་ནས་མི་ཁ་ཤས་ཁོ་གཉིས་འོད་ས་ལེ་འོངས་པི་དིག 2ཅི་ལེ་ཟེར་ནི། པེ་ཏྲོ་དིང་ཡོ་ཧ་ནན་ཁོ་གཉིས་ཀྱིས་མི་ཚོགས་ལེ་ཆོས་གསུངས་པི་དིང་། ཡེ་ཤུ་ལེ་བརྟེན་ཏེ་གཤིན་པོ་ཀྱ་ཡང་དང་གསོན་པོའི་དོན་དེའི་སྐོར་ལེ་ཆོས་བསྟན་ཕེན། མཆོད་པ་འབུལ་མཁན་དེ་ཀྱ་སུན་སྣང་ཆེན་པོ་བྱུང་ཕེན། 3ཁོ་གཉིས་ལེ་འཛིན་བཟུང་བྱས་ཏེ་སྔ་རོག་བར་དུ་བཙོན་ལེ་བོར་རི་དིག ཅི་ལེ་ཟེར་ནི། གནས་ཚུལ་དེ་དགོང་མོའི་དུས་ལེ་བྱུང་ཕེན་སྲོད་རུབ་འགྲོ་འོད་དིག 4ཡིན་ནའང་། ཁོ་གཉིས་ཀྱིས་བསྟན་པའི་ཆོས་དེ་ལེ་ཉན་མཁན་ཀྱ་ནང་ནས་མི་མང་པོ་ཞིག་གིས་དད་པ་བྱས་པི་དིག དེ་རྒྱ་དད་པ་བགྱིད་མཁན་སྐྱེས་པ་པ་རྐྱང་སྟོང་ཕྲག་ལྔ་ཚོད་སླེབས་འོད་དིག
5དེའི་སྔ་དྲོ་ཡ་ཧུ་དཱ་པའི་དཔོན་པོ་དིང་། རྒན་མི། ཆོས་ཁྲིམས་མཁས་པ་དིང་། 6ཡང་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་གཙོ་བོ་ཨ་ནཱ་སི་དིང་། ཀ་ཡ་ཕཱ། ཡོ་ཧ་ནན། ཨ་ལིག་ཟན་ཊེར་ཟེར་མཁན་དེ་ཀྱ་དིང་། མཆོད་པ་འབུལ་མཁན་གཙོ་བོའི་གཉེན་ཚན་གཞན་མ་ཀྱ་ཟང་ཡེ་རུ་ས་གླིང་རྒྱལ་ས་ལེ་འཛོམས་འོངས་པི་དིག 7སྲུང་དམག་ཀྱ་ཀྱིས་པེ་ཏྲོ་དིང་ཡོ་ཧ་ནན་ཁོ་གཉིས་ནི་མི་དེ་ཀྱ་ཀྱི་དགུང་ལེ་བསླངས་ཏེ། ཁྱེད་གཉིས་ཀྱིས་སུའི་ནུས་མཐུ་དིང་། སུའི་མིང་ལེ་བརྟེན་ཏེ། དོན་འདི་བགྱིད་དི་ཡིན་དོ་ཟིན་དྲིས་པི་དིག 8དེ་ནས་པེ་ཏྲོ་ལེ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་ཕེན། ཁོས་མི་འདི་ཀྱ་ལེ། ཁྱེད་དཔོན་རིགས་དིང་། རྒན་མི་ཀྱ། 9གལ་སྲིད་ནད་པ་ཞིག་ལེ་ཉེད་གཉིས་ཀྱིས་སྙིང་རྗེ་ངང་ནས་ཁོ་ནད་ནས་གསོས་པའི་དེའི་སྐོར་ལེ། ཁྱེད་ཀྱ་ཀྱིས་ད་རིང་ཉེད་ལེ་འདྲི་གཅོད་བགྱིད་དི་ཡིན་ནི། 10ཁྱེད་ཀྱ་ཀྱིས་གདུང་མ་ཀུ་རུ་ཁ་ལེ་བསད་དི་དེ་ནི། དཀོན་མཆོག་གིས་ཡང་དང་འཆི་བ་ནས་གསོན་པོ་བསླངས་པའི་ནཱ་ཙ་རེལ་པ་སྐྱབས་མགོན་ཡེ་ཤུའི་མཚན་གྱི་བརྒྱུད་ནས་མི་འདི། ཁྱེད་ཀྱ་ཀྱི་མདུན་དུ་ན་ཚ་དྲག་པི་ཡིན་དི་ནི་ཁྱེད་ཡི་སི་ར་ཨེལ་པ་ཡེ་རེས་ཧ་གོ་བར་གྱིས་ཤིག 11གསུང་རབ་ཀྱི་མདོ་ནང་ལེ།
