མཛད་པ། 2
2
ལེའུ་གཉིས་པ།
དམ་པའི་ཐུགས་ཉིད་ཕེབས་པའི་སྐོར།
1དེ་ནས་ཉིན་མ་ལྔ་བཅུའི་དུས་ཆེན་དེ་ལེ། ཡེ་ཤུ་ལེ་དད་པ་བགྱིད་མཁན་ཡེ་རེ་ས་ཆ་གཅིག་ལེ་འཛོམས་པི་དིག 2དེ་ནས་དེ་ལོང་མེད་ནམ་མཁའ་ནས་འུར་པོ་ཆེན་པོ་ཞིག་རྒྱག་གི་ཅོག་འདྲ་སྒྲ་ཐོས་ཏེ། ཁོང་ཀྱ་ཀྱི་སྡོད་སའི་ཁང་པའི་ནང་ལེ་ཟང་འུར་སྒྲས་དེ་ཁྱབ་པི་དིག 3དེ་ནས་མེ་རླབས་ཅོག་འདྲ་མང་པོ་ཞིག་མངོན་སུམ་དུ་བྱུང་སྟེ། མེ་རླབས་དེ་རང་སོ་སོ་ལེ་ཁ་བྲལ་ཏེ། མི་རེ་རེའི་ལྟག་ག་ལེ་བབས་ཏེ་བསྡད་དི་དིག 4དེ་ནས་ཁོང་ཡེ་རེ་ལེ་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་ཕེན། དམ་པའི་ཐུགས་ཉིད་ཀྱིས་ནུས་མཐུ་བརྒྱུད་ནས་ཁོང་ཀྱ་ཀྱིས་སྐད་རིགས་གཞན་གྱི་སྐད་ལེ་སྐད་ཆ་བཤད་དི་དིག
5དུས་དེ་རྒྱ་ཆོས་སེམས་ཆེན་པོ་དིང་དྲང་པོ་འོད་ཡོད་ཡ་ཧུ་དཱ་པའི་མི་མང་པོ་ཞིག་ཟང་། རྒྱལ་ཁབ་ཡེ་རེ་ནས་འོངས་ཏེ་ཡེ་རུ་ས་གླིང་གི་རྒྱལ་ས་ལེ་བསྡད་འོད་དིག 6དེ་ནས་དེ་རུ་འཛོམས་པའི་མི་ཀྱ་ཀྱིས་སྐད་སྒྲ་དེ་ཐོས་ཕེན། མི་མང་པོ་འཛོམས་འོངས་ཏེ། མི་དེ་ཀྱ་ཀྱིས་ཉེད་རང་སོ་སོའི་སྐད་ལུགས་ནང་ལེ། དད་པ་བགྱིད་མཁན་དེ་ཀྱ་ཀྱིས་ལབ་ཟེར་རི་དེ་ཅི་ཡིན་ནས་ཟིན་ཐེ་ཚོམ་སྐྱེས་པི་དིག 7དེ་ནས་མི་ཚོགས་དེ་ཀྱ་ཧ་ལས་ཡ་མཚན་ངང་ནས་ཉེད་རང་སོ་སོའི་སྐད་ལུགས་ནང་ལེ་ལབ་ཟེར་མཁན་མི་དེ་ཀྱ་ནི་ག་ལིལ་པ་མ་གས། 8ཡིན་ནའང་། མི་དེ་ཀྱ་ཀྱིས་ཉེད་རང་སོ་སོའི་སྐད་ལུགས་ནང་ལེ་ལབ་ཟིན་འོད་དི་ཉེད་ཀྱ་ཀྱིས་ཐོས་བྱུང་། དེ་ཅི་གི་འོང་སྲིད་རྒྱུ། 9ཉེད་ཀྱ་ནི་པཱར་ཐན་པ་དིང་། མཱ་ཏི་པ། ཨེ་ལཱམ་པ། མེ་སུའོ་པི་ཏ་མེ་ཡཱ་པ། ཡ་ཧུ་དཱ་པ། ཀ་པ་དོག་ཡཱ་པ། ཕོན་ཐི་ཡཱ་པ། ཨེ་ཞེ་ཡཱ་པ། 