YouVersion Logo
Search Icon

མཛད་པ། 12

12
ལེའུ་བཅུ་གཉིས།
སྐུ་ཚབ་པེ་ཏྲོ་བཙོན་ཁང་ལེ་བཅུག་པ།
1དེའི་དུས་ལེ་ས་གནས་​རྒྱལ་པོ་​ཧེ་རོ་དཱེ་ཁོས་ཆོས་ཚོགས་ཀྱི་མི་ཁ་ཤས་ལེ་གནོད་འཚེ་སྐྱེལ་རྒྱུ་ཆེད་དུ། དམག་མི་བརྫངས་ཏེ་འཛིན་བཟུང་བགྱིད་དུ་བཅུག་པི་དིག 2རྒྱལ་པོ་ཧེ་རོ་དཱེ་ཁོས་སྐུ་ཚབ་​ཡོ་ཧ་ནན་​གྱི་​ཨ་ཇོ་​ཡ་ཀོབ་ལེ་རལ་གྲིས་​བརྒྱབ་སྟེ་གསོད་དུ་བཅུག་པི་དིག 3དེ་ནས་ཡ་ཧུ་དཱ་པ་​ཀྱ་​ཀྱིས་གནས་ཚུལ་​དེ་​མཐོང་སྟེ​། དགའ་རི་​བགྱིད་འོད་དི་རྒྱལ་པོ་ཧེ་རོ་དཱེ་ཁོས་ཧ་གོ་ཕེན། པེ་ཏྲོ་​ཟང་​འཛིན་བཟུང་བགྱིད་དུ་​བཅུག་​པི་དིག དུས་དེ་ནི་སྐྱུར་​རྩི་མེད་​མེད་སྒོར་ཕྱེ་ཟ་བའི་དུས་ཆེན་​ཡིན་དིག 4ཡང་​སྲོག་ཐར་རི་དུས་ཆེན་​དེ་རྫོགས་​པའི་​རྗེས་ལེ། མི་​ཀྱ་​ཀྱི་མདུན་​ལེ་པེ་ཏྲོ་​འཁྲིད་དེ་ཁྲིམས་​གཏུག་​རྒྱུ་​ཆེད་དུ​། ཧེ་རོ་དཱེ་ཁོས་པེ་ཏྲོ་འཛིན་བཟུང་བྱས་ཏེ་བཙོན་ཁང་ལེ་​བཅུག་པི་མ་ཟད། དམག་མི་​བཅུ་དྲུག་དེ་ཀྱ་ལེ། མི་བཞི་​བཞི་​རེ་མོས་བྱས་ཏེ་སྲུང་​དུ་​བཅུག་​པི་དིག 5ཡང་པེ་ཏྲོ་བཙོན་ཁང་ལེ་འོད་རྒྱ། ཆོས་ཚོགས་​ཀྱིས་​པེ་ཏྲོ་དོན་ལེ་སེམས་གཏིང་ནས་དཀོན་མཆོག་​ལེ་​གསོལ་བ་སྨོན་ལམ་​བཏབ་​པི་​དིག
སྐུ་ཚབ་པེ་ཏྲོ་བཙོན་ཁང་ནས་ཐར་བ།
6དེ་ནས་ཧེ་རོ་དཱེ་ཁོས་​པེ་ཏྲོ་ལེ་​ཁྲིམས་​གཅོད་བགྱིད་རྒྱུ་ཡིན་དི་ཉིན་​མ་དེའི་​མཚན་མོ་ལེ། ཁོའི་རྐང་ལག་ལེ་ལྕགས་ཐག་​གིས་བསྡམས་ཏེ་བོར་ཕེན། ཁོ་རང་དམག་མི་གཉིས་ཀྱི་བར་ཀ་ལེ་གཉིད་​ཤོར་​འོད་དི་མ་ཟད། དམག་མི་གཞན་མ་ཀྱ་​ཀྱིས་​བཙོང་ཁང་གི་རྒྱལ་སྒོ་དེ་​སྲུང་སྟེ་​བསྡད་​འོད་དིག 7དེ་ལོང་མེད་​ཇོ་བོ་དཀོན་མཆོག་​གི་​ཕོ་ཉ་​ཞིག་​མངོན་སུམ་​དུ་​ཕེབས་ཏེ​། པེ་ཏྲོའི་​སྡོད་​སའི་​ཁང་མིག་​ནང་​ལེ་​འོད་ཟེར་ཤར་རི་དིག