མཛད་པ། 11
11
ལེའུ་བཅུ་གཅིག
པེ་ཏྲོས་རང་གི་ཅི་བྱས་པའི་དོན་ཡེ་རེ་བཤད་པ།
1དེ་ནས་ཡང་སྐུ་ཚབ་ཀྱ་དིང་ཡ་ཧུ་དཱ་པའི་ལུང་པ་ལེ་འོད་ཡོད་ཆོས་གྲོགས་སྤུན་ཟླ་ཀྱ་ཀྱིས་ཟང་། ཡ་ཧུ་དཱ་པ་མིན་པ་ཕྱིའི་མི་ཀྱ་ཀྱིས་དཀོན་མཆོག་གི་བཀའ་ལེ་ཁས་ལེན་བྱས་པའི་གཏམ་ཐོས་པི་དིག 2དེ་ནས་པེ་ཏྲོ་སྟོད་ཕྱོགས་ཀྱི་ཡེ་རུ་ས་གླིང་རྒྱལ་ས་ལེ་སླེབས་ཕེན། ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་བརྒྱབ་འོད་ཡོད་དད་པ་བགྱིད་མཁན་ཁ་ཤས་ཤིག་གིས་ཁོ་ལེ་སྐྱོན་འཛུག་བྱས་པི་མ་ཟད། 3ཁྱོད་ཀྱིས་ཆོས་ཀྱི་རྟགས་མེད་མེད་མི་ཀྱ་ཀྱི་ཁང་པ་ལེ་ཕྱིན་ཏེ། མི་དེ་ཀྱ་ཀྱི་སྐྱེན་ལེ་ཟ་མ་ཅི་ལེ་བཟའ་ཡིན་དོ་ཟིན་སྨྲས་པི་དིག 4-5ཡིན་ནའང་། པེ་ཏྲོས་ཁོང་ཀྱ་ལེ། དེ་སྔོན་ང་ཡོ་ཕཱ་རྒྱལ་ས་ལེ་གསོལ་བ་སྨོན་ལམ་འདེབས་རྒྱ། ཞལ་གཟིགས་ཀྱི་ནང་ལེ་ཟུར་བཞི་ནས་བསྡམས་པའི་རས་གྲུ་བཞི་ཅོག་འདྲ་ཞིག ནམ་མཁའ་ནས་ངའི་མདུན་དུ་བབས་པི་ངས་མཐོང་བྱུང་། 6དེ་ནས་ངས་དགའ་མོ་བྱས་ཏེ་བལྟས་ཏེ། རས་དེའི་ནང་ལེ་རྐང་ལག་བཞི་བཙུགས་ཏེ་འགྲོ་མཁན་སེམས་ཅན་དིང་། རི་དྭགས་གཅན་གཟན་དིང་། ལྟོ་འདྲུད་དེ་འགྲོ་མཁན་འབུ་སྲིན་གྱི་རིགས། ནམ་མཁའི་བྱ་བྱིའུ་ཀྱ་ཟང་འོད་དི་མཐོང་བྱུང་། 7ཡང་གསུང་སྐད་ཞིག་གིས་ང་ལེ། པེ་ཏྲོ། ཁྱོད་རང་ཡར་ལོངས་དང་། འདི་ཀྱ་བསད་དེ་ཟོ་ཞིག་ཟེར་རི་ཐོས་བྱུང་། 8ཡིན་ནའང་། ངས་ཁོང་ལེ། ཇོ་བོ། ངས་དེ་གི་བགྱིད་རྒྱུ་མན། ཅི་ལེ་ཟེར་ནི། ཆོས་ཁྲིམས་ཅོག་འདྲ་ཟ་མི་ཆོག་པི་དིང་། མི་གཙང་བའི་ཟ་མ་དེ་ཀྱ་རྩ་བ་ནས་ངས་ཟ་མྱོང་མེད་ཟིན་ཞུས་པི་ཡིན། 9ཡང་དང་གསུང་སྐད་ཞིག་གིས་དཀོན་མཆོག་གིས་གཙང་མ་བཟོས་པི་དེ་ཀྱ། ཁྱོད་ཀྱིས་མི་གཙང་བ་ཞིག་ལེ་རྩི་མི་ཆོག་འོད་ཟིན་ང་ལེ་གསུངས་བྱུང་། 