10ཕ་རུག་ཡཱ་པ། ཕམ་ཕིལ་ཡཱ་པ། ཨེ་ཇེབ་པ་ཀྱ་ཡིན་དིག ལེབ་ཡཱ་ལུང་པའི་ཀི་རེ་ནེ་ཟེར་རི་རྒྱལ་ས་དིང་འདིའི་ཉེ་འགྲམ་གྱི་ཡུལ་མི་དིང་། རོ་མཱ་རྒྱལ་ས་ནས་འོངས་པའི་ཡ་ཧུ་དཱ་པའི་མི་དིང་། ཡ་ཧུ་དཱ་པའི་ཆོས་ལུགས་ལེ་ཞུགས་པའི་མི་ཀྱ་དིང་། 11ཀེ་རེ་ཊེ་གླིང་ཕྲན་གྱི་མི་དིང་། ཨ་རབ་མི་ཀྱ་ཡིན་དིག མི་འདི་ཀྱ་ཀྱིས་ཉེད་རང་སོ་སོའི་ཟེར་ལུགས་ནང་ལེ། ངོ་མཚར་ཆེ་བའི་དཀོན་མཆོག་གི་མཛད་པའི་སྐོར་ལེ་ཟེར་རི་ཉེད་ཀྱ་ཀྱིས་ཐོས་བྱུང་ཟིན་འོད་དིག 12ཡང་གནས་ཚུལ་འདི་ཧ་གོ་སྟེ་ཧ་ལས་ཆེན་པོ་དིང་། ཐེ་ཚོམ་ངང་ནས་ཕན་ཚུན་གཅིག་གིས་གཅིག་ལེ། དེའི་དོན་ཅི་ཡིན་ནེ་ཟིན་འོད་དིག 13ཡིན་ནའང་། དེའི་ནང་ནས་མི་ཁ་ཤས་ཞིག་གིས་མི་འདི་ཀྱ་ནི་རྒུན་ཆང་གིས་བཟི་ཡིན་དིག་ཟིན་འཕྱམ་ཆ་གཏོང་གྱོ་འོད་དིག
སྐུ་ཚབ་པེ་ཏྲོས་མི་ཚོགས་ལེ་ཆོས་གསུངས་པ།
14དེ་ནས་པེ་ཏྲོས་སྐུ་ཚབ་བཅུ་གཅིག་ཀྱ་དིང་སྐྱེན་ལེ་ལངས་ཏེ་སྐད་ཆེན་པོས་ངང་ནས་མི་ཚོགས་དེ་ཀྱ་ལེ། ཡ་ཧུ་དཱ་པ་དིང་ཡེ་རུ་ས་གླིང་གི་རྒྱལ་ས་ལེ་སྡོད་མཁན་ཁྱེད་ཡེ་རེ་ལེ། དོན་འདི་ངས་གསལ་བཤད་བགྱིད་ཀྱི་ཡིན། ཁྱེད་ཀྱ་དགའ་མོ་བྱས་ཏེ་ཉོན་དང་། 15ད་ལྟ་སྔ་རོག་ཆུ་ཚོད་དགུ་པ་ཚོད་ཡིན་དིག ཁྱེད་ཀྱ་ཀྱིས་སེམས་པ་ལེ་མི་འདི་ཀྱ་ནི་ཆང་གིས་བཟི་འོད་དིག་བསམ་ནའང་དེ་གི་མ་དིག 16དེ་ནི་སྔར་ལུང་སྟོན་པ་ཡོ་ཨེལ་ཟེར་མཁན་བརྒྱུད་ནས།
17དཀོན་མཆོག་གིས་མཇུག་མཐའ་མའི་དུས་ལེ། །
ངས་རང་གི་ཐུགས་ཉིད་དེ་མི་ཀུན་ལེ་གནང་གྱི་ཡིན། །
ཁྱེད་ཀྱ་ཀྱི་བི་ས་དིང་བུ་མོ་ཀྱ་ཀྱིས་ལུང་སྟོན་གྱི་དིག །
སྐྱེས་པ་གཞོན་ནུ་ཀྱ་ཀྱིས་ཞལ་གཟིགས་མཐོང་གྱི་དིག །
ཁྱེད་ཀྱ་ཀྱི་མེས་མེས་ལེ་རྨི་ལམ་ཡ་མཚན་རྨིས་ཀྱི་དིག །
