YouVersion Logo
Search Icon

མཛད་པ། 3

3
ལེའུ་གསུམ་པ།
སྐུ་ཚབ་​པེ་ཏྲོས་​སྤྲང་པོ་​ཞ་རིལ་​ཞིག་དྲག་ཏུ་བཅུག་པ།
1ཉིན་མ་ཞིག་སྐུ་ཚབ་པེ་ཏྲོ་དིང་ཡོ་ཧ་ནན་ཁོ་གཉིས་ཉིན་དགུང་ཚོད་ལེ་​ནམ་རྒྱུན་ཅོག་འདྲ། སྨོན་ལམ་​འདེབས་རྒྱུ་ཆེད་དུ་​མཆོད་ཁང་​ལེ་འགྲོ་​འོད་དིག 2མཆོད་ཁང་​དེ་རུ་​སྐྱེས་​དུས་​ནས་ཕེན་​རྐང་པ་​ཞ་རིལ་​བྱུང་​པི་མི་​ཞིག་​འོད་​དིག མི་​གཞན་མ་ཀྱ་​ཀྱིས་​ཟང་རྐང་པ་ཞ་རིལ་ཁོ་​འཁྱེར་འོང་སྟེ། ཉིན་​གྲངས་མཆོད་ཁང་ནང་​ལེ་​འགྲོ་​མཁན་​ཀྱ་​ལེ་​སློང་མོ་​སློང་​རྒྱུ་​ཆེད་དུ་​མཆོད་ཁང་​གི་​རྒྱས་སྒོ་​མཛེས་པོ་​ཟེར་​རི་​མདུན་​དུ་​འབོར་​གྱོ་​འོད་དིག 3སློང་​མཁན་​ཁོས་​པེ་ཏྲོ་​དིང་​ཡོ་ཧ་ནན་ཁོ་​གཉིས་མཆོད་ཁང་ནང་​ལེ་​འགྲོ་བ་​མཐོང་སྟེ། ཁོས་ཁོ་​གཉིས་​ལེ། སློང་མོ་ཞིག་སྦྱིང་དང་སྨྲས་ཕེན། 4ཁོ་གཉིས་​ཀྱིས་​སློང་མཁན་​ཁོ་​ལེ་​ཧྲིག་གེར་​བལྟས་​ཏེ། པེ་ཏྲོས་​སློང་མཁན་​ཁོ་​ལེ། ཁྱོད་​ཉེད་​ལེ་​ལྟོས་​དང་​སྨྲས་​ཏེ། 5སློང་​མཁན་​ཁོས་ཟང་རང་ལེ་​ཅིག་འཐོབ་རྒྱུ་རེ་བའི་ངང་ནས། ཁོ་​གཉིས་​ལེ་​དོ་སྣང་བྱས་ཏེ་བལྟས་པི་དིག 6ཡང་པེ་ཏྲོས་སློང་མཁན་ཁོ་ལེ། ང་​ལེ་​གསེར་​དངུལ་​ནི་​གཅིག་​ཟང་​སྟེར་​རྒྱུ་​མེད། ང་​ལེ་​ཅི་​འོད་ཡོད་​དེ་​ཁྱོད་​ལེ་​སྟེར་​རོ། ནཱ་ཙ་རེལ་​པ་སྐྱབས་མགོན་ཡེ་ཤུའི་མཚན་​གྱི་ནང་ལེ། ཁྱོད་རང་​ཡར་​ལོང་​གོམ་པ་​རྒྱོབ་​སྨྲས་​ཏེ། 7པེ་ཏྲོས་སློང་​མཁན་​གྱི་​ལག་ག་​གཡས་​པ་ནས་​འཇུས་​ཏེ་​ཡར་​བསྐྱོར་ཏེ་​ལངས་དུ་བཅུག་ལོང་མེད། ཁོའི་​རྐང་པ་​དྲག་​སྟེ་​བརྟན་པོ་​བཙུག་ཐུབ་པི་དིང་། 8མཆོངས་​ཏེ་​འགྲོ་​ཐུབ་​ཕེན​། པེ་ཏྲོ་​དིང་​ཡོ་ཧ་ནན་​ཁོ་གཉིས་​སྐྱེན་ལེ་གོམ་པ་བརྒྱབ་པི་མ་ཟད། དཀོན་མཆོག་​ལེ་​བསྟོད་པ་​འབུལ་གིན་མཆོད་ཁང་​ནང་​ལེ་​བུད་​དི་​དིག 