ཁྱེད་ཀྱ་ཀྱི་རྩིག་དཔོན་གྱིས་མ་ལོས་པའི་རྡོ་ནི། །
ཁང་པའི་རྨང་རྡོ་ལེ་གྱུར་བ་དེ་ཡིན་དིག །
ཟིན་གསུངས་པི་དེ་ནི་ཡེ་ཤུ་ཁོང་རང་ཡིན་དིག#4.11 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 118 ཨང་ 22 ནང་ལེ་གཟིགས་རོགས། 12ཐར་པ་དེ་ནི་ཁོང་ནས་མ་གཏོགས་གཞན་སུ་ཞིག་གི་བརྒྱུད་ནས་ཐོབ་སྲིད་རྒྱུ་མེད་དིག ཅི་ལེ་ཟེར་ནི། འུ་ཀྱ་ལེ་ཐར་པ་དེ་ཐོབ་རྒྱུ་ཆེད་དུ། མི་ཀྱ་ཀྱི་ནང་ནས་ཁོང་གི་མཚན་འདི་ལེ་མ་གཏོགས། ནམ་འོག་གཞན་སུ་ཞིག་ལེ་ཟང་ཐར་པ་གནང་རྒྱུ་ནུས་པ་གནང་མེད་དིག་ཟིན་སྨྲས་པི་དིག
13དེ་རུ་འོད་ཡོད་མི་ཀྱ་ཀྱིས་པེ་ཏྲོ་དིང་ཡོ་ཧ་ནན་ཁོ་གཉིས་ཀྱིས་བློ་སྟོབས་ཆེན་པོས་ངང་ནས་བཤད་དི་མཐོང་པི་མ་ཟད། ཁོང་གཉིས་ནི་སློབ་སྦྱོང་མེད་མེད་མི་དཀྱུས་མ་ཞིག་ཡིན་དི་ཧ་གོ་སྟེ་ཧ་ལས་ཆེན་པོ་སྐྱེས་ཕེན། ཁོ་གཉིས་ནི་ཡེ་ཤུའི་སྐྱེན་འདྲ་ཡིན་དི་ཧ་གོ་པི་དིག 14ཡིན་ནའང་། དྲག་འོད་ཡོད་ཞ་རིལ་ཁོ་ཟང་ཁོ་གཉིས་ཀྱི་རྩ་ལེ་ལངས་ཏེ་བསྡད་འོད་དི་མཐོང་ཕེན། མི་དེ་ཀྱ་ཀྱིས་ཁོ་གཉིས་ལེ་ཅི་གང་ཟེར་མ་ནུས་པི་དིག 15དེ་ནས་མི་དེ་ཀྱ་ཀྱིས་པེ་ཏྲོ་དིང་ཡོ་ཧ་ནན་ཁོ་གཉིས་ཁྲིམས་ར་ནས་ཕྱི་ལེ་འདོན་དགོས་པའི་བཀའ་བཏང་སྟེ། ཕན་ཚུན་གཅིག་གིས་གཅིག་ལེ། 16ད་འོ་རང་ཀྱ་མི་དེ་གཉིས་ལེ་ཅི་གི་ཞིག་བགྱིད་ཀྱི་དོ། ཁོ་གཉིས་ཀྱིས་བྱས་པའི་ཡ་མཚན་གྱིས་ལས་དེ་ནི། ཡེ་རུ་ས་གླིང་ལེ་འོད་ཡོད་མི་ཀུན་གྱིས་ཧ་གོ་འོད་ཕེན། འུ་ཀྱ་ཀྱིས་དོན་དེ་ངོ་ཐོག་མ་དིག་ཟེར་ནུས་རྒྱུ་མེད་དིག 