དེ་ནས་ཕོ་ཉ་དེས་​པེ་ཏྲོ་​ལེ་གཉིད་དཀྲོགས་​ཏེ། མགྱོགས་པོ་​ཡར་​ལོངས་​ཤིག་ཟིན་གསུངས་​ལོང་མེད། ཁོའི་​ལག་ག་ལེ་བསྡམས་​བོར་​རི་​ལྕགས་ཐག་​དེ་གྲོལ་​ལི་དིག 8ཡང་​ཕོ་ཉས་​ཁོ་​ལེ་​སྐ་བོ་བཅིངས་ཤིག ཟོམ་པ་གྱོན་​ཟིན་གསུངས་​ཕེན། པེ་ཏྲོས་​ཟང་ཕོ་ཉས་​ཅི་གསུངས་ཅོག་འདྲ་བྱས་པི་དིག ཡང་ཕོ་ཉས་པེ་ཏྲོ་ལེ། ཁྱོད་ཀྱིས་ཁ་གྱོན་དེ་གྱོན་ཏེ་ངའི་​རྗེས་ལེ་​ཤོག་ཟིན་​གསུངས་​ཕེན། 9ཕོ་ཉའི་རྗེས་ལེ་འབྲངས་ཏེ་བཙོན་ཁང་​ནས་​ཕྱི་ལེ་​ཐོན་​པི་དིག ཡིན་ནའང་། པེ་ཏྲོས་ཕོ་ཉས་ཅི་མཛད་པའི་​དོན་དེ་ལེ་ཡིད་མ་​ཆེས་​ཏེ། འདི་ནི་ཞལ་གཟིགས་ཤིག་​ཡིན་དིག་བསམས་​པི་​དིག 10དེའི་རྗེས་ལེ། ཁོ་​གཉིས་​སྲུང་​དམག་​གི་སྒོ་དང་པོ་​དིང་གཉིས་​པ་ནས་ཐར་ཏེ། རྒྱལ་སྒོའི་​འགྲམ་​ལེ་​སླེབས་ལོང་མེད​། རྒྱལ་སྒོ་​ཆེན་པོ་​དེ་ཟང་སྒོ་བྱེ་​འོངས་ཕེན། ཁོང་​གཉིས་​བཙོན་ཁང་​དེ་ནས་​ཐོན་​ཏེ། རྒྱལ་སའི་སྲང་ལམ་ཞིག་གི་བརྒྱུད་ནས་​འགྲོ་​རྒྱ། ཕོ་ཉ་དེ་མིག་གིས་མཐོང་ས་མེད་མེད་བྱུང་པི་དིག 11དེ་ནས་​པེ་ཏྲོས་​དོན་ཅི་བྱུང་པི་དེ་​ནི་བདེན་པ་​ཡིན་​དི་​ཧ་གོ་​ཕེན། ད་ལྟ་​ཇོ་བོ་དཀོན་མཆོག་​གིས་​ཕོ་ཉ་​བརྫངས་​ཏེ། ཧེ་རོ་དཱེའི་​བཙན་དབང་​དིང་​། ཡ་ཧུ་དཱ་པ་ཀྱ་ཀྱིས་ང་གསོད་རྒྱུ་ལེ་རེ་བ་​བྱས་པི་དེ་ནས་བསྐྱབས་​པི་ངས་ངོ་ཐོག་ཧ་གོ་​བྱུང་​ཟིན་​གཅིག་ལབ་བརྒྱབ་པི་དིག 12དེ་ནས་ཁོས་དོན་​དེ་ཧ་གོ་​ཕེན། ཡོ་ཧ་ནན་མར་ཀུ་​ཟེར་​མཁན་​གྱི་​ཨ་མ་​མིར་ཡམ་​གྱི་​ཁྱིམ་​ལེ་བུད་དི་དིག དུས་དེ་རྒྱ་​དེ་​རུ་​མི་​མང་པོ་​ཞིག་སྐྱེན་ལེ་འཛོམས་​ཏེ་​གསོལ་བ་སྨོན་ལམ་​འདེབས་གིན་​བསྡད་​འོད་དིག 13པེ་ཏྲོས་​ཁྱིམ་​དེའི་​སྒོ་​བརྡུངས་​ཕེན། རོལ་དཱ་​ཟེར་​མཁན་​གཡོག་མོ་མོས་​སྒོ་ཕྱེ་རུ་འོངས་པི་དིག 