9དེ་ནས་​འདི་རུ་འོད་ཡོད་མི་​ཡེ་རེས་​ཞ་རིལ་​ཁོ་རང་ནི་ཡར་​ལངས་​ཏེ་​འགྲོ་བ་​དིང་​། དཀོན་མཆོག་​ལེ་​བསྟོད་པ་འབུལ་​ལི་​མཐོང་​ཕེན། 10མི་དེ་ཀྱ་ཀྱིས་ཟང་སྔོན་མ་མི་ཀྱ་ལེ་སློང་རྒྱུ་ཆེད་དུ། རྒྱལ་སྒོ་​མཛེས་པོའི་​འགྲམ་ལེ་སྡོད་མཁན་སྤྲང་​སློང་​ཁོ་​མ་​གས་ཟིན་ཧ་ལས་​དིང་ཡ་མཚན་​ཆེན་པོ་སྐྱེས་པི་དིག
སྐུ་ཚབ་​པེ་ཏྲོས་​མཆོད་ཁང་​ནང་ལེ་ཆོས་​གསུངས་​པ།
11དེ་ནས་​སློང་མཁན་​ཁོས་​པེ་ཏྲོ་​དིང་​ཡོ་ཧ་ནན་​ཁོ་གཉིས་​ལེ་འཐམས་ཏེ། སོ་ལོ་མོན་​ཟེར་​རི་​དྭངས་རའི་​ནང་​དུ་སྐྱེན་​ལེ་​འགྲོ་རྒྱ། མི་​ཡེ་རེ་​ཧ་ལས་​འཇུ་གུ་​བྱུང་​ཕེན། ཁོ་​འོད་​ས་​ལེ་​བལྟ་​རུ་​འོངས་པི་​དིག 12པེ་ཏྲོས་​མི་​དེ་ཀྱ་​ཀྱིས་ཧ་ལས་​བགྱིད་​དི་མཐོང་ཕེན། ཁྱེད་ཡི་སི་ར་ཨེལ་པ་​ཀྱ་​ཧ་​ལས་སྣང་​དིང་​། ཅི་ལེ་​ཉེད་​ཀྱ་​ལེ་​ནན་ཏན་བྱས་ཏེ་​ལྟ་​ཡིན་​དོ། ཉེད་​གཉིས་​ཀྱིས་​ཆོས་སེམས་​དིང་​། ཡང་​ནི་​མཐུ་​ནུས་ལེ་​བརྟེན་​ཏེ། ཁོ་​འགྲོ་ཐུབ་རྒྱུ་འོད་ཡོད་བྱུང་པི་ཡིན་དིག་​བསམ་​གྱི་གས། 13ཨབ་ར་ཧམ་​དིང་​ཨི་སཱག ཡ་ཀོབ་​ཀྱི་​དཀོན་མཆོག་ནི། འུ་ཀྱ་​ཀྱི་​མེས་མེས་ཀྱི་​དཀོན་མཆོག་​ཡིན་དི་མ་ཟད​། དཀོན་མཆོག་གིས་​རང་གི་​ཞབས་ཕྱི་ཡེ་ཤུ་​ལེ་གཟི་བརྗིད་​ཐོབ་རྒྱུ་​ཆེད་དུ་འོ་དེ་གི་​མཛད་​པི་​དིག ཡང་དེ་སྔོན་སྤྱི་དཔོན་​པི་ལ་ཏི་ཁོས་ཡེ་ཤུ་ལེ་གློད་​རྒྱུ་​ཐག་གཅོད་​བྱས་​ནའང་​། པི་ལ་ཏིའི་​མདུན་​དུ་ཁྱེད་ཀྱ་ཀྱིས་ཡེ་ཤུ་ལེ་ངོ་​ལོག་​བྱས་​པི་​དིག 14ཁྱེད་​ཀྱ་​ཀྱིས་​སྐྱེས་བུ་​དམ་པ་དིང་རྣམ་པར་དག་པ་​ཁོང་​ལེ་​རྒྱབ་ལོག་​བྱས་​ཏེ། མི་​སོད་​མཁན་​ཁོ་​བཙོན་​ནས་​གློད་​རོགས་​གྱིས་​ཟིན་​ཞུ་​བ་ཕུལ་​ལི་མ་ཟད།#3.14 