17ཡིན་ནའང་། དོན་འདི་མི་ཚོགས་ནང་ལེ་སྔོན་མ་ལས་ལྷག་ཚོད་ཁྱབ་མི་འགྲོ་བའི་ཆེད་དུ། ཁོ་གཉིས་ལེ་དུས་ད་ནས་ཕྱིན་ཆད། མི་འདིའི་མིང་གི་བརྒྱུད་ནས་མི་སུ་ལེ་ཟང་གཏམ་གླེང་བགྱིད་མི་ཆོག་འོད་ཟིན་ནན་ཏན་བྱས་ཏེ་ཟེར་རོ་ཟིན་གྲོས་བསྡུར་བྱས་པི་དིག 18ཡང་མི་དེ་ཀྱ་ཀྱིས་པེ་ཏྲོ་དིང་ཡོ་ཧ་ནན་ཁོ་གཉིས་ཡང་དང་ནང་ལེ་སྐད་བཏང་སྟེ། ཡེ་ཤུའི་སྐོར་ལེ་དུས་ནམ་ཡིན་ནའང་། མི་གཞན་མ་ལེ་གཏམ་གླེང་མ་བགྱིད་ཅིག ཡང་ཆོས་ཟང་སྟོན་མི་ཆོག་འོད་ཟིན་བཀའ་བཏང་པི་དིག 19ཡིན་ནའང་། པེ་ཏྲོ་དིང་ཡོ་ཧ་ནན་ཁོ་གཉིས་ཀྱིས་མི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱིས་སྨྲས་པའི་གཏམ་ལེ་ཉན་རྒྱུ། ཡང་ནི། དཀོན་མཆོག་གི་བཀའ་ལེ་ཉན་རྒྱུ་དེ་གཉིས་ནང་ནས་དཀོན་མཆོག་གི་དྲུང་དུ་ཅི་བདེན་པ་ཡིན་མིན་དེ་ནི། ཁྱེད་ཀྱ་ཀྱིས་ཐག་གཅོད་བགྱིད་རོགས། 20ཉེད་གཉིས་ཀྱིས་ཅི་མཐོང་པི་དིང་ཅི་ཐོས་པི་དེ་ཡེ་རེ་མི་ཀྱ་ལེ་མ་བཤད་དེ་སྡོད་རྒྱུ་མན་ཟིན་སྨྲས་པི་དིག 21-22ཡང་མི་དེ་ཀྱ་ཀྱིས་ཁོ་གཉིས་ལེ། ཡང་དང་རྫིག་རྫིག་བཏང་སྟེ་ཕྱི་ལེ་བརྫངས་པི་དིག ཅི་ལེ་ཟེར་ནི། ངོ་མཚར་གྱི་རྟགས་ཀྱིས་དྲག་ཏུ་བཅུག་པའི་མི་དེ་ནི། ལོ་བཞི་བཅུ་ལྷག་ཚོད་རྐང་པ་ཞ་རིལ་ལེ་ལུས་པི་མ་ཟད། ད་ལྟ་དྲག་པའི་དོན་ངོ་མཚར་འདི་མཐོང་མཁན་མི་ཀྱ་ཀྱིས་དཀོན་མཆོག་ལེ་བསྟོད་པ་འབུལ་གྱོ་འོད་ཕེན། ཆོས་ཀྱི་གྲོས་ཚོགས་ཀྱི་མི་ཀྱ་ཀྱིས་དེ་རུ་འོད་ཡོད་མི་ཚོགས་ཀྱ་ལེ་འཇིགས་ཏེ། ཁོ་གཉིས་ལེ་ཉེས་ཆད་གཏོང་མ་ནུས་པི་དིག
བློ་སེམས་གཅིག་མཐུན་གྱིས་གསོལ་བ་སྨོན་ལམ་བཏབ་པ།
23དེའི་རྗེས་ལེ། ཁོ་གཉིས་དེ་ནས་ཐར་ལོང་མེད་ཆོས་གྲོགས་ཀྱ་འོད་ས་ལེ་ཕྱིན་ཏེ། མཆོད་པ་འབུལ་མཁན་ཀྱ་དིང་། རྒན་མི་ཀྱ་ཀྱིས་ཁོ་གཉིས་ལེ་ཅི་སྨྲས་པི་དེ་ཡེ་རེ་བཤད་དི་དིག 