14ཡང་མོས་​པེ་ཏྲོའི་​སྐད་​ཡིན་​དི་​ཧ་གོ་​ཕེན། དགའ་རི་​འཇུ་གུ་བྱུང་​སྟེ་​སྒོ་ཕྱེ་ལོང་​ཟང་​མ་​བྱུང་སྟེ། ཁྱིམ་ནང་​ལེ་​བརྒྱུགས་​འོངས་​ཏེ། པེ་ཏྲོ་​སྒོ་​རྩ་ལེ་​སླེབས་​འདུག་​ཟིན་སྨྲས་​ཕེན། 15ཁྱིམ་​ནང་​ལེ་​འོད་​ཡོད་​མི་​ཀྱ་​ཀྱིས་​མོ་ལེ། ཁྱོད་​སྨྱོ་​འདུག་​གས་​སྨྲས་​ནའང་​། གཡོག་མོ་​མོས་​ངོ་ཐོག་​ཁོ་རང་​ཡིན་དིག​་ཟིན་​ནན་ཏན་​བྱས་​ཏེ་​སྨྲས་​པི་དིག དེ་ནས་ཁོང་​ཀྱ་​ཀྱིས་མོ་ལེ། འོ་ནེ། ཁོ་རང་​ལེ་​སྲུང་​སྐྱོབ་བགྱིད་མཁན་​ཕོ་ཉ་ཞིག་​ཡིན་​འགྲོ་​སྨྲས་​པི་​དིག 16ད་རུང་​ཟང་པེ་ཏྲོས་​མུ་མཐུད་​དེ་​སྒོ་​བརྡུངས་​ཕེན། སྒོ་​ཕྱེས་ཏེ་​བལྟས་ཕེན། ངོ་ཐོག་པེ་ཏྲོ་​མཐོང་​སྟེ་​ཁོང་​ཀྱ་​ཧ་ལས་​འཇུ་གུ་​བྱུང་​པི་དིག 17དེ་ནས་པེ་ཏྲོས་​ཁོང་​ཀྱ་​ལེ་​ལབ་ཅི་གང་མ་ཟེར་རི་ཟིན་​ལག་​བརྡ་​བྱས་​ཏེ། ཇོ་བོ་དཀོན་མཆོག་​གིས་​ཁོ་རང་​ལེ་​ཅི་གི་བྱས་​ཏེ་​བཙོན་ཁང་​ནས་​ཕྱི་ལེ་​ཁྲིད་​དི་གནས་ཚུལ་​ཁོང་​ཀྱ་​ལེ་​བཤད་​དི་​མ་ཟད​། ཁྱེད་​ཀྱ་​ཀྱིས་​ཟང་གནས་ཚུལ་​དེ་​ཡ་ཀོབ་​དིང་​ཆོས་གྲོགས་​སྤུན་ཟླ་གཞན་མ་ཀྱ་​ལེ་ཤོད་ཅིག་སྨྲས་པའི་རྗེས་ལེ། ཁོ་རང་​ཕྱི་​ལེ་​ཐོན་​ཏེ་​ཡུལ་​གཞན་མ་​ཤིག་​ལེ་​བུད་​དི་​དིག
18དེ་ནས་ནམ་ལངས་པི་རྗེས་ལེ་སྲུང་དམག་ཀྱ་​ཀྱིས་​པེ་ཏྲོ་​ག་ན་​ལེ་​བུད་​མ་བུད་ཧ་​མ་​གོ་སྟེ་ཟང་​ཟིང་​རག་རུག་​བགྱིད་​འོད་དིག 19ཡང་རྒྱལ་པོ་ཧེ་རོ་དཱེ་ཁོས་​ཟང་སྲུང་དམག་ཀྱ་ལེ་བཀའ་གནང་སྟེ། རྩད་གཅོད་བགྱིད་དུ་བཅུག་ནའང་​པེ་ཏྲོ་མ་​བརྙེད་​ཕེན། བཙོན་ཁང་​གི་སྲུང་​དམག་​ཀྱ་​ལེ་​འདྲི་གཅོད་​བྱས་​ནའང་ཧ་མ་གོ་པི་དིག དེ་ནས་དུས་མཐའ་མ་​སྲུང་​དམག་དེ་ཀྱ་​གསོད་​དགོས་པའི་བཀའ་​བཏང་པི་​དིག དེའི་​རྗེས་ལེ་​ཧེ་རོ་དཱེ་ཁོས་ཟང་​ཡ་ཧུ་དཱ་​ལུང་པ་​ནས་ཀེ་སར་ཡཱ་​རྒྱལ་ས་​ལེ་​ཕྱིན་ཏེ་དེ་རུ་གཞིས་​ཆགས་​པི་​དིག
རྒྱལ་པོ་ཧེ་རོ་དཱེ་ཤི་བའི་སྐོར།