18དུས་དེ་རྒྱ་ངའི་ཚེ་གཡོག་སྐྱེས་ཕོ་མོ་ཀྱ་ལེ། །
ངས་རང་གི་ཐུགས་ཉིད་གནང་རྒྱུ་ཡིན། །
ཁོང་ཀྱ་ཀྱིས་ཟང་ལུང་སྟོན་གྱི་དིག །
19ངས་ནམ་མཁའ་ལེ་ངོ་མཚར་སྟོན་གྱི་ཡིན། །
ས་སྟེང་འདི་རུ་གྲུབ་རྟགས་སྟོན་གྱི་དིག །
ཁྲག་དིང་མེ་དིང་དུད་པ་འབྱུར་གྱི་དིག །
20ཇོ་བོའི་ངོ་མཚར་ཉིན་མ་དེ་མ་སླེབས་བར་དུ། །
ཉི་མ་མུན་ནག་འགྱུར། ཟླ་དཀར་ཁྲག་མདོག་འགྱུར། །
21དུས་དེ་རྒྱ་ཇོ་བོའི་མཚན་ནས་འབོད་མཁན་ཀྱ་ལེ། །
ཁོང་གིས་སྐྱབས་གནང་སྟེ་ཐར་པ་གནང་གྱི་དིག །
ཟིན་གསུངས་འོད་དིག#2.21 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡོ་ཨེལ་གྱིས་བྲིས་པའི་མདོ་ལེའུ་ 2 ཨང་ 28-32 ནང་ལེ་གཟིགས་རོགས།
22ཁྱེད་ཡི་སི་ར་ཨེལ་པ་ཀྱ་ཀྱིས་ངའི་གཏམ་ལེ་ཉོན་ཅིག ཁྱེད་ཀྱ་ཀྱིས་ཧ་གོ་པི་ཅོག་འདྲ། ཁྱེད་ཀྱ་ཀྱི་དཀྱིལ་ལེ་ནཱ་ཙ་རེལ་ཡུལ་གྱི་ཡེ་ཤུས་ནུས་མཐུ་ཅན་གྱི་མཛད་པ་གནང་པི་དིང་། ངོ་མཚར་ཆེ་བའི་དོན་དིང་། གྲུབ་རྟགས་སྣ་ཚོགས་མཛད་པི་མ་ཟད། དོན་དེའི་བརྒྱུད་ནས་ཇོ་བོ་ཡེ་ཤུ་ཁོང་རང་ནི། དཀོན་མཆོག་གིས་བརྫངས་པི་ཡིན་དི་གསལ་པོ་བསྟན་གནང་འོད་དིག 23ཁོང་རང་ནི་དཀོན་མཆོག་གི་ཐུགས་དགོངས་དིང་། སྔོན་ཤེས་མཁྱེན་པི་ཅོག་འདྲ། ཁྱེད་ཀྱ་ལེ་གཏད་ཕེན། ཁྱེད་ཀྱ་ཀྱིས་ཁོང་གདུང་མ་ཀུ་རུ་ཁའི་ལྟག་ག་ལེ་སྲོག་ཐོག་གཏོང་རྒྱུ་ཆེད་དུ། ཆོས་ཁྲིམས་མེད་མེད་མི་ཀྱ་ཀྱི་ལག་ལེ་གཏད་དི་དིག 24ཡིན་ནའང་། འཆི་བའི་དཀའ་ངལ་ནས་བསྐྱབས་ཏེ། དཀོན་མཆོག་གིས་ཁོང་ནི་འཆི་བ་ནས་ཡང་དང་སྐུ་གསོན་པོ་བསླངས་པི་དིག ཅི་ལེ་ཟེར་ནི། འཆི་བའི་དབང་གིས་ཁོང་ལེ་འཛིན་མི་སྲིད་འོད་དིག 25རྒྱལ་པོ་དཱ་བིད་ཀྱིས་ཟང་ཁོང་གི་སྐོར་ལེ།
