མཛད་པ། 1
1
ལེའུ་དང་པོ།
ངོ་སྤྲོད།
1-2སྐུ་ངོ་ཐེ་ཨོ་ཕི་ལུ། ངས་བྲིས་པའི་ཡི་གེ་དང་པོའི་ནང་ལེ་ཇོ་བོ་ཡེ་ཤུས་ཅི་མཛད་པི་དིང་། ཆོས་ཅི་གསུངས་པི་ཡེ་རེ་འགོ་བརྩམས་པ་ནས་ཕེན། ཁོང་གིས་བདམས་པའི་སྐུ་ཚབ་ཀྱ་ལེ་དམ་པའི་ཐུགས་ཉིད་བརྒྱུད་ནས་བཀའ་གནང་པི་མ་ཟད། ཁོང་རང་དཀོན་མཆོག་གི་ཞིང་ཁམས་ལེ་གདན་མ་དྲངས་པའི་ཉིན་མོའི་བར་གྱི་ལོ་རྒྱུས་དེ་བྲིས་འོད། 3ཡང་ཁོང་གདུང་མ་ཀུ་རུ་ཁ་ལེ་སྲོག་ཐོག་བཏང་བའི་རྗེས་ལེ། ཁོང་ཡང་དང་སྐུན་གསོན་པོ་བྱུང་བའི་སྐོར་དེ་སྐུ་ཚབ་ཀྱ་ལེ། ཁོང་གིས་ར་སྤྲོད་ཀྱི་རྟགས་མང་པོ་བསྟན་པི་མ་ཟད། ཉིན་མ་བཞི་བཅུའི་རིང་ཁོང་གིས་རང་གི་སྐུ་གཟུགས་དངོས་སུམ་དུ་སྐུ་ཚབ་ཀྱ་ལེ་བསྟན་ཏེ། དཀོན་མཆོག་གི་རྒྱལ་ཁྱབ་ཀྱི་སྐོར་ལེ་གསུངས་པི་དིག 4ཡང་ཁོང་རང་སྐུ་ཚབ་ཀྱ་དིང་སྐྱེན་ལེ་བཞུགས་པའི་དུས་ཤིག་ལེ། ཁོང་གིས་སློབ་མ་ཀྱ་ལེ། ངས་ཁྱེད་ཀྱ་ལེ་སྔོན་མ་ནས་སྨྲས་ཚར་རི་ཅོག་འདྲ། ངའི་ཨ་ཀྱིས་ཞལ་བཞེས་གནང་པི་དེ་མ་འགྲུབ་བར་དུ། ཁྱེད་ཀྱ་ཡེ་རུ་ས་གླིང་རྒྱལ་ས་དིང་ཁ་མ་འབྲལ་ལི་སྒུག་སྡོད་ཅིག 5ཡོ་ཧ་ནན་གྱིས་ཆུས་ཁྲུས་གསོལ་བྱས་པི་དིག ཡིན་ནའང་། དཀོན་མཆོག་གིས་དུས་ཡུན་མ་འགོར་རི་ཁྱེད་ཀྱ་ལེ་དམ་པའི་ཐུགས་ཉིད་ཀྱིས་ཁྲུས་གསོལ་གནང་གྱི་དིག་ཟིན་གསུངས་པི་དིག
ཇོ་བོ་ཡེ་ཤུ་དཀོན་མཆོག་གི་ཞིང་ཁམས་ལེ་གདན་དྲངས་པ།
6དེ་ནས་ཡེ་ཤུ་དིང་སྐུ་ཚབ་ཀྱ་སྐྱེན་ལེ་འཛོམས་རྒྱ། སློབ་མ་ཀྱ་ཀྱིས་ཡེ་ཤུ་ལེ། ཇོ་བོ། ཁྱེད་ཀྱིས་ཡི་སི་ར་ཨེལ་གྱི་རྒྱལ་ཁབ་འདི་ཡང་དང་བསྐྱར་གསོ་བགྱིད་རྒྱུ་དུས་དེ་ད་ལྟ་སླེབ་འགྲོ་བ་ཡིན་གས་ཟིན་ཞུས་ཕེན། 