24ཡང་ཁོང་ཡེ་རེས་ཟང་གཏམ་དེ་ཐོས་ཕེན། བློ་སེམས་གཅིག་བྱས་ཏེ་སྐད་ཤུགས་ཆེན་པོས་ངང་ནས་གསོལ་བ་སྨོན་ལམ་བཏབ་སྟེ། ཇོ་བོ་དཀོན་མཆོག ཁྱེད་ཀྱིས་གནམ་ས་གཉིས་དིང་། རྒྱ་མཚོ། དེའི་ནང་ལེ་འོད་ཡོད་ཡེ་རེ་བཀོད་གནང་པི་དིག 25-26ཁྱེད་ཀྱིས་དམ་པའི་ཐུགས་ཉིད་ཀྱི་བརྒྱུད་ནས་ཁྱེད་ཀྱི་ཞབས་ཕྱི་ཉེད་ཀྱ་ཀྱི་མེས་མེས་དཱ་བིད་ཀྱི་ངག་ནས།
ཕྱིའི་མི་རིགས་དེ་ཀྱ་ཀྱིས་ཁོང་ལེ་ཅི་ལེ་ཞེ་སྡང་ལང་གི་ཡིན་ནེ། །
མི་རྒྱུད་ཀྱ་ཀྱིས་ཁོང་ལེ་དོན་མེད་ཅི་ལེ་ཁོང་ཁྲོ་ལང་གི་ཡིན་ནེ། །
ཇོ་བོ་དཀོན་མཆོག་གིས་བརྫངས་པའི་སྐྱབས་མགོན་ཁོང་ལེ། །
ངོ་ལོག་བགྱིད་རྒྱུ་ཆེད་དུ་ས་སྟེང་གི་རྒྱལ་པོ་ཀྱ་སྐྱེན་ལེ་འཛོམས། །
ཟིན་གསུངས་འོད་དིག#4.25-26 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 2 ཨང་ 1-2 ནང་ལེ་གཟིགས་རོགས། 27དོན་དེ་ངོ་ཐོག་རྒྱལ་ས་དེ་ལེ་བྱུང་པི་དིག ཅི་ལེ་ཟེར་ནི། རྒྱལ་པོ་ཧེ་རོ་དཱེ་དིང་། སྤྱི་དཔོན་ཕོན་ཏི་པི་ལ་ཏི། ཡང་ཕྱིའི་མི་ཀྱ་དིང་། ཡི་སི་ར་ཨེལ་པའི་མི་ཀྱ་འཛོམས་ཏེ། ཁྱེད་ཀྱ་ཀྱིས་སྣུམ་བྱུགས་ཏེ་བདམས་པའི་ཞབས་ཕྱི་དམ་པ་ཡེ་ཤུ་ལེ་འགེག་རྒོལ་བྱས་པི་དིག#4.27 གནའ་སྔ་མོའི་དུས་ལེ་ལུང་སྟོན་པས་རྒྱལ་པོ་ཞིག་བདམས་རྒྱ། མི་འདིའི་མགོ་ལེ་སྣུམ་བྱུགས་པའི་ལུགས་སྲོལ་འོད་དིག 28དེ་ནི་ཁྱེད་ཀྱི་དབང་དིང་ཐུགས་དགོངས་ཀྱིས་བརྒྱུད་ནས་དོན་ཆེན་དེ་སྔོན་མའི་དུས་ནས་ཕེན། འོང་རྒྱུ་ཡིན་དི་ཐག་བཅད་དི་ཅོག་འདྲ། མི་དེ་ཀྱ་ཀྱིས་ཟང་སྒྲུབ་རྒྱུ་ཆེད་དུ་ཡིན་དིག 29ད་ལྟ་མི་དེ་ཀྱ་ཀྱིས་ཉེད་ལེ་འཇིག་སྐུལ་གྱི་གཏམ་ཤོད་གྱོ་འོད་དི་དེ་ནི། ཇོ་བོ་དཀོན་མཆོག་ཁྱེད་ཀྱིས་ཟང་གཟིགས་གནང་གྱོ་འོད་དིག ཁྱེད་ཀྱི་ཞབས་ཕྱི་ཉེད་ཀྱ་ཀྱིས་ཁྱེད་ཀྱི་བཀའ་དེ་བློ་སྟོབས་ཆེན་པོས་ངང་ནས་ཤོད་རྒྱུ་ལེ་ནུས་པ་དིང་། 