སྐྱེས་བུ་དམ་པ་དིང་རྣམ་པར་དག་པ་ཟེར་རི་དེ་ནི། ཇོ་བོ་ཡེ་ཤུའི་མཚན་གཞན་ཞིག་ཡིན་དིག 15ཚེ་སྲོག་​གནང་མཁན་ཁོང་​བསད་དི་​དིག ཡིན་ནའང་​། དཀོན་མཆོག་​གིས་​ཁོང་​འཆི་བ་ནས་​ཡང་དང་​གསོན་པོ་​མཛད་པི་དི་ལེ་​ཉེད་​ཀྱ་​ཟང་​དཔང་པོ་​ཡིན། 16ཡེ་ཤུའི་མཚན་ནང་ལེ་​དད་པ་​བྱས་​པའི་བརྒྱུད་ནས་ཁྱེད་​ཀྱ་​ཀྱིས་​མཐོང་ས་​ལེ་​འོད་​ཡོད་​སློང་​མཁན་​ཞ་རིལ་འདི་ནི། ཁོང་​གི་​བརྒྱུད་​ནས་​བྱུང་བའི་​དད་པ་དེས་​སློང་​མཁན་​ཞ་རིལ་​འདི་དྲག་​ཏུ་བཅུག་པི་​དིག་སྨྲས་པི་དིག
17ཡང་པེ་ཏྲོས་ཁྱེད་​སྤུན་ཟླ་​ཀྱ། ཁྱེད་​ཀྱ་དིང་ཁྱེད་ཀྱ་​ཀྱི་དཔོན་པོ་ཀྱ་ཀྱིས་དོན་​དེ་ཅི་ཡིན་མིན་ཧ་མ་གོ་སྟེ་བྱས་​པི་ཡིན་དི་ངས་​ཧ་གོ་​བྱུང་​། 18ཡིན་ནའང་། དཀོན་མཆོག་​གིས་​སྔར་​ལུང་སྟོན​་པ་​ཡེ་རེའི་ངག་བརྒྱུད་​ནས། དཀོན་མཆོག་​གིས་​བརྫངས་པའི་​སྐྱབས་མགོན་​ཁོང་ལེ་དཀའ་ངལ་​མྱོང་​དགོས་​འོད་དིག་​ཟིན་གསུངས་པི་​ཅོག་འདྲ་​ཁོང་​གིས་​བསྒྲུབས་​གནང་པི་​དིག 19འོ་དེ་ལེ་​བརྟེན་ཏེ། ཁྱེད་​ཀྱ་​ཀྱིས་བྱས་པི་​སྡིག་པ་​དེ་དཀོན་མཆོག་​གིས་​སྡིག་སེལ་གནང་རྒྱུ་ཆེད་དུ། སེམས་ཁུག་སྟེ་འགྱོག་བཤགས་གྱིས་ཤིག 20དཀོན་མཆོག་​གི་​མདུན་​དུ་​ཞི་བདེ་​སེམས་གསོ་​གནང་​རྒྱུ་ཆེད་དུ། ཁོང་​གིས་​ཁྱེད་​ཀྱ་​ཀྱི་​དོན་​དུ་​སྐྱབས་མགོན་​ཡེ་ཤུ་​ཁོང་​ཡང་དང་འཇིག་རྟེན་​ལེ་​རྫོངས་གནང་​གྱི་​དིག 21དཀོན་མཆོག་​གིས་​གནའ་​སྔ་མོའི་​དུས་​ནས་​ལུང་སྟོན་པ་​དམ་པ་​ཀྱ་​ཀྱི་​ངག་ནས་​གསུངས་གནང་པི་​ཅོག་འདྲ། འཇིག་རྟེན་​གྱི་​དངོས་པོ་​ཡེ་རེ་​ཡང་དང་​གསར་དུ་​བཀོད་པའི་​དུས་དེ་མ་​སླེབས་​བར་དུ། ཡེ་ཤུ་​ནམ་མཁའི་ཞིང་ཁམས་​ལེ་བཞུགས་​དགོས་​འོད་དིག 