7ཁོང་གིས་སློབ་མ་ཀྱ་ལེ། ཡབ་ཀྱིས་རང་གི་དབང་ཆ་ལེ་བརྟེན་ཏེ་བཟོས་པའི་དུས་དིང་ཟླ་བ་ཚེས་གྲངས་དེ་ནི། ཁྱེད་ཀྱ་ཀྱིས་ཧ་གོ་བར་བགྱིད་དགོས་མེད་དིག 8ཡིན་ནའང་། ཁྱེད་ཀྱ་ལེ་དམ་པའི་ཐུགས་ཉིད་ཁྱབ་ཕེན་དབང་ཆ་ཐོབ་སྟེ། ཡེ་རུ་ས་གླིང་རྒྱལ་ས་དིང་། ཡ་ཧུ་དཱ་ལུང་པ། སཱ་མར་ཡཱ་ལུང་པ་ཡེ་རེ་དིང་། ཡང་ས་གཞི་མཐའ་བར་དུ། ཁྱེད་ཀྱ་ཀྱིས་ང་ལེ་དཔང་པོ་བགྱིད་ཀྱི་དིག་ཟིན་གསུངས་པི་དིག 9དེ་ནས་ཡེ་ཤུས་འོ་འདི་གི་གསུང་གནང་རྒྱ། ཁོང་ཀྱ་ཀྱིས་མིག་མཐོང་ས་ནས་དཀོན་མཆོག་གི་ཞིང་ཁམས་ལེ་ཡེ་ཤུ་གདན་དྲངས་ཕེན། སྤྲིན་ཞིག་གིས་ཁོང་ལེ་བསྒྲིབས་ཏེ་མཐོང་རྒྱུ་མེད་མེད་བྱུང་པི་དིག 10དེ་ནས་སྐུ་ཚབ་ཀྱ་ཀྱིས་ཡར་ནམ་མཁའ་ལེ་མིག་ལྟ་རྒྱ་དེ་ལོང་མེད་གོས་དཀར་པོ་གྱོན་འོད་ཡོད་མི་གཉིས་ཁོང་ཀྱ་ཀྱི་མདུན་ལེ་དངོས་སུམ་དུ་ཕེབས་འོངས་པི་དིག 11དེ་ནས་མི་དེ་གཉིས་ཀྱིས་ཁྱེད་ག་ལིལ་པ་ཀྱ་ཅིའི་ཆེད་དུ་ནམ་མཁའི་ཕྱོགས་ལེ་ལྟ་ཡིན་དོ། ཁྱེད་ཀྱ་ཀྱི་མདུན་ནས་དཀོན་མཆོག་གི་ཞིང་ཁམས་ལེ་ཕེབས་པི་ཅོག་འདྲ། ཡང་དང་ཇོ་བོ་ཡེ་ཤུ་ནམ་མཁའ་ནས་མར་ཕེབས་འོང་གི་ཁྱེད་ཀྱ་ཀྱིས་མཐོང་གྱི་དིག་ཟིན་གསུངས་པི་དིག
མད་ཐི་ཡཱ་ཟེར་མཁན་ཁོ་སྐུ་ཚབ་ལེ་བདམས་པ།
12དེ་ནས་ཁོང་ཀྱ་ཨོ་ལིབ་སྡོང་པོའི་དེའུ་ཟེར་ས་ནས་ཕར་ཡེ་རུ་ས་གླིང་ལེ་ལོག་པི་དིག ཡེ་རུ་ས་གླིང་དིང་ཨོ་ལིབ་སྡོང་པོའི་དེའུ་བར་ལེ་ཐགས་རིང་ལོད་སྐར་མ་བཅུ་ལྔ་ཚོད་འོད་དིག 13དེ་ནས་ཁོང་ཀྱ་ཡེ་རུ་ས་གླིང་རྒྱལ་ས་ལེ་སླེབས་ཕེན། ཁོང་ཀྱ་སྡོད་ས་དེའི་ཐོག་ཁང་གི་ནང་ལེ་བུད་དིག