30ན་ཚ་དྲག་རྒྱུ་ཆེད་དུ་ཁྱེད་ཀྱི་ཕྱག་རྐྱོངས་དང་། ཁྱེད་ཀྱི་ཞབས་ཕྱི་དམ་པ་ཡེ་ཤུའི་མཚན་གྱི་བརྒྱུད་ནས་རྟགས་དིང་ངོ་མཚར་ཆེ་བའི་དོན་དེ་སྒྲུབ་པར་ཤོག་ཟིན་གསོལ་བ་སྨོན་ལམ་བཏབ་པི་དིག 31ཁོང་ཀྱ་ཀྱིས་གསོལ་བ་སྨོན་ལམ་བཏབ་ནུས་པའི་རྗེས་ལེ། ཁོང་ཀྱ་ཀྱི་སྡོད་སའི་ཁང་པ་དེ་ཟང་ཡོམ་ཡོམ་བྱས་པི་མ་ཟད། ཁོང་ཀྱ་ལེ་ཟང་དམ་པའི་ཐུགས་ཉིད་ཁྱབ་ཏེ། བློ་སྟོབས་ཆེན་པོ་སྐྱེས་ཕེན་དཀོན་མཆོག་གི་བཀའ་བཤད་དི་དིག
ཁོང་ཀྱ་ལེ་འོད་ཡོད་རྒྱུ་ནོར་དེ་སྤྱི་མ་བྱས་པ།
32ཡང་དད་པ་བགྱིད་མཁན་ཀྱ་ཀྱིས་བློ་སེམས་གཅིག་མཐུན་བགྱིད་དི་མ་ཟད། ཁོང་ཀྱ་ཀྱི་ནང་ལེ་མི་སུ་ཞིག་ལེ་རྒྱུ་ནོར་ཅི་འོད་ནའང་། ངའི་ཡིན། ཁོའི་ཡིན་མ་སྨྲས་ཏེ་རྒྱུ་ནོར་དེ་ཡེ་རེ་སྤྱི་མ་བགྱིད་འོད་དིག 33སྐུ་ཚབ་ཀྱ་ཀྱིས་ཟང་ནུས་མཐུ་ཆེན་པོས་ངང་ནས། ཇོ་བོ་ཡེ་ཤུ་འཆི་བ་ནས་ཡང་དང་སྐུ་གསོན་མཛད་པི་དེ་ལེ་དཔང་པོ་བྱས་པི་མ་ཟད། དད་པ་བགྱིད་མཁན་ཡེ་རེ་ལེ་ཟང་དཀོན་མཆོག་གི་ཐུགས་རྗེ་གཟིགས་སྐྱོང་དེ་ཐོབ་པི་དིག 34དད་པ་བགྱིད་མཁན་ནང་ནས་སྤྲང་ཕྱུག་གཅིག་ཟང་མེད་དིག ཅི་ལེ་ཟེར་ནི། ས་ཞིང་དིང་ཁང་པ་འོད་ཡོད་ཡེ་རེ་བཙོངས་ཏེ། 35རིན་པ་དེ་ནི་སྐུ་ཚབ་ཀྱ་ཀྱི་ལག་ལེ་བོར་རི་མ་ཟད། ཁོང་ཀྱ་ཀྱིས་ཟང་མི་སུ་ལེ་དགོས་པ་འོད་ནི་འོ་དེ་ཀྱ་ལེ་བགོས་ཏེ་སྟེར་གྱོ་འོད་དིག 36ཡང་ཀིབ་རུ་་གླིང་ཕྲན་ནས་ཡིན་དི་སྐྱེས་པ་ཡོ་སེབ་ཟེར་མཁན་ཞིག་འོད་དིག ཁོང་རང་ནི་ལེ་ཝི་པ་ཞིག་ཡིན་དིག སྐུ་ཚབ་ཀྱ་ཀྱིས་ཁོའི་མིང་ལེ་པར་ན་པཱ་ཟིན་བཏགས་པི་དིག མིང་དེའི་དོན་དག་ནི་བློ་སྟོབས་སྤེལ་མཁན་ཟེར་རི་དིག 37ཁོ་རང་ལེ་འོད་ཡོད་ཞིང་ཁ་ཤས་ཞིག་བཙོངས་ཏེ། དེའི་དངུལ་དེ་སྐུ་ཚབ་པ་ཀྱ་ཀྱི་ལག་ལེ་གཏད་དི་དིག །
Currently Selected:
མཛད་པ། 4: DLPO
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.