22ལུང་སྟོན་པ་​མོ་ཤེས་ཇོ་བོ་དཀོན་མཆོག་གིས་​ང་​ནི་ཁྱེད་​ཀྱ་​ཀྱི་​དོན་​དུ་​བརྫངས་པི་ཅོག་འདྲ། ཁྱེད་​ཀྱ་​ཀྱི་​སྤུན་​ནང་​ནས་​གཅིག་​ལུང་སྟོན་པ་​ལེ་​བསྐོ་​གནང་​གྱི་དིག ཁྱེད་ཀྱ་ཀྱིས་ལུང་སྟོན་པ་ཁོང་གིས་​ཅི་​གསུང་​ཡེ་རེ་​ལེ་​དགའ་མོ་​བྱས་ཏེ་ཉོན་​ཅིག 23ལུང་སྟོན་པ་དེའི་བཀའ་ལེ་མི་​ཉན་​མཁན་​ཡེ་རེ་ནི། དཀོན་མཆོག་གིས་རང་གི་​མི་རིགས་ནང་ནས་བཏོན་​ཏེ་​རྩ་མེད་​གཏོང་གྱི་དིག་ཟིན་གསུངས་འོད་དིག#3.23 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་ལྔ་པ་བཀའ་ལུང་ལེའུ་ 18 ཨང་ 15-19 ནང་ལེ་གཟིགས་རོགས། 24ཡང་སཱ་མུ་ཨེལ་​དིང་། ཁོང་​གི་​རྒྱུད་པའི་རྗེས་​ལེ་​ཕེབས་པའི་ལུང་སྟོན་པ་ཡེ་རེས་​དུས་འདིའི་​སྐོར་​ལེ་​ལུང་བསྟན་མྱོང་​འོད་དིག 25ཁྱེད་​ཀྱ་ནི་ལུང་སྟོན་པ་​ཀྱ་​ཀྱི་​བུ་རྒྱུད་​ཡིན་​དི་​མ་ཟད། དཀོན་མཆོག་​གིས་​འུའི་​མེས་མེས་​ལེ་​བོར་​གནང་བའི་​ཞལ་ཆད་​དེ་འཐོབ་​མཁན་​ཟང་​ཡིན་དིག དཀོན་མཆོག་​གིས་​ཨབ་ར་ཧམ་​ལེ་ཁྱོད་ཀྱི་རྒྱུད་པ་​ནས་​ས་སྟེང་​གི་​མི་རིགས་​ཡེ་རེ་ལེ་​བྱིན་རླབས་​འཐོབ་ཀྱི་དིག་ཟིན་​གསུངས་འོད་དིག#3.25 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་དང་པོ་བཀོད་པ་ལེའུ་ 22 ཨང་ 18 དིང་། ལེའུ་ 26 ཨང་ 4 ནང་ལེ་གཟིགས་རོགས། 26དཀོན་མཆོག་​གིས་​རང་གི་​ཞབས་ཕྱི་ཡེ་ཤུ་​ཁོང་བརྫངས་​ཏེ། ཁྱེད་​ཀྱ་​རང་སོ་སོའི་​སྤྱོད་ངན་ཀྱ་སྤངས་ཏེ་སེམས་​ཁུག་ཏུ་འཇུག་རྒྱུ་དིང་། ཁྱེད་ཀྱ་ལེ་སྔོན་དང་ཤོས་བྱིན་​གྱིས་རླབས་པའི་ཆེད་དུ་ཡིན་དིག །

Currently Selected:

མཛད་པ། 3: DLPO

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in