དེ་རུ་སྡོད་མཁན་ཀྱ་ནི། པེ་ཏྲོ་དིང་། ཡོ་ཧ་ནན། ཡ་ཀོབ། ཨན་དྲི་ཡཱ། ཕི་ལིབ། ཐོ་མཱ། པཱར་ཐོ་ལོ་མཱ། མད་ཐཱ། ཨལ་ཕཱ་ཟེར་མཁན་གྱི་བི་ས་ཡ་ཀོབ་དིང་། བརྩོན་འགྲུས་ཅན་སི་མོན། ཡ་ཀོབ་ཀྱི་བི་ས་ཡུ་དཱ་ཟེར་མཁན་དེ་ཀྱ་ཡིན་དིག 14ཡང་ཁོང་ཀྱ་ཀྱི་སྐྱེན་ལེ་ཡེ་ཤུའི་ཡུམ་མིར་ཡམ་དིང་། ཁོང་གི་སྤུན་མཆེད་ཀྱ་དིང་། ཡང་བུ་མའ་ཁ་ཤས་དིང་སྐྱེན་ལེ་བསྡད་དེ་ནམ་རྒྱུན་ཅོག་འདྲ། བློ་སེམས་གཅིག་མཐུན་ངང་ནས་གསོལ་བ་སྨོན་ལམ་འདེབས་གྱོ་འོད་དིག
15དུས་དེ་རྒྱ་དད་པ་བགྱིད་མཁན་བརྒྱ་དིང་ཉི་ཤུ་ཚོད་སྐྱེན་ལེ་འཛོམས་འོད་དིག དེ་ནས་པེ་ཏྲོ་ཁོ་རང་མི་དེ་ཀྱ་ཀྱི་དཀྱིལ་ནས་ཡར་ལངས་ཏེ། 16-17ཁྱེད་དད་སེམས་གཅིག་པའི་སྤུན་ཟླ་ཀྱ། རྒྱལ་པོ་དཱ་བིད་ཀྱི་བརྒྱུད་ནས་དམ་པའི་ཐུགས་ཉིད་ཀྱིས་སྔར་དཀོན་མཆོག་གི་གསུང་རབ་ནང་ལེ། ཡུ་དཱ་ཟེར་མཁན་གྱི་སྐོར་ལེ་ལུང་བསྟན་གནང་པི་དེ་ནི་ངོ་ཐོག་འགྲུབ་དགོས་འོད་དིག ཁོ་རང་ནི་འུ་ཀྱ་ཀྱི་གྲལ་དུ་བརྩིས་ཏེ་ཡེ་ཤུའི་གཏམ་བཟང་སྤེལ་རྒྱུ་ལས་འགན་འདི་ལེ་ཞུགས་རྒྱུ་སྐལ་བ་ཐོབ་པི་དིང་། ཡེ་ཤུ་ལེ་འཛིན་བཟུང་བགྱིད་མཁན་ཀྱ་ཀྱི་ལམ་སྟོན་བགྱིད་མཁན་འོང་གྱི་དིག་ཟིན་གསུངས་འོད་དིག 18ཡིན་ནའང་། ཡུ་དཱ་ཁོས་ལས་ངན་བྱས་ཏེ་གླ་ཆ་ཐོབ་པི་དེ་ནས་ཞིང་ཞིག་ཉོས་པི་མ་ཟད། ཞིང་དེའི་ལྟག་ག་ལེ་ཁོ་རང་ཁ་སྦུབ་ལེ་དགྱེལ་ཏེ་གྲོད་པ་གས་ཕེན་ནང་ཁྲོལ་ཡེ་རེ་ཕྱི་ལེ་ཐོན་ཏེ་ཤི་པི་དིག 19དེ་ནས་ཡེ་རུ་ས་གླིང་རྒྱལ་ས་ལེ་འོད་ཡོད་མི་ཡེ་རེས་གནས་ཚུལ་དེ་ཧ་གོ་སྟེ། ཁོང་ཀྱ་ཀྱི་ཟེར་ལུགས་ནང་ལེ་ཞིང་དེའི་མིང་ལེ་ཨ་ཀེལ་ད་མཱ་ཟིན་འོད་དིག དེའི་དོན་དག་དེ་ནི་ཁྲག་གི་ཞིང་ཟེར་རི་དིག 20དེ་ནས་པེ་ཏྲོས་ཡང་དང་གསུང་མགུར་གྱི་མདོ་ཞིག་སྒྲོགས་པི་དིག མདོ་དེའི་ནང་ལེ་ཅི་བྲིས་འོད་དིག་ཟེར་ནི།