10ཡང་དེ་ཅོག་འདྲ་ངས་གསུང་སྐད་ལན་མ་གསུམ་ཐོས་པའི་རྗེས་ལེ། རས་ལེབ་དེའི་ནང་ལེ་འོད་ཡོད་དེ་ཀྱ་ཞིང་མཁས་ལེ་བསྣམས་ཕེབས་སོང་། 11དེ་ནས་དུས་ཚོད་དེ་རང་ལེ། ཀེ་སར་ཡཱ་རྒྱལ་ས་ནས་ངའི་རྩ་ལེ་བརྫངས་པའི་མི་གསུམ་པོ་ཀྱ་ཟང་། ཉེད་སྡོད་སའི་ཁྱིམ་གྱི་སྒོ་རྩ་ལེ་སླེབས་འོད་དི་མ་ཟད། 12དམ་པའི་ཐུགས་ཉིད་ཀྱིས་ཟང་ང་ལེ། ཁྱོད་རང་ཐེ་ཚོམ་མ་བགྱིད། མི་དེ་ཀྱ་སྐྱེན་ལེ་རྒྱུགས་ཟིན་བཀའ་གནང་བྱུང་། དེ་ནས་ང་དིང་ཆོས་གྲོགས་སྤུན་ཟླ་དྲུག་པོ་ཉེད་ཀྱ་སྐྱེན་ལེ་དམག་མི་བརྒྱ་དཔོན་ཀོར་ནེ་ལིའུ་ཁྱིམ་ལེ་ཕྱིན་དི་ཡིན། 13ཡང་ཁོང་གིས་ཉེད་ཀྱ་ལེ། དཀོན་མཆོག་གི་ཕོ་ཉ་ཞིག་ངའི་ཁང་པའི་ནང་ལེ་མངོན་སུམ་དུ་ཕེབས་གནང་པི་དེ་ངས་མཐོང་པི་མ་ཟད། ཁོང་གིས་ང་ལེ་ཡོ་ཕཱ་རྒྱལ་ས་ལེ་མི་བརྫངས་ཏེ་སི་མོན་ཡང་ནི་པེ་ཏྲོ་ཟེར་མཁན་དེ་ཤོག་སྨྲོས་ཤིག 14ཁོས་གཏམ་བཟང་བཤད་དེའི་བརྒྱུད་ནས་ཁྱོད་དིང་། ཁྱོད་ཀྱི་ནང་མི་ཡེ་རེ་ལེ་ཐར་བ་འཐོབ་ཀྱི་དིག་ཟིན་གསུངས་པའི་གནས་ཚུལ་དེ་ཉེད་ཀྱ་ལེ་བཤད་བྱུང་། 15དེ་ནས་ངས་ཁོང་ཀྱ་ལེ་ལབ་ཟེར་རྒྱུ་རྩོམ་རྒྱ། དམ་པའི་ཐུགས་ཉིད་དང་པོ་ཉེད་ཀྱ་ལེ་ཁྱབ་པི་ཅོག་འདྲ་ཁོང་ཀྱ་ལེ་ཟང་ཁྱབ་པི་དིག 16ཡང་དེ་སྔོན་ཇོ་བོ་ཡེ་ཤུ་ལེ་ཡོ་ཧ་ནན་གྱིས་ཆུས་ཁྲུས་གསོལ་པ་རྐྱང་བྱས་པི་དིག ཡིན་ནའང་། ངས་ཁྱེད་ཀྱ་ལེ་དམ་པའི་ཐུགས་ཉིད་ཀྱིས་ཁྲུས་གསོལ་བགྱིད་ཀྱི་ཡིན་ཟིན་གསུངས་པའི་བཀའ་དེ་ངས་དྲན་བྱུང་།#11.16 ཚིགས་བཅད་དེ་ནི་སྐུ་ཚབ་ཀྱ་ཀྱི་མཛད་པ་ལེའུ་ 1 ཨང་ 5 ནང་ལེ་གཟིགས་རོགས། 17འོ་དེ་ལེ་བརྟེན་ཏེ། ཉེད་ཀྱ་ཟང་ཇོ་བོ་སྐྱབས་མགོན་ལེ་དད་པ་བགྱིད་རྒྱ། དཀོན་མཆོག་གིས་ཉེད་ཀྱ་ལེ་དམ་པའི་ཐུགས་ཉིད་ཅི་གི་བྱས་ཏེ་གནང་པི་ཅོག་འདྲ། མི་དེ་ཀྱ་ལེ་ཟང་དམ་པའི་ཐུགས་ཉིད་གནང་ཕེན། ངས་དཀོན་མཆོག་ལེ་ཅི་གི་བྱས་ཏེ་འགེག་ནུས་རྒྱུ་ཟིན་སྨྲས་པི་དིག 18ཡང་མི་ཀྱ་ཀྱིས་གནས་ཚུལ་དེ་ཐོས་ཏེ་རྩོད་པ་མ་བརྒྱབ་པི་མ་ཟད། དཀོན་མཆོག་གིས་ཡ་ཧུ་དཱ་པ་མིན་པ་མི་ཀྱ་ལེ་ཟང་མཐའ་མེད་པའི་ཚེ་སྲོག་འཐོབ་རྒྱུ་ཆེད་དུ། འགྱོད་བཤགས་ཀྱི་སེམས་གནང་བྱུང་ཟིན་དཀོན་མཆོག་ལེ་བསྟོད་པ་ཕུལ་ལི་དིག