ངའི་མིག་ལེ་དུས་རྟག་ཏུ་ཇོ་བོ་མཐོང་། །
ཁོང་ནི་ངའི་གཡས་ལེ་བཞུགས་འོད་ཕེན། །
ང་ནི་གཡོ་མེད་བརྟན་པོ་གནས་པར་འགྱུར། །
26དེར་བརྟེན། ངའི་སེམས་དགའ་ངག་ནས་བསྟོད། །
ངའི་ལུས་པོ་འདི་ཟང་རེ་བའི་ནང་ལེ་གནས། །
27ཅི་ལེ་ཟེར་ནི། ངའི་སེམས་གཤིན་པོའི་གནས་ལེ་མི་འབོར། །
ཁྱེད་ཀྱི་སྐྱེས་བུ་དམ་པའི་ལུས་པོ་ཟང་རུལ་དུ་མི་འཇུག །
28ཁྱེད་ཀྱིས་ཚེའི་ལམ་དེ་ང་ལེ་བསྟན་གནང་རོགས། །
ཁྱེད་ཀྱི་སྐྱེན་འགྲོགས་བགྱིད་རྒྱུ་ལེ་ང་དགའ་སྤྲོ་ཆེའོ། །
ཟིན་གསུངས་འོད་དིག#2.28 ཚིགས་བཅད་འདི་ནི་གསུང་མགུར་ལེའུ་ 16 ཨང་ 8-11 ནང་ལེ་གཟིགས་རོགས།
29ཁྱེད་སྤུན་ཟླ་ཀྱ། ངས་ཁྱེད་ཀྱ་ལེ་འུའི་མེས་མེས་དཱ་བིད་ཀྱིས་སྐོར་ལེ་གསལ་པོ་བྱས་ཏེ་ཤོད་ཐུབ་གྱོ་འོད། ཁོང་གྲོངས་ཏེ་དུར་ཁྲོད་ལེ་སྦས་པི་དིག ཁོང་གི་དུར་ཁང་དེ་ཟང་ད་ལྟ་ས་ཆ་འདི་རུ་འུའི་སྐྱེན་ལེ་འོད་དིག 30དཱ་བིད་ཁོང་རང་ནི་གནའ་སྔ་མོའི་ལུང་སྟོན་པ་ཞིག་ཡིན་ཕེན། དཀོན་མཆོག་གིས་ཁོང་ལེ། ཁྱོད་ཀྱི་བུ་རྒྱུད་ནང་ནས་མི་གཅིག་རྒྱལ་པོ་ལེ་བསྐོས་ཏེ། ཁྱོད་ཀྱི་བཞུགས་ཁྲི་ལྟག་ག་ལེ་འབོར་གྱི་ཡིན་ཟིན་མནའ་བཞེས་པི་དེ་ཁོས་ཧ་གོ་པི་དིག 31ཁོས་སྐྱབས་མགོན་ཡང་དང་སྐུ་གསོན་པོ་འགྱུར་བའི་སྐོར་ལེ་སྔོན་ནས་ཧ་གོ་པི་མ་ཟད། དཀོན་མཆོག་གིས་སྐྱབས་མགོན་ཁོང་རང་ནི་གཤིན་པོའི་གནས་ལེ་མ་བོར་རི་དིང་། ཡང་ལུས་པོ་དེ་ཟང་རུལ་དུ་མ་བཅུག་པི་དིག་ཟིན་སྨྲས་པི་དིག 32སྐྱབས་མགོན་ཡེ་ཤུ་སྐུ་གྲོངས་ཏེ། དཀོན་མཆོག་གིས་ཡང་དང་གསོན་པོ་བསླངས་པི་དོན་དེ་ལེ་ཉེད་ཀྱ་ཟང་དཔང་པོ་ཡིན། 33དཀོན་མཆོག་གི་ཕྱག་གཡས་ལེ་དྲངས་ཏེ། ཡབ་ནས་དམ་པའི་ཐུགས་ཉིད་གནང་རྒྱུ་ཡིན་དི་ཞལ་ཆད་ཐོབ་སྟེ། ཁྱེད་ཀྱ་ཀྱིས་མཐོང་པི་དིང་ཐོས་པི་འདི་ཁོང་གིས་ཉེད་ལེ་གནང་པི་དིག 34-35རྒྱལ་པོ་དཱ་བིད་ཁོང་རང་ནི། དཀོན་མཆོག་གི་ཞིང་ཁམས་ལེ་འགྲོ་མྱོང་མེད་ནའང་།