20དེ་ནས་​རྒྱལ་པོ་ཧེ་རོ་དཱེ་ཁོ་རང་ནི། ཐཱ་ཨེར་​དིང་​ཚི་དོན་​ཟེར་​རི་​རྒྱལ་སའི་​མི་​ཀྱ་​ལེ་​འཇུ་གུ་ཁྲོས་​པི་​དིག ཡིན་ནའང་། འབྲུ་​རིགས་​ནི་​རྒྱལ་པོ་ཧེ་རོ་དཱེ་​སྡོད་སའི་ལུང་པ་​ནས་​འབྱོར་​གྱོ་འོད་​ཕེན། རྒྱལ་ས་དེ་གཉིས་ཀྱི་དཔོན་པོ་ཀྱ་ཀྱིས་རྒྱལ་པོ་ཧེ་རོ་དཱེའི་བློན་པོ་​པཱ་ལ་སི་ཐོ་​ཟེར་​མཁན་​ཁོང་​དིང་སྐྱེན་ལེ་གྲོས་བསྡུར་བྱས་ཏེ། ཁོང་​ཀྱ་​རྒྱལ་པོའི་​དྲུང་དུ་བློ་སེམས་​གཅིག་​བྱས་ཏེ། ཞི་བདེ་​དིང་མཐུན་འཇམ་བཟོ་རོགས་ཟིན་​རེ་བ་ཞུས་པི་དིག 21ཡང་གྲོས་བསྡུར་བགྱིད་རྒྱུ་ཉིན་མ་​དེ་​སླེབས་རྒྱ། རྒྱལ་པོ་ཧེ་རོ་དཱེ་ཁོས་རྒྱལ་པོའི་ཆས་གོས་གྱོན་ཏེ། ཁྲི་ལྟག་ག་ལེ་​བསྡད་དེ་མི་​ཀྱ་​ལེ་​གཏམ་སྨྲས་པི་དིག 22ཡང་མི་ཀྱ་ཀྱིས་​ཟང་རྒྱལ་པོ་ཧེ་རོ་དཱེ་ལེ། གསུང་སྐད་འདི་ནི། ལྷའི་གསུང་སྐད་མ་མཏོགས་མིའི་གསུང་སྐད་མ་དིག་ཟིན་​སྐད་ཆེན་པོ་རྒྱག་གྱོ་འོད་དིག 23ཡང་རྒྱལ་པོ་ཁོས་མི་ཀྱ་ཀྱིས་རང་ལེ་བསྟོད་ར་བཏང་པི་དེ་ལེ་ཁས་ལེན་བྱས་ཏེ། དཀོན་མཆོག་​ལེ་​བསྟོད་པ་​མ་​ཕུལ་ཕེན། དེ་ལོང་མེད་​ཇོ་བོ་དཀོན་མཆོག་​གི་​ཕོ་ཉ་ཞིག་གིས་​རྒྱལ་པོ་ལེ་​ནད་ཀྱིས་ཉེས་ཆད་བཏང་​ཕེན། ཁོའི་​ཁོག་​ལེ་​འབུ་བརྒྱབ་​ཏེ་​ཤི་​པི་​དིག
24ཡིན་ནའང་​། དཀོན་མཆོག་​གི་​བཀའ་དེ་ནི། རིམ་པ་བཞིན་དུ་​དར་ཞིང་​རྒྱས་འགྲོ་འོད་དིག 25དེ་ནས་​པར་ན་པཱ་​དིང་​སོ་ལོ་​ཁོ་གཉིས་ཀྱི་ལག་ལེ་​བཅོལ་​པའི་​རྒྱུ་ནོར་​ཀྱི་ལས་འགན་དེ་ཀྱ། ཡེ་རུ་​ས་​གླིང་​རྒྱལ་སའི་​ཆོས་​ཚོགས་​ཀྱ་​ལེ་​གཏད་​དི་​རྗེས་​ལེ། ཡོ་ཧ་ནན་​མར་ཀུ་ཁོ་ཟང་འཁྲིད་​དེ་​ཕར་རང་འཇགས་​ཨན་​ཏི་ཡོག་​ཡཱ་རྒྱལ་ས་ལེ་ལོག་​པི་དིག །

Currently Selected:

མཛད་པ། 12: DLPO

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in