ཨན་ཏི་ཡོག་ཡཱ་ཟེར་རི་རྒྱལ་སའི་ཆོས་ཚོགས་ཀྱི་སྐོར།
19དེ་ནས་སེ་ཏེ་ཕཱན་བསད་དི་རྗེས་ལེ། གནོད་འཚེ་ཆེན་པོ་བྱུང་སྟེ། ཕྱོགས་བཞི་ལེ་ཁ་འཐོར་ཏེ་བསྡད་འོད་ཡོད་དད་པ་བགྱིད་མཁན་དེ་ཀྱ་ནི། ཕོ་ནེ་ཀེ་ཟེར་རི་ལུང་པ་དིང་། ཀིབ་རུ་གླིང་ཕྲན། ཡང་ཨན་ཏི་ཡོག་ཡཱ་ཟེར་རི་རྒྱལ་ས་ལེ་ཕྱིན་ཏེ། དཀོན་མཆོག་གི་བཀའ་དེ་ནི། མི་གཞན་མ་སུ་ལེ་ཟང་མ་བཤད་དེ་ཡ་ཧུ་དཱ་པ་ཀྱ་ལེ་པ་རྐྱང་བཤད་དི་དིག 20ཡིན་ནའང་། རྗེས་ལེ་ཁོང་ཀྱ་སྐྱེན་ལེ་ཀིབ་རུ་པ་དིང་། ཀི་རེ་ནེ་རྒྱལ་སའི་མི་ཁ་ཤས་ཨན་ཏི་ཡོག་ཡཱ་རྒྱལ་ས་ལེ་འོངས་ཏེ། གེ་རིག་གི་སྐད་རྒྱག་མཁན་ཡ་ཧུ་དཱ་པ་ཀྱ་ལེ་ཟང་། ཇོ་བོ་ཡེ་ཤུའི་གཏམ་བཟང་བཤད་དི་དིག 21དཀོན་མཆོག་གི་མཐུ་སྟོབས་ཟང་མི་དེ་ཀྱ་ཀྱི་སྐྱེན་ལེ་བཞུགས་འོད་ཕེན། མི་མང་པོ་ཞིག་གིས་སེམས་བསྒྱུར་ཏེ་ཇོ་བོ་ཡེ་ཤུ་ལེ་དད་པ་བྱས་པི་དིག 22གནས་ཚུལ་དེ་ཡེ་རུ་ས་གླིང་རྒྱལ་སའི་ཆོས་ཚོགས་ནང་ལེ་འོད་ཡོད་མི་ཀྱ་ཀྱིས་ཧ་གོ་ཕེན། པར་ན་པཱ་ཟེར་མཁན་ཁོ་ཨན་ཏི་ཡོག་ཡཱ་རྒྱལ་ས་ལེ་བརྫངས་པི་དིག 23དེ་ནས་ཁོ་རང་རྒྱལ་ས་དེ་རུ་སླེབས་ཕེན། དཀོན་མཆོག་གི་ཐུགས་རྗེ་གཟིགས་སྐྱོང་དེ་ནི། མི་ཀྱ་ལེ་འོད་དི་མཐོང་ཕེན། ཁོ་རང་དགའ་རི་ཆེན་པོས་ངང་ནས་བློ་སེམས་རྩེ་གཅིག་གིས་ཇོ་བོ་ཡེ་ཤུ་ལེ་དད་པ་བརྟན་པོ་བགྱིད་དགོས་འོད་དིག་ཟིན་ཁོས་མི་ཀྱ་ལེ་སེམས་ཤུགས་སྤར་རི་དིག 24ཅི་ལེ་ཟེར་ནི། པར་ན་པཱ་ཁོ་རང་ནི་མི་གཤིས་ཀ་དགའ་མོ་དིང་། དམ་པའི་ཐུགས་ཉིད་ཀྱིས་ཁྱབ་འོད་ཡོད་ཞིག་ཡིན་ཕེན། དད་སེམས་ཆེན་པོས་ངང་ནས་ལམ་སྟོན་བཟང་པོ་བསྟན་པི་དེ་ལེ། མི་མང་པོ་ཞིག་གིས་ཟང་ཇོ་བོ་ཡེ་ཤུ་ལེ་དད་པ་བྱས་པི་དིག 