དེའི་སྡོད་ས་སྟོངས་ཞིང་སྟོང་བར་ཤོག །
གནས་དེ་རུ་སུ་ཟང་སྡོད་མ་ཐུབ་པར་ཤོག །
མི་དེའི་གོ་གནས་གཞན་ལེ་ཐོབ་པར་ཤོག །
ཟིན་གསུངས་འོད་དིག#1.20 ཚིགས་བཅད་འདི་ནི་གསུང་མགུར་ལེའུ་ 69 ཨང་ 25 དིང་། གསུང་མགུར་མདོ་ལེའུ་ 109 ཨང་ 8 ནང་ལེ་གཟིགས་རོགས། 21-22འོ་དེའི་ཆེད་དུ། ཡུ་དཱའི་ཚབ་ལེ་མི་གཞན་ཞིག་བདམས་ཏེ། མི་དེ་ནི་ཡོ་ཧ་ནན་གྱིས་ཁྲུས་གསོལ་བྱས་པའི་དུས་ནས་བྱས་ཏེ། ཡང་འུ་ཀྱ་ཀྱི་མདུན་ནས་དཀོན་མཆོག་གི་ཞིང་ཁམས་ལེ་ཇོ་བོ་ཡེ་ཤུ་གདན་དྲངས་པི་དེ་ལེ་བདེན་པའི་དཔང་པོ་བགྱིད་དགོས་འོད་དི་མ་ཟད། མི་དེ་ནི་འུ་ཀྱ་ཀྱི་སྐྱེན་ལེ་དུས་རྒྱུན་དུ་ཡེ་ཤུ་གྲོངས་ཏེ་ཡང་དང་གསོན་པོ་བཞེངས་གནང་བའི་སྐོར་ལེ་དཔང་པོ་བགྱིད་དགོས་འོད་དིག་སྨྲས་པི་དིག 23དེ་ནས་ཁོང་ཀྱ་ཀྱིས་ཡོ་སེབ་ཡང་ནི། ཁོའི་མིང་འདོགས་ལེ་པར་ས་པཱ། ཡང་ནི། ཡུ་སི་ཏོ་ཟེར་མཁན་དིང་། མད་ཐི་ཡཱ་ཟེར་མཁན་ཁོ་གཉིས་བདམས་ཏེ་དཀོན་མཆོག་ལེ། 24-25ཇོ་བོ་དཀོན་མཆོག་ཁྱེད་ཀྱིས་མི་ཡེ་རེའི་སེམས་མཁྱེན་གནང་གྱོ་འོད་དིག ལས་འགན་གཡུགས་ཏེ་རང་དོན་སྒྲུབ་མཁན་དད་ལོག་ཡུ་དཱའི་ཚབ་ལེ། ཁྱེད་ཀྱིས་མི་འདི་གཉིས་ནང་ནས་གཅིག་ཁྱེད་ཀྱི་ལས་འགན་སྒྲུབ་མཁན་ལེ་བདམས་གནང་སྟེ། ཉེད་ལེ་སྟོན་གནང་རོགས་ཟིན་གསོལ་བ་སྨོན་ལམ་བཏབ་པི་དིག 26དེ་ནས་ཁོང་ཀྱ་ཀྱིས་རྒྱན་བརྒྱབ་ཏེ་མད་ཐི་ཡཱ་ཟེར་མཁན་ཁོའི་མིང་ཐོན་ཕེན། ཁོ་སྐུ་ཚབ་བཅུ་གཅིག་གི་གྲལ་ལེ་བརྩིས་པི་དིག །
Currently Selected:
མཛད་པ། 1: DLPO
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.