ཁོས་དཀོན་མཆོག་ནི་ངའི་ཇོ་བོ་ཡིན། །
ངས་ཁྱེད་ཀྱི་དགྲ་བོ་ཀྱ་བཅོམ་སྟེ། །
ཁྱེད་ཀྱི་ཞབས་འོག་ཏུ་མ་བཅུག་བར་དུ། །
ཁྱེད་རང་ངའི་གཡས་ལེ་བཞུགས་རོགས། །
ཟིན་གསུངས་འོད་དིག#2.34-35 ཚིགས་བཅད་འདི་ནི་གསུང་མགུར་ལེའུ་ 110 ཨང་ 1 ནང་ལེ་གཟིགས་རོགས། 36འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱིས་གདུང་མ་ཀུ་རུ་ཁ་ལེ་བརྒྱངས་པའི་སྐྱབས་མགོན་ཡེ་ཤུ་ཁོང་ནི། དཀོན་མཆོག་གིས་ཇོ་བོ་དིང་སྐྱབས་མགོན་ལེ་བསྐོས་པི་དེ་ནི། ཁྱེད་ཡི་སི་ར་ཨེལ་པ་ཀྱ་ཀྱིས་ཧ་གོ་བར་གྱིས་ཤིག་ཟིན་སྨྲས་པི་དིག 37ཡང་མི་ཚོགས་ཀྱིས་སྐད་ཆ་དེ་ཐོས་ཏེ་འགྱོད་པ་སྐྱེས་ཕེན། པེ་ཏྲོ་དིང་སྐུ་ཚབ་གཞན་མ་ཀྱ་ལེ། ཁྱེད་སྤུན་ཟླ་ཀྱ་ཀྱིས་སྨྲོས་དང་། ད་ཉེད་ཀྱ་ཀྱིས་ཅི་བགྱིད་དགོས་འོད་དིག་གོ་སྨྲས་ཕེན། 38པེ་ཏྲོས་དཀོན་མཆོག་གིས་ཁྱེད་ཀྱ་ཀྱི་སྡིག་པ་སེལ་བའི་ཆེད་དུ། ཁྱེད་རེ་རེས་འགྱོད་བཤགས་བྱས་ཏེ། ཁོང་ཕྱོག་ལེ་སེམས་ཁུག་དགོས་འོད་དི་མ་ཟད། སྐྱབས་མགོན་ཡེ་ཤུའི་མཚན་གྱི་ནང་ལེ་ཁྲུས་གསོལ་གྱིས་ཤིག དེ་ནས་ཁྱེད་ཀྱ་ལེ་དཀོན་མཆོག་གི་བྱ་དགའ་དམ་པའི་ཐུགས་ཉིད་དེ་འཐོབ་ཀྱི་དིག 39ཅི་ལེ་ཟེར་ནི། ཞལ་ཆད་དེ་ནི་ཁྱེད་ཀྱ་དིང་ཁྱེད་ཀྱི་བུ་རྒྱུད་དིང་། ཐག་རིང་གི་ཕྱི་མི་ཀུན་ལེ་དིང་། ཇོ་བོ་དཀོན་མཆོག་གིས་རང་གི་དྲུང་དུ་འབོད་གནང་བའི་མི་སུ་ཡིན་ནའང་དེ་ལེ་གནང་གྱི་དིག་སྨྲས་པི་དིག 40ཡང་པེ་ཏྲོས་དེ་མིན་གྱི་གཏམ་མང་པོ་སྨྲས་ཏེ་བདེན་དཔང་བྱས་པི་མ་ཟད། ཁྱེད་ཀྱ་ཀྱིས་རང་སོ་སོ་མི་རབས་ངན་པ་འདི་ནས་ཐར་ཐུབ་བར་གྱིས་ཤིག་ཟིན་ཁ་བསྒོས་བཅུག་པི་དིག 