25ཡང་དེའི་རྗེས་ལེ་པར་ན་པཱ་ཁོ་རང་ཊར་སཱུ་རྒྱལ་ས་ལེ་སོ་ལོ་འཚོལ་དུ་བུད་དི་དིག 26དེ་ནས་ཁོ་བརྙེད་ཕེན་ཚུར་ཨན་ཏི་ཡོག་ཡཱ་རྒྱལ་ས་ལེ་ཁྲིད་དེ། ཁོང་གཉིས་ཀྱིས་ལོ་གཅིག་ཆོས་ཚོགས་དིང་སྐྱེན་འགྲོགས་བྱས་ཏེ་མི་མང་པོ་ཞིག་ལེ་ཆོས་བསྟན་པི་དིག སློབ་མ་ཀྱ་ལེ་ཡེ་ཤུ་པ་ཟེར་རི་མིང་དེ་ནི། དང་པོ་ཨན་ཏི་ཡོག་ཡཱ་རྒྱལ་ས་ལེ་བཏགས་པི་དིག#11.26 གེ་རིག་ཟེར་ལུགས་ནང་ལེ་ཡེ་ཤུ་པ་མི་ཟེར་འོད་དིག ཁི་རིའི་སི་ཐོ་པ་ཟིན་འོད་དིག
པར་ན་པཱ་དིང་སོ་ལོ་ཁོ་གཉིས་ཡེ་རུ་ས་གླིང་རྒྱལ་ས་ལེ་བརྫངས་པ།
27དུས་དེ་རྒྱ་ལུང་སྟོན་པ་ཁ་ཤས་ཤིག་ཡེ་རུ་ས་གླིང་རྒྱལ་ས་ནས་སྨད་ཕྱོགས་ཀྱི་ཨན་ཏི་ཡོག་ཡཱ་རྒྱལ་ས་རུ་སླེབས་འོད་དིག 28ཡང་ཁོང་ཀྱ་ནང་ནས་མི་གཅིག་གི་མིང་ལེ་ཨ་གཱ་པུ་ཟིན་འོད་དིག ཁོང་རང་ཚོགས་པའི་ནང་ནས་ཡར་ལངས་ཏེ། དམ་པའི་ཐུགས་ཉིད་ཀྱི་ནུས་མཐུ་བརྒྱུད་ནས་རོ་མཱ་གོང་མའི་རྒྱལ་ཁབ་ཡེ་རེ་ལེ་མུ་གེ་ཆེན་པོ་ཞིག་འོང་གྱི་དིག་ཟིན་ལུང་བསྟན་པི་དིག (མུ་གེ་དེ་ནི་རོ་མཱ་གོང་མའི་རྒྱལ་པོ་ཀ་ལོ་དཱི་ཟེར་མཁན་ཁོ་རང་རྒྱལ་པོ་ཡིན་དི་དུས་ལེ་ངོ་ཐོག་བྱུང་པི་དིག) 29དེ་ནས་དད་པ་བགྱིད་མཁན་ཀྱ་ཀྱིས་རང་སོ་སོས་ཅི་བགྱིད་ཐུབ་ཚད། ཡ་ཧུ་དཱ་ལུང་པ་ལེ་སྡོད་མཁན་ཆོས་གྲོགས་སྤུ་ཟླ་ཀྱ་ལེ་རོགས་རམ་བགྱིད་རྒྱུ་ཐག་བཅོད་བྱས་པི་མ་ཟད། 30ཁོང་ཀྱ་ཀྱིས་བསྡུས་པའི་ཞལ་འདེབས་དེ་ཟང་ཡེ་རུ་ས་གླིང་རྒྱལ་ས་ལེ་འོད་ཡོད་ཆོས་ཚོགས་ཀྱི་རྒན་མི་ཀྱ་ལེ་གཏོད་དུ་པར་ན་པཱ་དིང་སོ་ལོ་ཁོ་གཉིས་བརྫངས་པི་དིག །
Currently Selected:
མཛད་པ། 11: DLPO
Highlight
Share
Copy

Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.