41དེ་ནས་པེ་ཏྲོས་བཅུག་པའི་ཁ་བསྒོས་དེ་ལེ། ཁས་ལེན་བགྱིད་མཁན་ཀྱ་ཀྱིས་ཁྲུས་གསོལ་བླངས་པི་དིག ཉིན་མ་དེ་ལེ་མི་གྲངས་སུམ་སྟོང་ཚོད་དད་པ་བགྱིད་མཁན་གྱི་སྐྱེན་གྲལ་ལེ་ཞུགས་པི་དིག
དད་པ་བགྱིད་མཁན་ཀྱ་མཉམ་འཛོམས་བྱས་པ།
42ཡང་སྐུ་ཚབ་ཀྱ་ཀྱིས་མི་དེ་ཀྱ་ལེ་ཆོས་བསྟན་པི་དིང་། མི་དེ་ཀྱ་ནི་དད་པ་བགྱིད་མཁན་དིང་སྐྱེན་ལེ་མཉམ་འཛོམས་བགྱིད་དི་དིང་། སྒོར་ཕྱེ་བགོས་ཏེ་བཟའ་དིང་། གསོལ་བ་སྨོན་ལམ་འདེབས་རྒྱུ་ལེ་བརྩོན་འགྲུས་ཆེན་པོ་བགྱིད་འོད་དིག 43དཀོན་མཆོག་གིས་ཟང་སྐུ་ཚབ་ཀྱ་ཀྱི་བརྒྱུད་ནས་ངོ་མཚར་ཆེ་བའི་དོན་དིང་གྲུབ་རྟགས་མང་པོ་བསྟན་གནང་ཕེན། མི་ཡེ་རེས་དཀོན་མཆོག་ལེ་དད་གུས་ཆེན་པོ་བགྱིད་འོད་དིག 44ཡང་དད་པ་བགྱིད་མཁན་དེ་ཀྱ་སྐྱེན་ལེ་བསྡད་ཏེ། རང་ལེ་ཅི་འོད་ཡོད་དངོས་པོ་ཡེ་རེ་བགོས་གྱོ་འོད་དི་མ་ཟད། 45མི་སུ་ལེ་ཅི་དགོས་པ་འོད་ནི་རང་ལེ་འོད་ཡོད་རྒྱུ་ནོར་དིང་ས་ཞིང་བཙོངས་ཏེ་སྟེར་གྱོ་འོད་དིག 46ཉིན་རེ་བཞིན་དུ་ཁོང་ཀྱ་ཀྱིས་བློ་སེམས་གཅིག་མཐུན་བྱས་ཏེ། མཆོད་ཁང་གི་དྭངས་རའི་ནང་ལེ་འཛོམས་གྱོ་འོད་དི་མ་ཟད། མི་སུའི་ཁྱིམ་ལེ་ཡིན་ནའང་། སེམས་དགའ་རི་ངང་ནས་སྒོར་ཕྱེ་བགོས་ཏེ་བཟའ་འཐུང་བྱས་ཏེ། 47དཀོན་མཆོག་ལེ་བསྟོད་པ་འབུལ་གྱོ་འོད་ཕེན། མི་ཡེ་རེས་ཟང་ཁོང་ཀྱ་ལེ་འཐད་པོ་བགྱིད་འོད་དི་མ་ཟད། ཇོ་བོ་ཡེ་ཤུས་ཟང་ཉིན་རེ་ནས་ཉིན་རེ་སྐྱབས་གནང་བའི་མི་དེ་ཀྱ་ནི། དད་པ་བགྱིད་མཁན་གྱི་གྲལ་ལེ་འབོར་གནང་གྱོ་འོད་དིག །
Currently Selected:
མཛད་པ། 2: DLPO
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.